Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།

Posted on 2025-08-27 By ཁ་བརྡ་ 2 Comments on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།

ཚེ་བརྟན་འགྱུར་མེད།

 

༑ སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ་ཅེས་ཞུ་སྐབས་ཆོལ་ཁའི་འཐེན་བཞེད་ཀྱི་ཕྱོགས་སུ་ལྷུང་བའི་བོད་མིར་དགོས་མེད་ཀྱི་གཏམ་བཤད་ཅིག་གཟིགས་ཀྱི་རེད། ཕལ་ཆེར་བདེན་སྲིད། ཡིན་ཀྱང་འདིར་དངོས་གནས་ལས་ཕྱོགས་ལྷུང་གི་གནས་ཞིག་ཞུ་ཡི་མེད། དགོས་པའང་མི་མཐོང་ལ། དགོས་གནད་ཀྱང་མིན་འདུག དེ་ན་བསམ་ཞིབ་འདི་རྒྱ་ཆེ་མང་ཚོགས་ཀྱི་དགོངས་དབྱིངས་སུ་འབུལ་དགོས་གནད་དེ་གོང་གི་སྔོན་བརྗོད་ཀྱི་ཐོག་མའི་ཚིག་རྐང་ལྔ། མི་འབོར་ཆེ་ཤོས་ཀྱང་། ཅེས་པ་དེ་ལ་ཐུག་ཡིན།།

དེ་ཡང་། བོད་རྒྱལ་ཁབ་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་དབུས་གཙང་ཆོལ་ཁ་ནས་བོད་ཀྱི་བསྟན་སྲིད་གཉིས་སུ་ཞབས་འདེགས་མི་དམན་ཙམ་མམ་ཆོལ་ཁ་གཞན་གཉིས་ཀྱི་འགན་འཁུར་བ་སྤྱི་མཚུངས་ལྟར་ཞིག་ཞུས་ཡོད་པའི་སྤྱི་བསྡོམས་ཞིག་ཞུས་ན་འཐུས་པ་ཚད་མི་དམའ་ནའང་མཐོ་པ་ངས་མི་མངོན། འོན་ཀྱང་དེང་རབས་ཀྱི་དབུས་གཙང་པ་ཚོའམ་དབུས་གཙང་པ་མི་ཉུང་པའི་དགོངས་དབྱིངས་ལ་ཕལ་ཆེར་མུ་གེ་འཐེབ་པ་ལྟ་བུའི་དབུས་གཙང་པའི་སྲིད་སྐྱོང་གི་འོས་མི་ཞིག་ཐོབ་རེ་མེད་གནས་སུ་གྱར་འདུག་བསམས། གཅིག་བྱས་ན་སྐྱབས་བཅོལ་གཞུང་གི་སྲིད་སྐྱོང་ཀྱི་འོས་མིར་དགོས་མཁོའི་དཔའ་མཛངས་ཀྱི་ཡོན་ཏན་གྱི་ཕྱུག་ཚད་དེ་རྒྱ་ཆེ་བའི་དབུས་གཙང་མི་དམངས་སུ་ལྡན་མིན་གཟིགས་སྲིད་པ་སྤྱི་ལེགས་ཀྱང་། ཕྱི་ལོ་ ༢༠༡༡ ནས་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བོད་གཞུང་དགའ་ལྡན་ཕོ་བྲང་བ་ཆེན་པོའི་ཆབ་སྲིད་འགན་དབང་དེ་བོད་ཆོལ་གསུམ་མི་རིགས་སྤྱི་དང་། སྐབས་དོན་དུ་སྐྱབས་བཅོལ་བའམ་བཙན་བྱོལ་བ་བོད་མི་སྤྱིའི་རང་འགན་དུ་བསྐུར་གནང་། དེ་ནས་ད་བར་བོད་མིས་མང་མོས་སམ་དམངས་ཀྱི་འོས་ཐོབ་པའི་སྲིད་སྐྱོང་གཉིས་བྱུང་པའི་ཉམས་མྱོང་ལ་གཟིགས་རྒྱུ་མ་ཟད་འཛམ་གླིང་སྤྱིའི་དམངས་གཙོའི་གཞུང་གི་འགན་འཛིན་པར་གཟིགས་ནའང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་མེད་ཐོག་ལྗོན་སྟངས་ཀྱང་སྣ་མིན་ཞིག་ལམ་ལས་འཁོར་བཞིན་སྙམས།།

དེ་སྔའི་སྲིད་སྐྱོང་འོས་ཁོངས་སུ་འཛུལ་མི་ཞིག་གི་གསུང་བཤད་ནང་ད་ལྟ་༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་༧ཁོང་གི་དབུ་འོག་དཔུང་འདེགས་ཤིག་ཞུ་ཐུབ་པའི་འབད་བརྩོན་ཞུ་སྐལ་བྱུང་ན་ཅེས་ཕེབས། དེ་བཞིན་རྡ་སའི་གཞུང་ཞབས་མི་ཉུང་བ་ཞིག་གིས་ཀྱང་སོ་སོའི་ངོ་ལྐོག་གཡོ་མེད་དང་། ཆོལ་གསུམ་སྤྱི་སྙོམས། བོད་སྤྱི་པའི་འགན་དུ་དཔུང་ན་ད་ལྟ་༧གོང་ས་མཆོག་གིས་སྐུའི་བྱིན་མཐུ་ལས་འགྲིག་ངེས་འཐུས་ངེས་ཤིག་ཡོང་རྒྱུ་ཡིན་པའི་གདེངས་ཚོད་ཀྱི་དགོང་ཚུལ་ཕེབས་དངོས་ཡིན། དེར་བརྟེན་དབུས་གཙང་མི་དམངས་ནས་བསམ་ཞིབ་ཆེ་བཞེས་མཉམ་དབུས་གཙང་དམ་པ་ཆོས་ཀྱི་ཞིང་གི་རིགས་རྩའི་ཁོངས་ལས་འགན་དེ་ལ་གཞོལ་འདོད་ཀྱི་རེ་བསམ་མཉམ་ཆ་རྐྱེན་ཡང་མི་དམན་ཙམ་མམ་སྤྱི་མཚུངས་ལྟར་ཡོད་ན་ད་ལྟ་གོ་སྐབས་བཟང་པོ་ཞིག་འདུག་སྙམ་བཞིན་འདུག དབུས་གཙང་རིགས་རྩའི་ནང་དེ་འདྲའི་མི་བོ་ཞིག་མེད་པ་ག་ནས་ཡིན། སྐྱབས་བཅོལ་བོད་མི་སྤྱི་མཚུངས་ལྟར་ཤེས་ཡོན་གྱི་གོ་སྐབས་ནི་ཐོབ་པ་མ་ཚད་དབུས་གཙང་བ་མི་འབོར་མང་བའི་སྐྱབས་བཅོལ་གཞུང་དང་། དེ་མིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེའི་ལས་སྣེར་ཡང་གྲངས་མང་གིས་ཞབས་འདེགས་འཐུས་ལེགས་ཞུས་དང་ཞུ་བཞིན་ཡོད། སྐབས་རེ་སྤྱིའི་ལས་དོན་ཞུ་ཕྱོགས་སུ་ཕན་ཚུན་བསམ་ཚུལ་མི་འདྲ་བ་དང་། རེ་ཚད་ཆེ་སྐྱོན། མི་དུས་གཉིས་ཀྱིས་རྐྱེན་ལས་ལམ་དུ་ལྷོངས་པ་ཞིག་བྱུང་མེད་སྲིད། ཡིན་ཀྱང་གལ་འགངས་ཆེ་བ་ནི་བྱེད་པ་པོའི་ལངས་ཕྱོགས་དང་ལྟ་སྤྱོད་དུ་ལྷད་མེད་ན་སྐྱོན་དེ་ཙམ་ཆེ་བ་ནི་ངས་ནི་མི་མངོན། སྤྱི་བའི་ལས་ལ་བརྩོན་པ་མ་བྱས་ན་སྐྱོན་གནད་ཞིག་ག་ནས་མཐོང་། སྐྱོན་དང་ཕན་ལས་གཉིས་ནས་ཕན་ལས་དེ་ཅུང་ཆེ་ངོར་མངོན་ན་འཐུས་གྲལ་དུ་ཚུད་པའི་དེ་ལས་བཟང་བ་ནི་སྨྲོས་ཅི་དགོས།།

དེ་མ་ཉིད་ཀྱི་ངའི་བསམ་ཚུལ་ལ་ཞིབ་ནས་གལ་སྲིད་དབུས་གཙང་བར་སྲིད་སྐྱོང་གི་མི་ངོ་ཞིག་སྟོན་རྒྱུ་མེད་ན་ང་ལ་བསམ་ཞིབ་འགའ་རེ་ཞུ་རྒྱུ་ཡོད་པ་ནས་གཅིག་གི་མཚན་ནས་ཞུ་རྒྱུ་དང་དོ་བདག་གིས་ཐུགས་སུ་མ་བབ་ན་དགོང་དག་ཞུ་། ཁོ་བའི་མཚན་ལ་སྐལ་བཟང་ཕུན་ཚོགས་ལགས་ཞུ། ཁོང་དེ་སྔ་བོད་ཀྱི་གཞོན་ནུའི་ཚོགས་གཙོ་གནང་འདུག་ལ་ད་ལྟའང་ས་གནས་སྤྱི་ཚོགས་ལས་དོན་ལ་གོ་སྐབས་དང་བསྟུན་ཏེ་འབད་པ་ཞུ་མཁན་ཞིག་ཡིན་ཚོད། དེར་སོང་བོད་ཀྱི་གནད་དོན་ལ་བརྒྱུད་མངའ་དང་འབད་སྤུང་པ་ཞིག་ཡིན་འདུག ང་རང་ལ་ཆེར་མངོན་པའི་གནད་ཞིག་ནི་ངའི་ངོ་ཤེས་ཞིག་ནས་རྡ་སའི་གཞུང་གི་ལས་བྱེད་དང་གཞུང་འབྲེལ་མིན་པའི་ནང་དབྱིན་སྐད་ཐོག་ད་བར་ཁོ་བ་ལས་སྲིད་དོན་གཏམ་བཤད་ལེགས་པ་གནང་ཐུབ་མཁན་ཞིག་བྱུང་མེད་པའི་དགོངས་ཚུལ་ཕེབས་གནད་དེ་ཡིན། བོད་མི་ཙམ་ལས་དེ་མིན་ལ་དབྱིན་སྐད་ལས་བོད་དོན་ངེས་བཀྲོལ་ཞུ་དགོས་ཀྱི་གལ་གནད་དང་། དེ་བཞིན་སྐྱབས་བཅོལ་ནང་གི་སྲིད་དོན་དང་སྤྱི་བདེའི་ཚོགས་པ་ཆེ་ཤོས་ཀྱིས་འགན་འཁུར་ཐེངས་གཅིག་མིན་པར་ཐེངས་གཉིས་ཐོབ་འདུག ངོ་ཤེས་རེས་ཤས་ནས་སྐྱོན་བརྗོད་ཀྱི་བསམ་ཚུལ་ཕེབས་བཞིན་འདུག་པ་ནས་འགའ་རེས་ནི་ཐབས་ལམ་གྱི་ཡོན་ཏན་དུ་ངོས་འཛིན་ཞུས་ནའང་མ་འཐུས་པ་མིན་འདུག བོད་ཆོལ་གསུམ་གྱི་དམ་ཚིག་ཏུ་གནོད་པའི་སྐྱོན་གོ་མ་སོང་། གཞོན་ནུའི་ལྟ་བ་རང་བཙན་ཡིན་པའི་ཆ་ནས་ལམ་དབུ་མའི་ཕྱོགས་སུ་དོ་འཁུར་དམན་སྐྱོན་གྱི་དོག་གཞི་འདུག ལམ་དབུ་མ་ནི་བོད་མི་དམངས་དང་གྲོས་ཚོགས་ནས་གཏན་འབེབས་ཀྱི་སྲིད་བྱུས་རེད། ༧ གོང་ས་མཆོག་ལས་སྲིད་བྱུས་ལ་མཁས་མཛངས་ཆེ་བ་དང་ཐབས་བྱུས་བཟང་བ། ཕུགས་རྒྱངས་ཀྱི་ཐུགས་མངའ་ཅན་ཞིག་མེད། དེ་ལ་དོ་འཁུར་མ་ཞུས་ནའམ་ཞུ་མ་ཤེས་ན་རང་མེད་ཀྱི་ལས་རེད། ཡིན་ཀྱང་རྒྱ་དམར་གྱིས་ད་མུས་ལྟར་བདག་གཞན་གཉིས་རྒྱལ་གྱི་ལམ་དབུ་མ་ལ་བདག་གཅེས་མ་བྱེད་ན་དེ་བྱེད་ཐབས་སུ་བྱ་ལམ་མི་ཉུང་བ་ཞིག་ནས་འབད་དགོས་ཡོད་དགོས་པ་ནས་གཅིག་དེ་རང་བཙན་དུ་བརྩོད་རྒྱུ་དེ་རེད། ལམ་འདི་རྡོ་གཅིག་གིས་འབེན་གཉིས་གཏོར་ཞུ་བའི་གཏམ་དཔེ་དེ་རེད། ལམ་དབུ་མ་པ་དང་རང་བཙན་པ་གཉིས་ཀའི་དོན་དུ་གནས་པའི་ཐབས་ལམ་ཞིག་ཡིན་མིན་གདའ། ད་ལྟའི་སྲིད་སྐྱོང་གིས་ཀྱང་རང་བཙན་གླེང་བཞིན་འདུག་སྙམ།  དེ་མིན་མི་སྣ་གཞན་ཡང་ད་ལྟའི་སྤྱི་ཚོགས་ནང་ཕྱག་ལས་གནང་བཞིན་འདུག་པའམ་གནང་ནས་འགྲེལ་ཡོལ་དུ་ཕེབས་མཁན་ལའང་གཟིགས་རྒྱུ་འདུག དེ་བཞིན་སྤྱི་ཚོགས་ནང་བོད་མིའི་སྤྱི་འགན་དང་དུ་བླངས། རང་རེའི་ངོ་བོར་རྩི་སྲུང་གིས་སྒེར་གྱི་འཚོ་ལས་སུ་གཉེར་མཁན་ནང་ཡང་མི་དཀོན་ཙམ་འདུག  གང་ལྟར་ཡང་བོད་བསྟན་པ་ཆབ་སྲིད་དང་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་ཐུབ་མཁན་དང་ཞུ་རྒྱུར་ཡིད་ངེས་ཐུབ་མཁན་ཞིག་དགོས་གལ་ལོས་ཆེ།།

ད་དུས་སུ་དབུས་གཙང་པའི་སྲིད་སྐྱོང་གི་དགོས་གནད་དེ་གནད་དོན་གཉིས་ཐོག་ནས་གསལ་བཤད་འབོད་སྐུལ་ཞུས་ན་མ་འཐུས་པ་མིན་འདུག དེ་ནི་ད་ལྟའི་རྡ་སའི་སྲིད་གཞུང་གི་གནས་བབ་དང་བསྟུན་ཏེ་ཞུ་གལ་དུ་མཐོང་བྱུང་། ད་ཡོད་སྲིད་སྐྱོང་ལ་ད་དུང་སྐབས་གཉིས་པའི་འོས་མིར་ཕེབས་ལམ་ཡོད་མཉམ་དབུས་གཙང་མི་མང་གང་མཚམས་ཀྱི་རྒྱབ་སྐྱོར་ལས་ཐོབ་རེའང་ཡོད། ཡིན་ཀྱང་ཁོང་གི་གཞུང་ལོ་ལྔ་དང་པོའི་ནང་བཀའ་བློན་གསུམ་ལས་བཀོད་ཐབས་མ་བྱུང་མཉམ་གྲོས་ཚོགས་ནང་རྙོགས་གཟིངས་ཀྱང་མི་དཀོན་ཙམ་བྱུང་ཡོད། དེ་དག་གི་གནད་ཀྱང་གང་མཚམས་ཤིག་ཁོང་གི་མི་གཤིས་ལས་ཡིན་པ་ཞུས་ན་དེ་སྔ་ཁོང་ལ་འོས་གནང་མཁན་མང་པོས་ངོས་བཞེས་ཐོབ་དཀའ། དམར་བརྗེན་དུ་ཞུས་ན་མདོ་སྟོད་དང་ད་ཡོད་ཆོས་ལུགས་ཁག་གི་འཐུས་མི་ཚོས་ཁོང་ལ་མི་དགའ་བ་དེ་ཕལ་ཆེར་གཞི་གྲུབ་ཡོད། དེ་ལྟའི་གནས་ཤིག་ལ་ད་དུང་རེ་བ་ཞུས་ན་ཕན་ལས་གནོད་མི་ཆེའམ། སྲིད་སྐྱོང་ཞིག་དམངས་ཀྱིས་འོས་འདེམས་ཞུས་ཡོད་ཀྱང་ལས་རོགས་བཀའ་བློན་གཅིག་ལའང་གྲོས་ཚོགས་ཀྱི་མང་མོས་མ་ཐོབ་ན་ཅི་བྱེད། རྩ་བའི་འདས་མ་ཐག་པའི་ལོ་ལྔའི་ནང་ལས་དོན་དུ་མཐུད་ཤོར་མེད་གནས་ཞིག་སྲིད་སྐྱོང་ནས་བཀའ་ཕེབས་ཀྱང་སྲིད་སྐྱོང་མི་གཅིག་གི་གནས་སུ་བོད་མིའི་གནས་ཡུལ་ཁག་ཏུ་དེ་སྔར་ལྟར་ཕེབས་ཐུབ་རེ་མེད་པ་ངས་འཚོར་བཞིན་འདུག འཁོར་བཞིན་པའི་ལོ་ལྔའི་དེ་ལའང་ལས་དོན་རེ་ཞིག་དེ་སྔ་ལས་ལེགས་པ་ཞིག་གནང་སོང་ཅེས་བསམ་པ་མིན་འདུག་ལ་གཞན་ནས་ཀྱང་གོ་ཐུབ་མ་སོང་ཞུས་ན་ཕལ་ཆེར་ངེས་ལགས། དེ་བཞིན་བོད་མི་དང་དམངས་ཚོའི་ལམ་ལུགས་ནང་ཆབ་སྲིད་ཀྱི་གོ་སྐབས་ཞུ་ཐབས་སུ་ཕྱོགས་མང་ནས་མཐར་ཕྱོགས་གཉིས་སུ་ཁ་འཐད་པའི་བསམ་ཚུལ་ལམ་ལབ་གླེང་ཡོང་རྒྱུ་ངེས་། དེར་སོང་ཡང་ན་དབུས་གཙང་སྲིད་སྐྱོང་འོས་མིས་ཁ་འཐད་ཀྱི་ལབ་གླེང་དུ་ལན་འདེབས་མེད་པར་རང་ཉིད་ཀྱི་ལས་འཆར་གཅིག་པུར་ངེས་སྤྲོས་ཞུས་ནས་སྤྱི་ཚོགས་དལ་ལྷིང་དུ་བརྩོན་ཐབས་སམ་དེ་མིན་དབུས་གཙང་པར་འཇོན་ནུས་མེད་པའི་ངོས་ལེན་ནམ་སྤྱི་ཚོགས་དལ་ལྷིང་ཆེད་འབད་བརྩོན་དོར་དགོས་པ་ནི་མ་སྲིད་པའམ་ག་ནས་ཡིན་དགོས་མཉམ་དམངས་གཙོའི་འཕེལ་རིམ་ལའང་ཕན་པའི་ལམ་བཟང་ཞིག་མིན་བ་མི་ཤེས་སམ།།

དེ་ན་ད་ཚོད་ཁོང་ལ་སྒེར་ཞེན་དེ་སྤྱི་ཞེན་དུ་དཔུང་ན་མཁས་པ་ཡིན་མིན་ཞུ་དཀའ་འང་འགྱོད་པ་སྐྱེ་མི་དགོས་པའི་དགེ་གནས་དེ་ངས་ཞུ་ཐུབ། གཉིས་པ་གཏམ་བཤད་ཀྱི་མངོན་བརྗོད་ལྟར་དབུས་གཙང་མི་མང་བའི་སྲིད་སྐྱོང་ཞིག་ཐོབ་དགོས་ངེས་དང་། ཐོབ་ཆའི་མི་ངོ་ཡོད་ངེས། ཐོབ་པར་ཧང་སངས་རྒྱུ་མེད་ཀྱང་དུས་ལ་རན་པ་མཐོང་གི་འདུག་ཀྱང་དེ་དག་རག་ལུས་ས་དེ་ཚོལ་ཁ་གཞན་གཉིས་དང་ཆོས་ལུགས་ཁག་ལས་དབུས་གཙང་མི་དམངས་རང་ཉིད་ཡིན་འདུག མདོ་སྟོད་སྨད་གཉིས་སུ་སྲིད་སྐྱོང་གི་གོ་སྐལ་དབུས་གཙང་པས་ཕུལ་ཟིན་རེད། སྲིད་སྐྱོང་སོ་སོའི་རྣམ་དཔྱོད་དང་ཁོར་ཡུག་གིས་དཔུང་རྐྱེན་ཇི་ཡོད་ལས་རང་རེའི་སྤྱི་ཚོགས་ནང་ལེགས་འབུལ་ཞུས་པ་དང་ངན་ཤུགས་འཕེལ་རྐྱེན་དུ་སོ་སོའི་ཕྱོགས་ཞེན་དེ་སྤྱི་ཞེན་དུ་དཔུང་ན་ད་ཆ་གང་མཚམས་ཤིག་གཟིགས་མཁྱེན་བྱུང་ངེས་ཆེ། དབུས་གཙང་པའི་སྲིད་སྐྱོང་ཤིག་བྱུང་ན་ལེགས་འབུལ་སྲིད་སྐྱོང་གོང་མ་གཉིས་ལས་བཟང་བ་ཕུལ་མ་ཐུབ་པའི་དབང་དུ་བཏང་ནའང་སྤྱི་ཚོགས་རྙོག་གླེང་དེ་འདས་པའི་ལོ་ངོ་བཅོ་ལྔའི་སྲིད་སྐྱོང་གཉིས་ཀྱི་ཉམས་མྱོང་ལས་ཞི་འཇམ་པ་ཡོང་རྒྱུའི་རེ་བ་དང་། ཆ་རྐྱེན་དུ་མ་ཡོད་པའི་མི་བཟང་ངམ་ཅེས་གཙོ་བོ་ཕན་ནུས་འབྲེལ་པོ་དབུས་གཙང་པ་རྣམ་པའི་ཐུགས་ཞིབ་ས་བོན་དུ་འབུལ་ལགས་ན་དགོང་འཆར་ངེས་ཕེབས་ཡོང་བས་རེ་འདུན་དུ

བསམ་ཚུལ།

Post navigation

Previous Post: རྒྱ་ནག་གི་སྲིད་འཛིན་ཞི་བོད་ཀྱི་རྒྱལ་ས་ལྷ་སར་འཚམས་གཟིགས་སྐོར་ལ་དཔྱད་པའི་གཏམ།
Next Post: བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

Comments (2) on “མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-08-27 at 6:57 pm

    མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་སྤྱི་འཐུས་ཚོ་ཆོལ་ཁ་དང་ཆོས་བརྒྱུད་ལ་འགན་བཀུར་ནས་མི་མང་གི་འཐུས་མི་ཡར་ཕེབས་དགོས་པ་དང་། བཀའ་བློན་ཁྲི་པ་འམ་སྲིད་སྐྱོང་ནི་བོད་ཀྱི་ཡུལ་མི་ཡིན་པ་དང་། རང་ལོ་གསུམ་བཅུ་སོ་ལྔ་ལོན་པ་སོགས་ཚང་ན་སྲིད་སྐྱོང་ལ་ཕེབས་ཆོག་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ཡོད་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་ལ་འགན་བཀུར་མེད་པ་ནས་དབུས་གཙང་དང་། མདོ་སྟོད། མདོ་སྨད། ཆོས་བརྒྱུད་སོགས་ཀྱི་ཐ་སྙད་འོག་སྲིད་སྐྱོང་འདེམས་ཀྱི་ཡོད་ན་དེ་མང་གཙོ་དང་། དྲང་བདེན། འདྲ་མཉམ། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གཏམ་དང་མཐུན་པ་ཞིག་ཨ་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2025-09-21 at 7:33 pm

    དེང་སང་སྤྱི་ཚོགས་དྲ་རྒྱ་བརྒྱུད་སྲིད་སྐྱོང་གི་འོས་དམིགས་སྟོན་མཁན་འདུག་པ་དེ་དག་རང་འགན་མ་ཐུབ་ནས་གཞི་རིམ་མང་གཙོའི་ཐོབ་ཐང་འདམས་བྱ་འདེམས་བྱེད་ལ་ཇུས་མེད་ཇུས་འཁྲི་དང་འགན་མེད་འགན་འཁུར་གྱིས་འོས་བསྡུའི་སྒྲིག་དང་ཡོངས་སུ་མ་མཐུན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་སོང་དབུས་ས་གཉིས་ཀྱི་འོས་བསྡུའི་ལས་བྱེད་ནས་ཐུགས་སྣང་གནང་དགོས་པའི་འབོད་བསྐུལ་ཞུ་འདོད་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme