Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རབས་གསུམ་པའི་རྩོམ་རིག་འདུ་ཚོགས་སྐབས་བརྒྱད་པ་རེབ་གོང་ནས་ཚོགས་པ།

Posted on 2014-12-04 By ཁ་བརྡ 4 Comments on མི་རབས་གསུམ་པའི་རྩོམ་རིག་འདུ་ཚོགས་སྐབས་བརྒྱད་པ་རེབ་གོང་ནས་ཚོགས་པ།

རྩོམ་པ་པོ། ས་དཀྱིལ་ཚེ་བཀྲ།   འཇིགས་མེད་ཀྱིས་འོས་སྦྱོར་བྱས།

 འཁྱག་གྲང་གི་ནམ་ཟླས་ས་ཆེན་གྱི་གསུས་ཁོག་གཤགས་ཤིང་ལྗང་ནེམ་གྱི་ལོ་མ་དགུན་གཞུང་གི་བྲང་ལ་འབྱར་བའི་སྐབས་འདིར། སྙན་ངག་གི་ཚོར་བ་སྐྱེན་པའི་མི་ཕོ་སྐོར་ཞིག་གསེར་གྱི་གྲུ་གུ་སྒྲིལ་བ་བཞིན་རེབ་གོང་རིག་འབྱུང་གྲོང་དུ་འཛོམས་བྱུང་སྟེ། 
བོད་པའི་སྙན་ངག་གི་ཚོགས་པ་གསར་བ་མི་རབས་གསུམ་པའི་རྩོམ་རིག་འདུ་ཚོགས་སྐབས་བརྒྱད་པ་དང་《མི་རབས་གསུམ་པ》སྤྱིའི་འདོན་ཐེངས་ལྔ་བ་འགྲེམ་སྤེལ་མཛད་སྒོ་སྤྱི་ཟླ11པའི་ཚེས་29དང30ཉིན་བར་རེབ་གོང་ནས་ཚོགས་པ།2088f616e8a94cc51123659319566c4c


       དང་པོ། སྐབས་དོན།
    འདུ་ཚོགས་ལ་མི་རབས་གསུམ་པའི་སྙན་ངག་པ་འབྲོང་ཕྲུག་སོགས་ཚོགས་མི་བདུན་ཞུགས་ཡོད་པ་དང་། བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ་སོགས་རྩོམ་འབྲིའི་ལས་ཀར་དགའ་མོས་ཟབ་པའི་མི་སྣ་བཅུ་ཕྲག་ཙམ་རེབ་འདིའི་འདུ་ཚོགས་ཀྱི་བར་གསེང་གང་རུང་དུ་མཉམ་ཞུགས་བྱས་པ་དང་། ལས་བྲེལ་གྱི་བར་གསེང་ནས་ཚོགས་ཞུགས་མ་ཐུབ་པའི་ཚོགས་མི་དག་གིས་ཁ་པར་སོགས་ཀྱི་ལམ་ནས་སྙན་ངག་གྱེར་འདོན་དང་རེབ་འདིའི་འདུ་ཚོགས་ལ་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ། 
       ཚོགས་འདུའི་སྟེང་། མི་རབས་གསུམ་པའི་ཚོགས་གཙོ་གུ་རུ་དོན་གྲུབ་གྱིས“ང་ཚོས་ངེས་པར་དུ་འཛམ་གླིང་རྩོམ་རིག་དང་ནང་སྒོས་སུ་འཛམ་གླིང་སྙན་ངག་གི་ཐད་ལ་ཤུགས་བརྒྱབ་སྟེ། སྙན་ངག་གཙོ་བྱས་རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་དཔེ་ཀློག་དང་བློ་གྲོས། ཉམས་མྱོང་། ཐབས་ཤེས་བཅས་ལ་མ་བརྟེན་པར་འབྱུང་དཀའ།” ཞེས་ཚོགས་པའི་སྙན་ངག་གི་གསར་རྩོམ་དང་སྒྲིག་གཞི། བསམ་བློ་སོགས་ཀྱི་ཐད་རང་གི་བསམ་ཚུལ་དང་རེ་བ་ནན་མོ་བཏོན། 
     ཚོགས་མི་རེ་རེའི་ངོས་ནས་ང་ཚོ་ལ་མཚོན་ན་ནི་རྩོམ་རིག་ལ་ཆེས་ཆེར་དུངས་ཤིང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་འགན་ཁུར་ལྕི་མོ་འདེགས་མཁན་དག་ཡིན་པས། ང་ཚོ་ནི་རྩོམ་རིག་གསར་རྩོམ་དང་ཁ་འབྲལ་མི་རུང་ལ། ལྷག་དོན་ཕན་འབྲས་ངེས་ཅན་ལྡན་པའི་རྩོམ་རིག་ཡིག་སྒྱུར་ལ་ཁ་འབྲལ་མི་རུང་སྟེ། རྩོམ་རིག་ཡིག་སྒྱུར་ལ་མཛེས་དཔྱོད་ཀྱི་གོ་རིམ་དང་རིག་གནས་ཀྱི་མཐོང་རྒྱ། བསམ་བློ་ཡི་མཐོ་ཚད་བཅས་ལྡན་པར་བརྟེན། ང་ཚོས་གསར་རྩོམ་དང་སྒྱུ་རྩལ་བློ་སྦྱོང་མཐོ་ལ། སྤོབས་པ་དང་དགའ་མོས་བརྟན་ཞིང་། སྙན་ངག་གསར་རྩོམ་གྱི་བྱ་བར་ཡོད་ཚད་བློས་གཏོང་ཐུབ་པའི་གདེང་ཚོད་ཀྱི་མངའ་བརྙེས་པའི་སྐོར་གྱི་གཏམ་བཤད་དང་བགྲོ་གླེང་ལ་འཁྲུག་ཆ་དོད་པོ་བྱུང་།

     གཉིས་པ། འདུ་ཚོགས་ཀྱི་སྐབས་སུ་གྲོས་ཐག་བཅད་པའི་དོན་བྱ་འགའ།
༡. རྗེས་མར《མི་རབས་གསུམ་པ》ཞེས་པའི་རྩོམ་དེབ་གཞུང་གི་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱ་རྒྱུར་ནུས་ཤུགས་འདོན་རྒྱུ། 
༢. དབྱིན་འགྱུར་དེབ་《མི་རབས་གསུམ་པ》ཞེས་པ་ལོ་ཙཱ་བ་ཆེ་གེ་མོ་ལ་བསྒྱུར་རྒྱུའི་པར་དབང་བསྩལ་བ། 
༣. ཚོགས་ཐེངས་རེ་རེ་བཞིན་དེང་རབས་སྙན་ངག་གསར་རྩོམ་མཁན་གྱི་བོད་ཀྱི་སྙན་ངག་པ་བདུན་ལ་སྙན་ངག་པ་དངོས་ཀྱི་མཚན་སྙན་གནང་རྒྱུ།
༤. མི་རབས་གསུམ་པའི་འདུ་ཚོགས་སྐབས་རྗེས་མ་བོད་ཀྱི་སློབ་ཆེན་ཁག་ནས་ལོ་རེར་རེས་མོས་སུ་འཚོག་རྒྱུ་ཡིན་པ་བཅས་སོ།།
གསུམ་པ། རྩོམ་དེབ་འགྲེམ་སྤེལ།
《མི་རབས་གསུམ་པ》འདོན་ཐེངས་ལྔ་བ་ནི་སྔར་ལོ་དག་གི་དེབ་ཕྲེང་དང་མི་འདྲ་བར་འཛམ་གླིང་གི་སྙན་ངག་པ་དང་གཏམ་བརྗོད་གྲགས་ཅན་ངོ་སྤྲོད་བརྒྱུད། རྩོམ་རིག་གི་རྒྱུ་སྤུས་དང་པར་ངོས་ཇུས་འགོད། སྒྱུར་རྩོམ་གྱི་བྱང་ཚད། ལེ་ཚན་བཀོད་སྒྲིག་སོགས་ཕྱོགས་ཡོངས་ནས་ཐོལ་བརྒལ་གྱི་རང་བཞིན་ལྡན་པའི་དེབ་ཕྲེང་ལེགས་ཤོས་ཤིག་འཁུམས་ནས་ཡོད་པས་ཉར་ཚགས་ཀྱི་རིན་ཐང་དང་ལྡན་ནས་ཡོད་པ་རེད།
བཞི། འདུ་ཚོགས་ཀྱི་བར་གསེང།
འཚོ་བ་ནི་རང་གཞན་ཀུན་ཡར་ཐོན་དང་དགེ་ཕྱོགས། མཛེས་པའི་ཐད་དུ་སྣེ་ཁྲིད་བྱས་ནས་ཐོན་པས་ན། གསར་རྩོམ་གྱི་ཉམས་མྱོང་བརྗེ་རེས་ཁྲོད་ཉིང་བཅུད་བཞིབས་ཤིང་ཡིད་ཆེས་ཐོབ་པ། རང་ཚུགས་བརྟན་པ་བཅས་གྲུབ་པར་མཛད་པའི་མཚུངས་སུ། ཕན་ཚུན་གྱི་འབྲེལ་འདྲིས་ཁྲོད་དུ་སྤྲོས་བརྗོད་བྱེད་ཤེས་པ་ནས་གཟབ་ནན་བྱེད་ནུས་པ། རང་དང་གཞན་ལ་རོལ་མྱོང་བྱེད་པར་འདུ་ཚོར་དང་ལྷོད་གཡེང་གི་འཚོ་བ་བསྐྱེད་དགོས་པར་བརྟེན། འདུ་ཚོགས་ཀྱི་བར་གསེང་ནས་དེང་རབས་གླུ་གཞས་ཁང་གི་རོལ་མོའི་གདངས་ཆ་དང་ལྷན་དུ། གནམ་གཡོ། ས་འགུལ། ང་རང་ཚོ་སྨྱོས་པའི་ཆ་བྱད་ཀྱིས་ཆང་དང་སྙན་ངག་གི་མཚན་མོར་རོལ་ཅིང་། ཚོགས་མི་

རེ་རེས་ལྡེམ་མྱུར་ཞབས་བྲོ་བརྒྱབ་པ་དང་གཞས་མ་གཏམ་གྱི་སྙན་ངག་གྱེར་འདོན་བྱས་པ་དེས་དེང་རབས་ལུགས་ཀྱི་སྙན་ངག་གྱེར་ཚུལ་ཞིག་གསར་གཏོད་བྱས་པའི་ཀུ་རེ་ཡི་བཟོ་ཞིག་ཞོར་ནས་ཐོན།
རེབ་འདིའི་དང་བླངས་ལས་མི། མར་ཁུ་རྒྱལ་མཚན།      ཐོ་རེངས།
19b3f54d43b655dea38b53d2f2059196

སྤྱིའི་དེབ་གྲངས་ལྔ་བའི་ལག་བསྟར་རྩོམ་སྒྲིག་པ་མར་ཁུ་རྒྱལ་མཚན་གྱིས་རྩོམ་སྒྲིག་གི་གོ་རིམ་ངོ་སྤྲོད་ཀྱིན་པ།

ཚོགས་འདུའི་ལས་རིམ་དང་པོ།    སྤྱིའི་དེབ་གྲངས་ལྔ་བ་དང་འབྲེལ་བའི་གཏམ་བཤད།

གཏམ་བཤད་པ།  མར་ཁུ་རྒྱལ་མཚན།

    གཏམ་བཤད་ཀྱི་ནང་དོན་མདོར་བསྡུས།     རེབ་འདིའི་དེབ་ཀྱི་ནང་དུ་བཞག་པའི་འཛམ་གླིང་སྙན་ངག་པ་དག་གི་འགྱུར་རྩོམ་ལ་ཚོགས་མི་ནང་ཁུལ་དུ་བསམ་ཚུལ་མི་གཅིག་པ་མང་པོ་བྱུང་ཡོད་ནའང་།  གཙོ་ཆེར་སྙན་ངག་གསར་རྩོམ་ལ་འབད་པ་ལྷོད་མེད་བྱེད་ཀྱིན་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་གྲྭ་བ།  སྤྱི་ཚོགས་ཤེས་ལྡན་མི་སྣ་དག་ལ་བོད་རང་སྐད་ཀྱི་ལམ་ནས་ངོ་སྤྲོད་བྱེད་པ་ལ་དེང་རབས་སྙན་ངག་གི་ཆུ་མགོ་ལྟ་བུར་གྱུར་ཡོད་པའི་ཧྥ་རན་སིའི་སྙན་ངག་པ་བྷོ་སྒྲིར་ལེར་དང་རམ་བྷོ།  ཨ་རིིའི་མི་རྒྱུད་ནག་པོའི་སྙན་ངག་པ་སྐད་གྲགས་ཅན་ལིང་སི་ཐྲིན་ཧུག་སི་དང་རྒྱ་ནག་གི་རྩོད་གཞི་ཆེ་བའི་སྙན་ངག་པ་པའེ་ཏའོ་སོགས་གལ་གནད་དུ་བཟུང་སྟེ་དེ་དག་གི་ཚབ་མཚོན་བརྩམས་ཆོས་རྣམས་ལོ་ཙྰ་བྱས་ཡོད་པ་དང་།   གཞན་ཡང་སྙན་ངག་པ་ཕོའན་ངྷི་དང་ཨའེ་ལོན་ཅིན་སི་བྷོ་སོགས་ཀྱི་རྣམ་ཐར་དང་གཞུང་དོན་ངོ་སྤྲོད་པ་སོགས་གང་ལ་གང་འཚམས་ཀྱི་ཇུས་གཞི་འདྲ་བཏོན་པ་ཡིན་མོད།  ང་ཚོའི་བྱང་ཚད་དང་སྐད་རིགས་སྣ་ཚོགས་པ་ཞིག་མི་ཤེས་པའི་བཀག་རྐྱེན་གྱི་དབང་གིས་དེ་དག་གཅིག་ཤེས་ཀུན་གྲོལ་ཞིག་ཏུ་བརྗོད་ཐབས་མེད་ནའང་།  ངོས་ནས་རང་གི་ཆེད་ལས་ཤིག་དང་འགན་མོས་ཤིག་གི་ཀུན་སློང་བཟང་བོ་དེས་མ་འོངས་པའི་རྩོམ་པ་པོ་དང་སྙན་ངག་པ་དག་ལ་ལོ་རྒྱུས་ཀྱི་ཟུར་ལྟའི་དཔྱད་གཞི་འདྲ་བོ་འདྲ་བོ་ཞིག་མཁོ་སྤྲོད་བྱས་ཡོད་སྙམ་པའི་ཕན་སེམས་བཅངས་ནས་ཡོད་པ་ལ་འདིར་འདུས་ཀྱི་ཚོགས་མི་རྣམས་པ་དང་ཕྱིས་ཀྱི་ཀློག་པ་པོ་དག་གིས་བསམ་ཤེས་གནང་རྒྱུའི་སྐྱབས་འཇུག་ཞུས་པ་ཡིན་ཟེར།

ཚོགས་འདུའི་ལས་རིམ་གཉིས་པ།  གཏམ་བཤད།

 གཏམ་བཤད་པ།  གུ་རུ་དོན་གྲུབ།

     19cb190fc45a4b31692ad9469f7b79fd

  ཐོག་མར་《མི་རབས་གསུམ་པ》སྤྱིའི་དེབ་ཕྲེང་ལྔ་པ་དཔར་བསྐྲུན་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ་བ་དང་མཉམ་དུ། ཐེངས་འདིའི་དཔར་བསྐྲུན་འགན་ཁུར་མི་སྣ་གཙོ་བོ་མར་ཁུ་རྒྱལ་མཚན་དང་ཐོ་རངས་གཉིས་དང་། ཁོ་གཉིས་ལ་དཔེ་དེབ་ཇུས་འགོད་སོགས་ཀྱི་རམ་འདེགས་རོགས་སྐྱོར་གནང་མཁན་གྱི་གྲོགས་ཚེ་རིང་འབུམ་དང་དཀོན་མཆོག་གཉིས་ལའང་སེམས་གཏིང་ནས་བཀའ་དྲིན་ཞུ་བ་ཡིན།
ད་ཐེངས་ཀྱི་ཚོགས་འདུ་འདི་གློ་བུར་བ་ཡིན་པས། རྒྱུན་ཞུགས་མི་སྣ་ཁུ་བྱུག་སྔོན་མོ་ཐོན་མེད་པ་དང་། དེ་མིན་ནམ་ཡང་ཐོན་དཀའ་བའི་ལྷ་ས་བ་གཉིས་ཀའང་དུས་ལྟར་ཐོན་མེད་པས་སེམས་ཀྱི་གཏིང་ནས་ཅུང་སྟོང་སྟོང་གི་ཚོར་བ་ཞིག་སྐྱེས་སོང་།
ཉེ་བའི་ལོ་འདི་དག་ལ་ཕྱིར་བལྟས་ཤིག་བགྱིས་ན། ལོ་རེ་བཞིན་འུ་ཅག་གི་ཚོགས་པར་སྟོབས་ཤུགས་རྒྱས་ཀྱིན་པ་དང་རྩོམ་འབྲིའི་ཐད་ཀྱི་ཤེས་བྱ་ཇེ་འཛོམས་དང་ཉམས་མྱོང་ཇེ་ཚོགས། འབྲི་ཐབས་དང་རྩོམ་སྟངས་ལ་སྒེར་གཤིས་ཇེ་དོད་ཡིན་པས། རང་གི་སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། སྙིང་སྟོབས་ཤིག་དང་ང་རྒྱལ་ཞིག་ཀྱང་རང་ཤུགས་ཀྱིས་སྐྱེས་ཡོང་།
གནད་ཀྱི་དོན་པོ་ནི་འུ་ཚོས་ཚོགས་མི་ཕན་ཚུན་བར་ལ་བརྩི་འཇོག་དང་སྐུལ་སློང་། རྒྱབ་སྐྱོར་སོགས་བྱས་ཏེ་མུ་མཐུད་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་སྙན་ངག་གཙོ་བྱས་བརྩམས་ཆོས་མང་པོ་སྤེལ་བ་དང་། དཔུང་རྡང་མཉམ་གཤིབ་ཀྱིས་འུ་ཅག་གི་དཔེ་དེབ་འདིའི་རྒྱུན་བསྐྱངས་ཏེ། མི་རིགས་འདིའི་རྩོམ་རིག་ལོ་རྒྱུས་སྟེང་གོ་ས་ངེས་ཅན་ཞིག་ཟིན་པར་བརྩོན་ལེན་བྱ་རྒྱུ་གལ་ཆེན་རེད་བསམས།
ང་རང་གིས་བསམ་ན་སྙན་ངག་གཙོ་བྱས་རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་དཔེ་ཀློག་དང་བློ་གྲོས། ཉམས་མྱོང་། ཐབས་ཤེས་བཅས་ལ་མ་བརྟེན་པར་འབྱུང་དཀའ་བས། རྩོམ་རིག་འབྲི་བ་ནི་དེ་འདྲའི་སྟབས་བདེ་མོ་ཞིག་དང་ཤེས་ཁ་སླ་མོ་ཞིག་ཡེ་ནས་ཡིན་མི་སྲིད་པ་དང་། ང་ཚོའི་ད་ལྟའི་རྩོམ་འབྲིའི་ཐད་ཀྱི་འབྲས་བུ་འདི་ནི་སང་ཉིན་གྱི་སྐྱོན་དང་མི་འདང་ས་མིན་པའི་ངེས་པའང་མེད་པས། ང་ཚོས་ད་དུང་མུ་མཐུད་དུ་འཚོལ་ཞིབ་དང་དཀའ་སྡུག་གི་བྱ་བ་མཐའ་དག་ལྷུ་རུ་བླངས་ནས་མུ་མཐུད་དུ་མདུན་བསྐྱོད་དང་བརྩོན་པ་བྱེད་དགོས། དེ་ལྟར་བྱས་ན་རྩོམ་རིག་ལ་མཐའ་མེད་པ་བཞིན་འུ་ཅག་གི་ཤེས་རབ་དང་ཚོར་བ། མྱོང་བ་བཅས་ལའང་མཐའ་ཡོད་མི་སྲིད་དོ།།
    ན་ནིང་ནས་བཟུང་། འུ་ཚོས་མི་རབས་གསུམ་པའི་དཔེ་དེབ་ཁྲོད་རང་ཅག་གི་སྙན་ངག་ལས་གཞན་ད་དུང་འཛམ་གླིང་ཤར་ནུབ་ཀྱི་སྙན་ངག་གི་འགྱུར་དང་། སྙན་ངག་པ་ངོ་སྤྲོད། སྙན་ངག་ཐད་ཀྱི་གཏམ་བཤད་གྲགས་ཅན་སོགས་དགོད་པའི་མགོ་བརྩམས་པ་རེད། སྤྱིར་ན་འུ་ཅག་གི་ཁ་གཏད་ས་དང་དམིགས་གཟུག་སའང་དེང་རབས་རྩོམ་རིག་ཡིན་ཙ་ན། ང་ཚོས་ངེས་པར་དུ་འཛམ་གླིང་རྩོམ་རིག་དང་ནང་སྒོས་སུ་འཛམ་གླིང་སྙན་ངག་གི་ཐད་ལ་ཤུགས་བརྒྱབ་སྟེ། གཅིག་ནས་ང་རང་ཚོའི་བསམ་བློའི་རྒྱགས་ཕྱེ་རུ་བསྡུ་དགོས་པ་དང་། གཉིས་ནས་བོད་ཀྱི་རྩོམ་རིག་གི་ཞིང་སར་ས་བོན་སྣ་མང་སྟོར་ནས་གྲ་ཇེ་རྒྱས་སུ་གཏང་བ། གསུམ་ནས་ང་རང་ཚོ་དང་འདྲ་བའམ་ལྟོས་བཅོས་ཀྱིས་ང་རང་ཚོ་ལས་ཅུང་ཞན་པའི་གསར་སྐྱེས་སྙན་ངག་པ་དག་ལ་ཕན་གདགས་པ་བཅས་ཀྱི་བསམ་པ་སྔོན་དུ་སོང་སྟེ། མུ་མཐུད་དུ་བརྩོན་པ་བླ་ལྷག་བསྐྱེད་ནས་རང་ཉིད་མི་རབས་གསུམ་པའི་ཚོགས་མི་ཞིག་ཡིན་པར་ངོ་གནོངས་མི་དགོས་པ་ཞིག་ཏུ་འབད་རྒྱུ་ང་རང་གི་རེ་བ་གཙོ་བོ་ཡིན། 
མདོར་ན། ང་ཚོས་མི་རབས་གསུམ་པ་ཞེས་པ་དེ་ནམ་ཡང་ཁ་གཡང་ཙམ་དུ་མི་བསྒྲག་པར། གང་ཐུབ་ཅི་ཐུབ་ཀྱིས་བོད་ཀྱི་རྩོམ་རིག་གི་སྟེགས་བུའི་སྟེང་ལྗིད་ཏིག་ཏིག་གི་འབྲས་བུ་ཞིག་ཅིས་ཀྱང་གཞག་དགོས་པར་འདོད། སྤྱིར་ན། ང་ཚོས་རང་ཉིད་ལ་འགན་ཁུར་དགོས་པའི་མི་ཚད་ཚོགས་པ་འདི་ལའང་འགན་ཁུར་དགོས་པས་ང་ཚོའི་འགན་ཁུར་ཧ་ཅང་ལྕི་མོད། ཚོགས་པ་དང་འགན་ཁུར་ཞིག་གི་ངོས་ནས་འབད་ན་ང་ཚོར་དེ་ལ་དེ་བསྟུན་གྱི་འབྲས་བུ་ཞིག་ཀྱང་ངེས་པར་རེག་སྲིད་པས། ད་ནས་བཟུང་ང་ཚོས་བཤད་རྒྱུ་ཉུང་ཉུང་བྱས་ཏེ་ལས་རྒྱུ་མང་མང་བྱ་རྒྱུ་ནི་གནད་ཀྱི་དོན་པོ་རེད་བསམས་སོ།
                                            བཀྲ་ཤིས་བདེ་ལེགས།

bf9b22b8184cae875649430563c3de8f

ཐོ་རེངས་ཀྱིས་ད་ལོར་བདམས་པའི་སྙན་ངག་པ་བདུན་གྱི་མིང་ཁྱབ་བསྒྲགས་བྱེད་ཀྱིན་པ།

ཚོགས་འདུའི་ལས་རིམ་གསུམ་པ།
ད་ལོར་མི་རབས་གསུམ་པའི་ཚོགས་མི་དག་གིས་བདམས་པའི་བོད་ཀྱི་དེང་རབས་སྙན་ངག་པ་བདུན་ནི།
དཔའ་རྩེ།   ཞི་བདེ་ཉི་མ།     དཔལ་མོ།  ཁྱུང་ཐར་རྒྱལ།
གེ་སར།      རྨོག་རུ་ཤེས་རབ་རྡོ་རྗེ།    ཁ་པ་དཀར་པོ་བཅས་སོ།།

ཡོང་ཁུངས། རིག་འབྱུང་དྲ་བ། 

གསར་འགྱུར།

Post navigation

Previous Post: པད་མ་ཚེ་དབང་ཤཱསྟྲི་ལགས་ལ་བཅར་འདྲི།
Next Post: ཕ་ཡུལ་གྱི་འཚོ་བ་དྲན་པའི་ཀ་བཤད་ལྔ་པ།

Comments (4) on “མི་རབས་གསུམ་པའི་རྩོམ་རིག་འདུ་ཚོགས་སྐབས་བརྒྱད་པ་རེབ་གོང་ནས་ཚོགས་པ།”

  1. ཀླུ་མཁར་བྱམས says:
    2014-12-04 at 2:13 pm

    བཟང་གི མི་རབས་གསུམ་པར་འཚམས་འདྲི་ཡོད་་་

  2. ཐུབ་པ། says:
    2014-12-04 at 10:58 pm

    ངས་ཚོགས་པ་ཤི་སོང་བ་རེད་བསམས།
    ད་རུང་ཡོད་ན་ལེགས་པོ་འདུག
    ང་ཚོ་ལ་ཚོགས་པ་མང་དྲགས། ཚེ་ཐག་ཐུང་དྲགས་པའི་དཀའ་ངལ་ཆེ་བ་རེད

  3. ཇུས་ཏོག says:
    2014-12-05 at 6:06 am

    མི་རབས་གསུམ་པའི་རྩོམ་རིག་ལས་ཀྱང་གལ་ཆེ་བ་ས་ཆའི་བདག་དབང་རེད་
    ཧ་ཧ་རྩོམ་དང་རིག་གནས་ལ་མགོ་འཁོར་ནས་བོད་ཀྱི་ས་ཆའི་་བདག་དབང་མི་།དགོས་པ་ཡིན་ནམ་

  4. བོད་ཀྱི་གཡག says:
    2014-12-05 at 1:30 pm

    ད་བོད་པ་ཚོ་སྙན་རྩོམ་དང་ལྷུག་རྩོམ་འཁྱར་འཁྱོར་ལ་འགོ་འཁོར་མ་སྡད་པར་དེང་རབས་རིག་གནས་ལ་ཁ་ཕྱོགས་དགོས། ནུབ་ཕྱོགས་དང་རྒྱ་ནག་སོགས་ཀྱི་འཇིག་རྟེན་མི་ཆོས་ཀྱི་རིག་གནས་གང་མང་ཞིག་ནང་འདྲེན་བྱེད་དགོས་པ་མ་གཏོགས་སྙན་རྩོམ་ཐ་ཐོར་གྱིས་བོད་མི་རིགས་ལ་ཕན་དེ་ཙམ་མི་ཐོག རང་བསྟོད་མ་བྱེད། གཙོ་བོ་དེང་རབས་རིག་གནས་ཐོག་ལ་ཤུགས་རྒྱབ་སྟེ་དེང་རབས་རིག་གནས་ཆ་ཚང་བ་ཞིག་བོད་ཡིག་ཐོག་ཡོད་ན་ནད་པ་ལ་ཕན་པའི་སྨན་ཞིག་ཏུ་གྱུར་ཡོད་པས་ཚང་མས་ཤུགས་རྒྱོབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme