Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་འདྲ་འདྲའི་ཆག་སྒོ།

Posted on 2012-10-232012-10-23 By ཁ་བརྡ་ 10 Comments on མི་འདྲ་འདྲའི་ཆག་སྒོ།

ཚེར་ནགས་རྡོ་རྗེ་རིན་ཆེན།

ངེད་ནས་ཉིན་ཤས་སྔོན་ལ་རྒྱ་གར་ནང་དངོས་བྱུང་གནས་ཚུལ་འཁྲབ་འཁྲིད་བྱས་པའི་གྱོད་གཞི་ཞིག་ལ་བལྟས་པ་ཡིན། ལྟད་མོ་དེ་རིགས་ཉིན་ལྟར་མཚན་མོའི་དུས་ཚོད་བཅུ་དང་ཕྱེད་ཀར་རྒྱ་གར་གྱི་བརྙན་འཕྲིན་ཚན་ཁག་ལཱེ་ཕྷུ་ཨོ་ཁེད་(Life Ok) དང་ཁིར་རིམ་ཕཱེ་ཊོལ་(Crime Patrol) གཉིས་སུ་སྟོན་བཞིན་འདུག མཚན་མོ་དེར་ལཱེ་ཕྷུ་ཨོ་ཁེད (LifeOk )ཞེས་པའི་བརྙན་འཕྲིན་ལས་རིམ་ནང་གྲོང་ཁྱེར་མུམ་བྷེ་རུ་ཤེས་ཡོན་མེད་པའི་སྐྱེས་དམན་ཞིག་གི་བཟའ་ཟླ་སྡོད་གནས་དང་ཁད་མི་རིང་བའི་ཆང་ཁང་ཞིག་གི་སྒོ་འགྲམ་དུ་ཁ་པར་གཏོང་སྐབས་གཞན་གྱིས་མེ་མདའ་བརྒྱབ་ནས་ལྐོག་གསོད་བྱས་པའི་དོན་རྐྱེན་སྐོར་རེད། སྙིང་རྗེ་ཡུལ་ཞིག་ལ་སྐྱེས་པ་དེར་བྱིས་པ་ལོ་ཆུང་ཞིག་དང་མ་རྒན་འཁོགས་ཤིག་ཀྱང་མཆིས། ས་གནས་ཉེན་རྟོག་པས་རྩད་ཞིབ་མཇུག་འབྲས་སྐྱེས་པ་དེ་ལོ་གཉིས་གོང་ཆང་ཁང་དེའི་ནང་ཡོང་མཁན་ཞིག་དང་། ཐེངས་འདིར་ཡང་ཆང་ཁང་དེའི་སྒོའི་འགྲམ་དུ་བསད་ཡོད་སྟབས། ཆང་ཁང་ནང་སྐྱོད་མཁན་རིགས་ལ་དེ་འདྲ་ཡོང་རྒྱུ་ཡིན་ཤག་བྱས་ཏེ་གྱོད་གཞི་དེ་ཡང་དེ་མུར་བཞག་པ་རེད། ཡིན་ནའང་ཤེས་ཡོན་མེད་པའི་སྐྱེས་དམན་དེས་རང་གི་སྐྱེས་པའི་གཤིས་སྤྱོད་ལ་རྒྱུས་མངའ་གཏིང་ཟབ་ཡོད་སྟབས། དོན་རྐྱེན་དེར་བསྐྱར་ཞིབ་བྱེད་རྒྱུར་ས་གནས་ཉེན་རྟོག་པར་རེ་བ་ཐེངས་ཤས་བཏོན་ཀྱང་ཉེན་རྟོག་པས་ཁོ་མོའི་རེ་འདུན་ལ་དོ་སྣང་གཏན་ནས་མ་བྱས། དེར་བརྟེན་སྐྱེས་པའི་ཨ་མ་ཡང་འུ་ཐུག་ནས་ཁོ་མོར་འདི་ལྟར་བཤད། ‘‘བུ་ནི་ཤི་ཚར། རྒྱབ་ལྗོངས་སྔོག་ནས་ཅི་ཕན། ད་ཁྱེད་ཀྱིས་མཚམས་འཇོག་གནང་རོགས།’’ ཞེས་ཤོད་དུས། ཁོ་མོ་སྤྱན་ཆབ་ལྷུང་བཞིན་པང་གི་བྱིས་པར་མཛུབ་མོར་ཀེར་ཏེ། ‘‘ངས་འདི་ལྟར་བྱེད་དགོས་དོན་ཚང་མ་རང་གི་བྱིས་པའི་ཆེད་ཡིན། བྱིས་པའི་མི་ཚེའི་འགན་འཁྲི་ང་ལ་ཡོད། བྱིས་པ་འདིས་ཅི་ཕྱིར་ཕ་ཉེས་མེད་ཡིན་བཞིན་ནག་ཉེས་ཅན་ཞིག་ཁས་ལེན་དགོས་པ་རེད།’’ཅེས་བཤད།
དོན་དངོས་བྱུང་རིམ་ལྟར་བྱས་ན། སྐྱེས་པ་དེ་གཉེན་མ་སྒྲིག་པའི་ལོ་གཉིས་གོང་ཆང་ཁང་དེ་ནང་སྐབས་རེར་ཕེབས་ནས་གྲོགས་པོ་ཚོ་དང་ལྷན་དུ་རྒྱན་རྩེད་ཀྱིན་ཡོད་པ་དང་། བུ་ལོན་ཡང་ཡོད་མཁན་ཞིག་རེད། ཁོ་བ་གཉེན་མ་སྒྲིག་པའི་ཉིན་ཤས་གོང་ཆང་ཁང་དེར་ཡོང་སྟེ། རང་གི་གྲོགས་པོ་ཚོར་མངར་ཟས་ལ་ཊོ་ (Ladoo) ཕུལ་ནས། ‘‘སླད་ཕྱིན་རྒྱན་པོ་རྩེད་དུ་ཡོང་རྒྱུ་མིན། མི་རིང་བར་གཉེན་སྒྲིག་སྟེ་རང་གི་མ་རྒན་དང་ཁྱིམ་ཚང་ལ་འགན་འཁྱེར་རྒྱུ་’’ཞེས་བཤད་པ་ནས་བཟུང་ཆང་ཁང་དེར་གཏན་ནས་ཡོང་མེད། འོ་ན་སྐྱེས་པ་དེ་ཤི་རྐྱེན་ངོ་མ་དེ་གང་ཡིན་ནམ། ‘‘མི་འདྲ་འདྲ་ཡོད་ན་དགོད་ཁ་སློང་། ། ཟོག་འདྲ་འདྲ་ཡོད་ན་ཁ་མཆུ་སློང་། ། ཞེས་པའི་དཔེ་ལྟར།’’ རབས་འདིར་སྐྱེས་པ་དེས་ལོ་གཉིས་སྔོན་ཆང་ཁང་ལ་འཇལ་རྒྱུའི་བུ་ལོན་ཞིག་སྟེར་ཆེད་དེར་ཡོང་། ཕྱིར་ལོག་པའི་ལམ་དུ་རང་གི་བཟའ་ཟླར་ཁ་པར་གཏོང་སྐབས་གཞན་གྱིས་མེ་མདའ་བརྒྱབ་ནས་དམར་གསོད་བྱས་པ་རེད། གོང་ནས བཤད་པ་ལྟར་སྐྱེས་པ་དེའི་ཆུང་མས་གྱོད་གཞི་དེར་ཉེན་རྟོག་པའི་སར་གྲུབ་འབྲས་མེད་པ་ཤེས་རྗེས། ཁོ་མོ་གཅིག་པོ་ཡར་རྒྱུག་མར་རྒྱུགས་ཀྱིས་འདྲི་རྩད་བྱས། འདྲི་རྩད་ཀྱི་བརྒྱུད་རིམ་ནང་ཁོ་མོར་རོགས་འདེགས་བྱེད་མཁན་བུད་མེད་ཅིག་དང་འཕྲད། དེ་ལས་ལྡོག་སྟེ་འཇིགས་སྣང་དང་། ཚེ་སྲོག་ལ་ཉེན་བརྡ་ཡང་ཐེངས་ཤས་བྱུང་། ཡིན་ནའང་ཁོ་མོས་བློ་ཐག་རྦད་ཆོད་ཀྱིས་འདྲི་རྩད་གོ་རིམ་བློས་གཏོང་གཏན་ནས་བྱས་མེད།
བསམ་ཡིད་ལས་འདས་པ་ཞིག་ལ། ཁོ་མོ་དང་ངོ་ཤེས་བུད་མེད་གཉིས་ཀྱིས་འདྲི་རྩད་ལས་དོན་གཉེར་བཞིན་པའི་སྐབས་ཤིག ཁོ་མོས་རང་གི་སྐྱེས་པ་མཐོང་ཞིང་། སྐྱེས་པའི་མཚན་ནས་བོས་ཏེ་རྗེས་འདེད་བཏང་། སྐབས་དེར་ལས་རོགས་བུད་མེད་དེ་ཡང་ཧང་སངས་ནས་ཁོ་མོའི་རྗེས་སུ་རྒྱུགས། ཁོ་ཚོ་གཅིག་རྗེས་གཅིག་གིས་དེད་ནས་མཐར་སྔ་མོའི་ཆང་ཁང་དེར་འཛོམས། སྐྱེས་པ་དེའི་ལོ་ནའི་བབ་དང་། གཟུགས་བྱད། ངོ་གདོང་། ཐ་ན་གྱོན་ཆས་གྱོན་སྟངས་སོགས་སྒོ་ཐམས་ཅད་ནས། འདས་གྲོངས་སུ་ཕྱིན་པའི་རང་གི་སྐྱེས་པ་དང་གཅིག་མཚུངས་ཡིན་སྟབས། དེ་ལུགས་ཉེན་རྟོག་པར་སྙན་སེང་ཞུས། ངང་ཚུལ་དེར་ཉེན་རྟོག་པ་ཡང་ཧ་ལས་ཤིང་། སྐྱེས་པ་དེའི་མཚན་དང་འདས་པའི་ལོ་རྒྱུས་ རྒྱབ་ལྗོངས་བཅས་འདྲི་རྟོག་བརྒྱུད་རིམ་ནང་། མི་འདིས་ཟླ་ཤས་གོང་ཆང་ཁང་དེར་རང་གི་ཁ་གཏད་ཅིག་དང་འཁྲུག་འཛིང་ཤོར་ཡོད་པའི་གནས་ཚུལ་ངོ་འཕྲོད་བྱུང་། ཉེན་རྟོག་ཚན་པས་མི་དེ་དང་འཁྲུག་འཛིང་ཤོར་མཁན་མི་དེ་བཙལ་ནས་འདྲི་རྟོག་སྐབས། ཁ་གཏད་པས་རང་ཉིད་དང་འཁྲུག་འཛིང་ཤོར་མཁན་དེ། ཆང་ཁང་དེའི་སྒོ་འགྲམ་དུ་ཁ་པར་གཏོང་སྐབས་ཤིག་ལ་མེ་མདའ་བརྒྱབ་ནས་བསད་པ་ཁས་ལེན་ཞུས། དངོས་སྒྲུང་མཇུག་རྫོགས་སོང་།
ཉེན་རྟོག་ཚན་པས་སྐྱེ་དམན་དེར་དགོངས་སེལ་ཞུས་པ་དང་། དངོས་བྱུང་གློག་བརྙན་མཚམས་སྦྱོར་བས་ཤེས་ཡོན་མེད་པའི་བུད་མེད་ཅིག་གིས་འདི་ལྟར། རང་གི་སྐྱེས་པར་དཀར་འདོན་བྱེད་ཐུབ་པ་དེ། ཧང་སང་དགོས་པའི་གནད་དོན་ཞིག་ཡིན་ཚུལ་གདེངས་འཇོག་གནང་། དེ་ནས་བཟུང་ཆང་ཁང་དེ་ཡང་གཏན་དུ་སྒོ་བརྒྱབ་སོང་།
ཀློག་མཁན་རྣམ་པ། དངོས་བྱུང་ལོ་རྒྱུས་འདིའི་ཁྲོད་སྤྲོ་སྣང་ཡོང་གཞི་གཙོ་བོ་དེ་ཤེས་ཡོན་མེད་པའི་བུད་མེད་ཅིག་གིས་རང་གི་འགན་འཁྲི་ཤེས་ཤིང་། དེའི་ཐད་རང་ཉིད་ཀྱིས་འགན་ཆ་ཚང་ཞིག་ཁུར་ཐུབ་པའི་བརྒྱུད་རིམ་དེ་རེད་ལ། དེ་དང་ཆབས་ཅིག་ཤེས་རྒྱུ་ཞིག་ལ། མི་འདྲ་འདྲ་ཡོད་ན་བཟང་ཉེས་གང་རུང་གི་རྗེས་སུ་འགྲོ་ལྡོག་བྱེད་སྲིད་པའི་ཆོས་ཉིད་ཅིག་ཡོད་པ་མིན་ནམ།

བརྩམས་སྒྲུང་།

Post navigation

Previous Post: དུས་རབས་ཤིག་གི་བསམ་བློ།
Next Post: རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ ༥༢ འཁོར་བའི་དུས་དྲན།

Comments (10) on “མི་འདྲ་འདྲའི་ཆག་སྒོ།”

  1. བྱམས་པ། says:
    2012-10-23 at 12:32 pm

    གནས་ཚུལ་གསོན་ཉམས་ལྡན་པ་ཞིག་བྲིས་གནང་འདུག

  2. མེ་ཏོག་དཀར་པོ། says:
    2012-10-23 at 1:09 pm

    Life ok ནི་ tv chenel གི་མིང་རེད། saudhan India ཞེས་པ་ནི་དེའི་ནང་དངོས་བྱུང་ལོ་རྒྱུས་སྟོན་པའི་ལེ་ཚན་གྱི་མིང་རེད།
    དེ་བཞིན་ Sony ནང་ crime Patrol ཞེས་པའང་དེ་བཞིན་རེད། ལྟད་མོ་དེ་དག་ལྟ་རུང་བ་རེད་ལ་གནས་སྟངས་མང་པོའི་ཐོག་གྲུང་པོ་དང་དོགས་ཟོན་བྱེད་པའི་ཐབས་ལམ་མང་དུ་ཐོབ།

  3. མེ་ཏོག་དཀར་པོ། says:
    2012-10-23 at 1:13 pm

    ཤེས་ཡོན་མེད་པའི་བུད་མེད་རེ་མི་འདུག་ག
    ཤེས་ཡོན་ཅན་རེད་འདུག

  4. རྒྱ་གྲོལ་གངས་རི། says:
    2012-10-23 at 1:39 pm

    ཁྱེད་ཅག་ལ་རྟེན་འབྲེལ་ཞུ།

  5. དོན་ཡོད་མཁས་གྲུབ། says:
    2012-10-23 at 11:29 pm

    བསམ་ཡིད་ལས་འདས་པ་ཞིག་ལ། ཁོ་མོ་དང་ངོ་ཤེས་བུད་མེད་གཉིས་ཀྱིས་འདྲི་རྩད་ལས་དོན་གཉེར་བཞིན་པའི་སྐབས་ཤིག ཁོ་མོས་རང་གི་སྐྱེས་པ་མཐོང་ཞིང་། སྐྱེས་པའི་མཚན་ནས་བོས་ཏེ་རྗེས་འདེད་བཏང་། སྐབས་དེར་ལས་རོགས་བུད་མེད་དེ་ཡང་ཧང་སངས་ནས་ཁོ་མོའི་རྗེས་སུ་རྒྱུགས། ཁོ་ཚོ་གཅིག་རྗེས་གཅིག་གིས་དེད་ནས་མཐར་སྔ་མོའི་ཆང་ཁང་དེར་འཛོམས། སྐྱེས་པ་དེའི་ལོ་ནའི་བབ་དང་། གཟུགས་བྱད། ངོ་གདོང་། ཐ་ན་གྱོན་ཆས་གྱོན་སྟངས་སོགས་སྒོ་ཐམས་ཅད་ནས། འདས་གྲོངས་སུ་ཕྱིན་པའི་རང་གི་སྐྱེས་པ་དང་གཅིག་མཚུངས་ཡིན་སྟབས། དེ་ལུགས་ཉེན་རྟོག་པར་སྙན་སེང་ཞུས། ངང་ཚུལ་དེར་ཉེན་རྟོག་པ་ཡང་ཧ་ལས་ཤིང་། སྐྱེས་པ་དེའི་མཚན་དང་འདས་པའི་ལོ་རྒྱུས་ རྒྱབ་ལྗོངས་བཅས་འདྲི་རྟོག་བརྒྱུད་རིམ་ནང་། མི་འདིས་ཟླ་ཤས་གོང་ཆང་ཁང་དེར་རང་གི་ཁ་གཏད་ཅིག་དང་འཁྲུག་འཛིང་ཤོར་ཡོད་པའི་གནས་ཚུལ་ངོ་འཕྲོད་བྱུང་། ཉེན་རྟོག་ཚན་པས་མི་དེ་དང་འཁྲུག་འཛིང་ཤོར་མཁན་མི་དེ་བཙལ་ནས་འདྲི་རྟོག་སྐབས། ཁ་གཏད་པས་རང་ཉིད་དང་འཁྲུག་འཛིང་ཤོར་མཁན་དེ། ཆང་ཁང་དེའི་སྒོ་འགྲམ་དུ་ཁ་པར་གཏོང་སྐབས་ཤིག་ལ་མེ་མདའ་བརྒྱབ་ནས་བསད་པ་ཁས་ལེན་ཞུས། དངོས་སྒྲུང་མཇུག་རྫོགས་སོང་།།།།།།།ཟེར འོ་ན་་སྐྱེས་པ་དེ་དོན་དངོས་ཤི་ཡོད་དམ་མེད་་མགོ་ཐོམས་སོང་།

  6. སངས་རྒྱས་དོན་འགྲུབ། says:
    2012-10-24 at 1:13 am

    ཞིབ་ཏུ་ཀློག་དང་། དོན་ཡོད་མཁས་གྲུབ་ལགས། སྐྱེས་པ་དེ་བསད་འདུག། ཡིན་ནའང་ཁོ་དང་འདྲ་བ་ཞིག་ལ་ནོར་ནས་བསད་མི་འདུག་པས།

  7. བསྟན་འཛིན།། says:
    2012-10-24 at 5:15 am

    སྒྲུང་སྙན་པོ་རེད། ཡག་པོ་བྲིས་འདུག

  8. ནུབ་ཕྱོགས་གངས་ཕྲུག་ says:
    2012-10-24 at 3:09 pm

    བོད་རིགས་ཚོ་རྒྱ་གར་གྱི་ TV Serial དང་Bollywood སོགས་ལ་མགོ་མ་ཐོམས་རོགས། དེ་ལས་ལྡོག་ཏེ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་མཚན་རིག་དང་། དཔལ་འབྱོར། འདྲ་མཉམ། རང་དབང་ཐོབ་ཐང་སོགས་ལ་མིག་དཔེ་བལྟ་རོགས།

  9. འཇིགས་མེད། says:
    2012-10-24 at 9:50 pm

    སློབ་གསོ་འདི་ལྟ་བུ་མང་ཙམ་དགོས། Life ok དང་ crime Patrolའདི་གཉིས་ནང་རྒྱ་གར་ནང་དངོས་སུ་བྱུང་བའི་གནས་ཚུལ་སྟོན་གྱིན་ཡོད། དེ་ནས་ང་ཚོ་བོད་མི་ཚང་མ་ལོས་ཤེས་དགོས་མང། བོད་མི་ཚོས་གོང་ནས་དྲ་གྲོགས་ཞིག་གིས་རྒྱ་གར་གྱི་ TV Serial དང་Bollywood སོགས་ལ་མགོ་མ་འཐོམས་གསུངས་པ་ལྟར། ཆོ་མེད་དེ་དག་ལ་ལྟ་བ་ལས་སྐབས་རེར་Life ok དང་ crime Patrolའདི་གཉིས་ལ་བལྟས་ན་སློབ་གསོ་ཐོབ།

  10. མེ་ཏོག་དཀར་པོ says:
    2012-10-24 at 11:09 pm

    life ok ནང་གི་saudhan India
    Sony ནང་གི་ crime patrol
    ང་ལ་དེ་དག་ལས་ཉམས་མྱོང་ཐོབ་ནས་ལག་ལེན་བསྟརབ་དཔེ་མཚོན་ཞིག
    ན་ཉིན་དགུན་ཁ་ང་གཅིག་པུ་ཐོ་རེངས་ཆུ་ཚོད་ ༡ པོར་མན་ནུ་ཊི་ལ་ནས་གནམ་ཐང་དུ་འགྲོ་དགོས་ཐུག འགྲིམ་འགྲུལ་ཁང་དང་མགྲོན་ཁང་ནས་མིན་པར་ཞོགས་པ་དེ་རང་འཁོར་གླ་ཞིག་ཐད་ཀར་གླ་དགོས་ཐུག དེར་གོང་ཚད་བསྒྲིགས་རྗེས་སྣུམ་འཾཁོར་གྱི་ཨང་ཀི་ཐད་ཀར་པར་བླངས། ནང་དུ་བསྡད་རྗེས་ཁ་ལོ་པས་གོ་བའི་ཆེད་ཁ་པར་ཐོགས་གླ་འཁོར་མདོག་དཀར་པོ། indica ཨང་འདི་བྱས་པ་ཞིག་ནང་ཡོང་གི་ཡོད། ཨང་འདི་བྲིས་ཏེ་ SMS ནང་བསྐུར་ཡོད་ཅེས་ཧིན་དིའི་སྐད་ནང་བཤད་ཁུལ་བྱས། དོན་ལ་ང་ལ་ཁ་པར་གཏོང་ས་མེད་ལ་བཏང་ཀྱང་མེད། དེས་རང་སྲུང་ལ་ཕན་ཐོགས་ཆེན་པོར་གྱུར་པའི་ཚོར་སྣང་བྱུང་།
    ཁྱེད་རྣམས་ཕན་ཚུན་འགྲུལ་དུས་འགྲུལ་འཁོར་དེ་མགྲོན་ཁང་དང་འགྲིམ་འགྲུལ་ཁང་ནས་གླ་རོགས། དེ་ལྟར་མིན་ན་རང་ཉིད་གང་དུ་སྡོད་པའི་གླ་འཁོར་གྱི་ཨང་གྲངས་རང་ཉིད་ཀྱིས་ཉར་བའམ། གང་རུང་ཞིག་ལ་SMS བྱོས། དེས་ཆེ་ས་ནས་སྲོག་སྲུང་བ་དང་ཆུང་ས་ནས་ཅ་དངོས་བོར་བ་སླར་ལག་ཏུ་སོན་པའི་རེ་བ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme