Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རིགས་དབྱེ་འབྱེད།

Posted on 2008-06-28 By དབང་ཕྱུག་ 3 Comments on མི་རིགས་དབྱེ་འབྱེད།


གོང་གི་པར་འདིའི་ཡོང་ཁུངས་བོད་ནང་གི་རྩོམ་པ་པོ་ག་གེ་མོ་ཞིག་གི་ཟིན་བྲིས་ཡིན། འདི་ནི་དེང་སྐབས་ལྷ་སའི་གྲོང་ཁྱེར་ནང་གི་མི་རིགས་དབྱེ་འབྱེད་བྱེད་ཀྱིན་པའི་དཔང་རྟགས་རི་འདྲ་བོ་ཞིག་ཡིན་ན། སྐུ་ཉིད་ལ་འདིའི་ཐད་བསམ་ཚུལ་ཅི་འདྲ་འདུག་གམ། ནང་དོན་ནི་བོད་པ་ལས་ཀ་བ་ཚོར་ཉིན་རེར་ལས་གླ་རྒྱ་སྒོར་ ༣༠ དང་རྒྱ་མི་ལས་ཀ་བ་ཚོར་ཉིན་རེར་ལས་གླ་རྒྱ་སྒོར་ ༥༠ རེ་ཡིན་ཞེས་བྲིས་འདུག

གསར་འགྱུར།

Post navigation

Previous Post: ཨོ་ལིམ་ཕི་ཁུ་ལས་འཕྲོས་བའི་ཁ་བརྡ།
Next Post: དྲི་བ་གལ་ཆེན་ཞིག

Comments (3) on “མི་རིགས་དབྱེ་འབྱེད།”

  1. ཟུར་བལྟ། says:
    2008-06-28 at 6:16 pm

    བོད་ནང་ལ་རྒྱུན་སྡོད་བྱེད་མཁན་གྱི་བོད་པ་ཞིག་ལ་ཆ་མཚོན་ན་གནས་ཚུལ་དེ་རྩ་བ་ནས་ཐབས་སྡུག་མ་རེད། ཚོང་བའི་བདག་པོ་དེས་བོད་པར་བསམ་གཞིགས་བྱས་ནས་སྒོར་༣༠་སྤྲོད་ཀྱི་ཡིན་ཟེར་སྟབས་ཁོང་མི་སྡུག་པ་མ་རེད།

    དེ་མིན་ལྷ་སར་བོད་མིར་མཐོང་ཆུང་བྱེད་མཁན་གཙོ་བོ་དེ་ཚོ་བོད་པ་རེད་འདུག དཔེར་ན། བོད་པའི་ནང་ལ་ཤིང་ཆས་ཞིག་བཟོ་དགོས་ན་རྒྱ་མིའི་ཤིང་བཟོ་བ་གདན་འདྲེན་ཞུ་བ་ལས་བོད་པའི་ཤིང་བཟོ་བ་སྐད་གཏོང་བའི་སྲོལ་མིན་འདུག བོད་པའི་ཁང་པ་རྒྱག་མཁན་མང་ཆེ་པ་རྒྱ་མི་རེད། བོད་པ་ཚོས་བོད་པར་མཐོང་ཆུང་བྱས་ནས་རྩ་བ་ནས་བོད་པར་ལས་ཀ་སྤྲོད་ཀྱི་མེད།

    ངས་བལྟས་ན་རྒྱ་མིའི་ཚོང་པ་དེ་བོད་པར་ཤ་ཚ་ཏོག་ཙམ་ཡོད་མཁན་ཞིག་རེད་འདུག བྱས་ཙང་དེ་ལ་མི་དགའ་བ་མ་བྱེད་རོགས། ཁོས་སྡུག་ཤོས་བོད་པར་ལས་ཀ་ཞིག་དང་དངུལ་སྤྲོད་ཀྱི་ཡོད། དེ་མིན་བོད་པ་མང་ཆེ་བས་བོད་པར་ལས་ཀ་རྩ་བ་ནས་སྤྲོད་ཀྱི་མེད། ཁོང་ཚོར་ཁྱོད་ག་རེ་ཤོད་རྩིས་ཡོད། ངས་དཔེ་ཞིག་ཤོད་རྒྱུར། ལྷ་སར་བོད་པ་ཁྱིམ་ཚང་མང་ཆེ་བའི་ནང་ལ་བུ་རྫི་བ་ཉར་ཡོད། དེ་ཚོར་ཟླ་བ་གཅིག་ལ་སྒོར་༡༠༠ལས་སྤྲོད་ཀྱི་མེད། ད་དུང་ཉེས་བརྡུང་དང་ཐུབ་ཚོད་མང་པོ་མྱོང་དགོས། རྒྱ་མི་དེས་ཉིན་གཅིག་ལ་སྒོར་༣༠་སྤྲོད་སྟབས་ཟླ་བ་གཅིག་ལ་སྒོར་༩༠༠རེད། བོད་པ་ཉམས་ཐག་པ་ཚོར་མཚོན་ན་རྒྱ་རིགས་དེར་དགའ་མོས་བྱ་ཡུལ་རེད། 

  2. མགོན་པོ་ཕྱག་གཉིས་པ། says:
    2008-06-28 at 8:48 pm

    འདི་ངས་སྔོན་མ་ཞིག་ནས་ག་ཤེད་ཅིག་ཏུ་མཐོང་བྱུང་། མི་རིགས་དབྱེ་འབྱེད་ཀྱི་དཔང་རྟགས་གཞན་མང་པོ་ལས་སླ་པོར་རྙེད་ཐུབ། དཔེ་བཞག་ན། འགེངས་ཤོག་དང་ལག་ཁྱེར་སོགས་གཞུང་གི་ཡིག་ཆ་ཕལ་ཆེ་བའི་ནང་། མི་རིགས་གང་ཡིན་འབྲི་དགོས་པ་དེ་ཡང་མི་རིགས་དབྱེ་འབྱེད་རེད། ཁེ་ན་ཌ་ལྟ་བུར་མཚོན་ན། གལ་སྲིད་མི་ཞིག་ལས་ཀ་འཚོལ་ཏུ་ཕྱིན་ན། སྦྱིན་བདག་གིས་ཁྱེད་རང་རྒྱལ་ཁབ་གང་ནས་ཡིན་ཞེས་དྲིས་ན་དེ་ནི་ཁྲིམས་འགལ་དང་མི་རིགས་དབྱེ་འབྱེད་ཡིན་པ་རེད། ཁྱེད་རང་གིས་སྐད་གང་ཤོད་ཀྱི་ཡོད་ཅེས་དྲིས་ན་ཁྲིམས་མཐུན་རེད།
    ལོ་ཤས་ཀྱི་སྔོན། ངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ལས་མི་ཞིག་དགོས་པའི་ཁྱབ་བསྒྲགས་ཤིག་མཐོང་བར་དེའི་ནང་བོད་མི་ཞིག་དགོས་ཞེས་བཀོད་འདུག དེ་ངས་ཡག་པོ་མཐོང་མ་སོང་། མི་རིགས་དབྱེ་འབྱེད་རེད། བོད་ཡིག་བོད་སྐད་ཤེས་པ་དང་བོད་ཀྱི་གནས་སྟངས་ཤེས་པ་ལྟ་བུའི་ཚང་དགོས་པའི་ཆ་རྐྱེན་བཀོད་པ་ཡིན་ན་ལན་པོར་མཐོང་། འབབ་ས་དེ་ཕལ་ཆེར་བོད་མི་ཞིག་གི་ཐོག་ཏུ་འབབ་རྒྱུ་ཡིན་པས་དེ་ལ་ཁྱད་པར་མེད་པ་ལྟ་བུར་མཐོང་སྲིད་ཀྱང་ཁྲིམས་ཐོག་ནས་དེ་ལ་ཁྱད་པར་ཞིག་ཡོད་པ་འདྲ།

  3. གཡང་སྐྱབས་རྒྱལ། says:
    2008-06-29 at 11:11 am

    ག་གེ་མོ་དང་ཆེ་གེ་མོ།
    འདིར་རྩོམ་པ་པོ་ག་གེ་མོ་ཞེས་བྲིས་འདུག ངས་གོ་ཐོས་ལ་གང་ཟག་ལ་ཆེ་གེ་མོ་འབྲི་ཞིང་། ས་ཆ་ལ་ག་གེ་མོ་འབྲི་ཞེས་གསུངས། དོན་ཆུང་འདི་དག་ལ་ཡང་ཐུགས་སྣང་གནང་དགོས་རྒྱུ་འདུག་སྙམ། དེང་སང་ཡོངས་གྲགས་ཀྱི་དབྱིན་བོད་ཚིག་མཛོད་ཅིག་ཏུ་ ག་གེ་མོ་ཞེས་པ་ནི་བོད་ནང་གི་ས་ཆ་ཞིག་རེད་ཅེས་བྲིས་འདུག དེ་ཙམ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme