Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རིགས་ཞིག་གསོན་གནས་ཐུབ་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་དགོས་པ།

Posted on 2024-02-13 By ཁ་བརྡ་ 1 Comment on མི་རིགས་ཞིག་གསོན་གནས་ཐུབ་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་དགོས་པ།

གཞུང་པ་ཚེ་དབང་བསོད་ནམས།

འཛམ་གླིང་གི་ས་ཆེན་པོ་འདི་ཆགས་པ་ནས་མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་ང་ཚོར་ངོ་འཕྲོད་པ་དེ་མི་རིགས་ཞིག་ཟུར་དུ་འཚོ་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ངོ་མ་དེ་ཡིན་པ་ནས་ང་ཚོ་བོད་མི་རིགས་འདི་ཡང་སྤྱི་ལོ་༡༩༥༩ བར་བོད་མི་རིགས་འདི་འཛམ་གླིང་གི་ལུང་པ་གཞན་གྱིས་སྐད་ཡིག་དང་རིག་གཞུང་སོགས་འདྲེས་ལྷད་མེད་པ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བོད་མི་རིགས་དང་བཅས་པ་འཛམ་གླིང་འདིའི་སྟེང་འཚོ་བཞིན་པ་ནས་སྤྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་བཙན་བཟུང་གིས་བོད་མི་གཞིས་བྱེས་གཉིས་སུ་ཁ་གྱེས་ནས་བོད་ནང་ཡོད་པའི་བོད་མི་ཚོ་རྒྱ་མིའི་བཙན་གནོན་འོག་སྒོ་གསུམ་རང་དབང་དང་བཅས་པ་ཤོར་ནས་མི་ལོ་བཅུ་ཕྲག་དྲུག་འགྲོ་བཞིན་པ་དང་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་འཛམ་གླིང་གི་ལུང་པ་མང་པོའི་ནང་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་སྒེར་གྱི་འཚོ་བ་ལ་འགན་སྲུང་འོག་འཚོ་བཞིན་པ་ནས་ཕ་མེས་ནས་བརྒྱུད་པའི་བོད་མིའི་སྐད་ཡིག་དང་རིག་གཞུང་ལ་བདག་ཉར་བྱ་སའི་འཁོར་ཡུག་མེད་པ་ནས་འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ལྷག་ཙམ་ནང་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཉམས་ཆགས་ཆེན་པོ་ཐེབ་ཡོད་པ་ནས་ད་དུང་ལོ་དྲུག་བཅུ་ལྷག་ཙམ་བོད་མི་གཞིས་བྱེས་གཉིས་ད་ལྟའི་གནས་སྟངས་འདི་མུར་ལྷག་ཚེ་བོད་མིའི་སྐད་ཡིག་དང་རིག་གཞུང་ཕར་བཞག་བོད་མི་རིགས་འདི་ཆགས་འཇིག་གི་མཚམས་སུ་མི་སླེབ་པའི་ངེས་པ་མེད་པ་ནས་གལ་ཆེ་ཤོས་དེ་སྐད་ཡིག་དང་རིག་གཞུང་ལ་བདག་པོ་རྒྱབ་མཁན་གྱི་མི་རིགས་དེ་མི་རིགས་གཞན་དང་མ་འདྲེས་པ་ཟུར་དུ་འཚོ་དགོས་པ་ནས་མི་རིགས་སྲུང་སྐྱོབས་ཀྱི་ལས་འཆར་དེ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཀྱི་སྔོན་དུ་འགྲོ་དགོས་པ་དེ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་འགྲོ་བ་མིའི་ཚེ་སྲོག་སྐྱོབས་ཐུབ་པའི་སངས་རྒྱས་ཀྱི་གསུང་བཀའ་བསྟན་ཡོངས་རྫོགས་ལ་བདག་ཉར་ཐུབ་པའི་སྐད་ཡིག་ཞིག་ཡིན་པ་མ་ཟད་ཚེ་འདི་ཕྱི་གཉིས་ལ་ལམ་སྟོན་ཐུབ་མཁན་གྱི་སྐད་ཡིག་ཞིག་ཡིན་པ་ནས་བོད་ཀྱི་སྐད་ཡིག་དང་བོད་མིའི་རིག་གཞུང་ལ་བདག་ཉར་བྱ་རྒྱུའི་འགན་དེ་བོད་མི་རང་ཉིད་ལ་ཡོད་པ་ལས་གཞན་མི་རིགས་སུ་གཅིག་ལའང་མེད་པ་དེ་ཤེས་པའི་ཐོག་ནས་སོ་སོའི་སྐད་ཡིག་ལ་བདག་ཉར་བྱ་རྒྱུ་དང་རྒྱུན་དུ་ཉིན་རེ་ཉིན་རེའི་ཁྱིམ་ཚང་སོ་སོའི་འཚོ་བའི་ནང་བེད་སྤྱོད་གཅོད་གནང་དགོས་པ་ལས་ཚེས་བཟང་དང་དུས་བཟང་ལ་བོད་ཟས་ཟ་རྒྱུ་དང་། བོད་སྐད་བཤོད་རྒྱུ། བོད་ཡིག་འབྲི་རྒྱུ། བོད་གོས་གྱོན་རྒྱུ་དང་བོད་པའི་གླུ་གཞས་ཁྲབ་རྒྱུ་སོགས་དེ་ཙམ་གྱིས་བོད་པའི་སྐད་ཡིག་དང་རིག་གཞུང་ལ་དུས་ནམ་ཡང་སྲུང་སྐྱོབས་མི་ཐུབ་པ་ནས་ཉིན་རེ་ཉིན་རེའི་འཚོ་བའི་ནང་རྒྱུན་དུ་བོད་ཟས་ཟ་རྒྱུ་དང་། བོད་སྐད་བཤོད་རྒྱུ། བོད་ཡིག་འབྲི་རྒྱུ། བོད་ཆས་གྱོན་རྒྱུ་སོགས་བརྒྱུད་ནས་བོད་མི་རིགས་གསོན་གནས་དགོས་པ་དེ་ཡང་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་བྱ་རྒྱུའི་སྔོན་དུ་བོད་མི་རིགས་ལ་སྲུང་སྐྱོབས་བྱ་རྒྱུའི་ལས་འཆར་དེ་སྔོན་འཐོན་བྱས་ནས་འགྲོ་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད། ད་ལྟའི་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོའི་གནས་སྟངས་དེ་ཛ་དྲག་ངང་ཡོད་པ་དེ་བོད་མི་ཚང་མས་མཁྱེན་པ་གནང་ནས་བོད་མིའི་ངོ་བོ་མ་རླགས་པའི་ཆེད་བོད་མི་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་རིག་གཞུང་གསོན་གནས་བརྒྱུད་ནས་བོད་མི་རིགས་འདི་འཇིག་རྟེན་འདིའི་སྟེང་འཚོ་ཐུབ་པའི་འགན་དེ་བོད་མི་མི་རེ་ངོ་རེར་ཡོད་པ་དེ་དུས་ནམ་ཡང་བརྗེད་མི་ཉན་ནོ།

ངོ་སྤྲོད།

Post navigation

Previous Post: ཉི་ཤུ་དགུ་གི་དགུ་ཐུག་སྐོར་ལ་དཔྱད་པའི་གཏམ།
Next Post: གྲོས་ཚོགས་གསར་བརྗེའི་ཐབས་ལ་བརྟེན་ནས་མང་གཙོའི་ཀ་བ་གསུམ་རྒྱུན་གནས་ཐུབ་པ་བྱ་དགོས།

Comments (1) on “མི་རིགས་ཞིག་གསོན་གནས་ཐུབ་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་དགོས་པ།”

  1. ཚེ་བརྟན་འགྱུར་མེད། says:
    2024-02-17 at 12:51 pm

    གཞུང་པ་ཚེ་དབང་ལགས། སྐུ་ཉིད་ནས་དྲ་ལམ་འདི་ཐོག་དགོང་ཚུལ་མང་པོ་སྤེལ་གྱིན་འདུག་པ་ཀློག་ཐབས་ཞུ་ཡི་ཡོད། ང་ལ་བསམ་འཆར་ཞིག་ཡོད་པ་ད་རིང་ཕུལ་འདོད་བྱུང་། ཁྱིད་ཀྱི་རྩོམ་དག་ཡིག་སྟར་མང་བའི་དཀའ་གནད་ལས་དོན་ཆ་ཚང་བ་ཞིག་ངེས་ཆུབ་ཡོད་རྒྱུར་གནོད་མིན་ནམ་བསམ། དཔེ་ན། གོང་རྩོམ་འཛམ་གླིང་གི་ས་ཆེན་་་་་་་་་་་ངོས་འཛིན་ཞུ་གི་ཡོད། བར་ཡིག་སྟར་བཅིུག་ལ་ཚིག་བཅད་ཅིག་ལས་མིན་འདུག དམའ་ཐར་ཡང་བར་བཅད་བཤད་གཉིས་གསུམ་ཞིག་བྱུང་ན་ལེགས་པ་དང་ཕན་མི་ཆེའམ་སྙམ་ལགས།
    རིགས་གཞུང་མི་ཉམས་བརྒྱུད་འཛིན་ཞུ་རྒྱུ་གལ་ཆེ་ཡིན་པ་མི་མང་མས་བསམ་གྲོལ་རེད། ཐབས་སྡུག་པའི་གནས་འདིར་རིགས་གཞུང་གི་ཆ་ཙམ་དང་ལེན་པར་ཡང་ཆེ་བསྟོད་ཕུལ་ནས་དེ་ལས་བཟང་ཕྱོགས་སུ་ཁ་པྱོགས་ཐབས་ཞུས་ན་དགེ་དལ་གྱི་ལམ་ཞིག་མིན་ནམ་བསམ་བཞིན་པའི་དགོང་དཔྱད་ཞུ།

    གསར་སྟོད་དར་པའི་དུས། ལོ་སར། སྤེལ་གྱིན། ཉི་ཤུ་དགུ་གི་དགུ་གླུད། འགྲོ་གི། སོགས་མང་པོ་ཞིག་ཐོན་མི་སམ་བྷོ་ཌའི་བརྩམས་པའི་བོད་ཡིག་གི་འགྲོ་ལུགས་ཕལ་ཆེར་ཨ་ཡིན། ཡིན་ཀྱང་རིགས་གཞུང་ལ་ཆེ་བསྟོད་དང་མི་ཉམས་གོང་འཕེལ་དགོས་གལ་གྲོལ་མཁན་མང་པོས་དང་ལིན་གྱིས་བེད་སྤྱོད་ཀྱི་འདུག་པ་ཅི་མི་ཤེས། བོད་གཞས་གཏང་ནས་ཨིན་ཇིའི་གཞས་ཌན་སེ་རྒྱབ་པའམ་བོད་སྐད་མཉམ་ཡུལ་ལུང་གཞན་གྱི་ཚིག་དཔྱད་ན་རིགས་གཞུང་གནོད་པའི་གསལ་བཤད་གནང་ན་མཁྱེན་འཚར་མིན་འདུག་གམ། རིགས་གཞུང་མི་ཉམས་གོང་འཕེལ་དེ་འཐུས་ཚང་པ་ཞིག་གནང་རྒྱུ་གལ་ཆེ་ཡང་གནད་དོན་ཤེས་མཁན་གྱི་གསར་སྟོད་ལ་དང་ལེན་ཞུས་ཆེ་ན་མ་དག་རྒྱུན་འཛིན་me ཡོང་ངམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme