Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་འཐད་རུང་གླེང་དགོས་པ་ཞིག

Posted on 2011-04-09 By ཁ་བརྡ་ 14 Comments on མི་འཐད་རུང་གླེང་དགོས་པ་ཞིག

ཁྲག་ཐིགས།

དེང་སྐབས་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་བོད་ཟེར་བའི་མི་རིགས་ཤིག་ངོ་འཕྲོད་པ་དང་ལྷན་དུ་མི་རིགས་འདིའི་ཆབ་དཔལ་རིགས་གསུམ་གྱི་སྟེང་ལ་དོ་སྣང་འང་ཤུགས་ཆེན་ཞིག་སླེབས་གྱིན་ཡོད་ཕྱིན་མི་སྒེར་དང་ཚོགས་པ་འདྲ་མིན་སོགས་ནས་རྩ་འཛུགས་སྒོས་བོད་འདིའི་ཐུན་མིན་གྱི་རིག་གཞུང་ལ་ཉམས་ཞིབ་བྱེད་ཀྱིན་འདུག་པ་ལྟར་རོ། སྤྱིར་མི་རིགས་འདིའི་རིག་གནས་ཁྲག་རྒྱུན་གྱི་དྲོད་ཁོལ་ལོ་ངོ་སྟོང་ཕྲག་གི་རིང་ཡལ་མ་མྱོང་ཞིང་དེ་མཚུངས་སུ་སྒང་བ་བོད་པ་ཚང་གི་མི་བུ་མང་པོ་ཞིག་གིས་མི་རིགས་འདིའི་ཤེས་ཡོན་གྱི་ཐད་ལ་མཛད་རྗེས་མི་དམན་པ་ཞིག་ཀྱང་བཞག་ཡོད། ཁོ་ཚོ་ལ་ཆ་མཚོན་ན་ངེད་བོད་པ་ཚང་གི་ཤེས་ཡོན་གྱི་ཚབ་མཚོན་མི་སྣའི་སྣེ་ཁྲིད་ཅིག་གམ་གོ་ལ་ཟླུམ་པོ་འདིའི་ཡང་སྟེང་ལ་བོད་ཀྱི་རིག་གཞུང་གི་གད་རྒྱངས་སྒྲོག་མཁན་ཐོག་མ་དེའང་ཆགས་འདུག དེང་དུས་བོད་ཟེར་བའི་མི་རིགས་ཤིག་གིས་ས་ཟླུམ་འདིའི་སྒང་ནས་རང་ཉིད་ལ་ངོམས་ཆོག་ཆོག་གི་ཤེས་ཡོན་གྱི་དར་ཆ་ཞིག་བསྒྲེངས་ཡོད་པའང་ཁོང་ཅག་གིས་འཛམ་གླིང་འདིའི་སྟེང་ནས་དུས་གསུམ་དུ་ནུབ་མི་སྲིད་པའི་ཤེས་རིག་གི་རྡོ་རིང་ཞིག་བཞེངས་བའི་དན་རྟགས་སུ་གྲུབ་འདུག་པས་ཡིན། ཡིན་ཡང་། དུས་རབས་གྱི་བཞུར་འགྲོས་ཁྲོད་ངེད་ཅག་ལྟ་བའི་རྗེས་རབས་པ་དག་ལ་མི་རིགས་འདིའི་ཤེས་ཡོན་གྱི་བདེ་སྡུག་ཕྲག་ཏུ་བབས་དུས་ཁོ་ཚོས་བསྐྲུན་པའི་ཆབ་དཔལ་རིག་གསུམ་གྱི་ཁོར་ཡུག་ལ་སྐྱ་ཐིང་ཐིང་གི་མཁའ་དབྱིངས་ཤིག་ལས་ཅི་ཡང་བསྐྲུན་མ་ནུས།
ལོ་ངོ་ལྔ་བཅུའི་རིང་གི་བཙན་བྱོལ་སྤྱི་ཚོགས་ཁྲོད་དཔེར་བཞག་ནའང་ང་ཚོར་རང་དབང་དགུ་དགུ་གྱ་གཅིག་འཛོམས་པའི་ཁོར་ཡུག་ཅིག་ཏུ་མི་རིགས་འདིའི་རིག་གནས་ལ་དོ་སྣང་དང་དར་སྤེལ་བཏང་ཆོག་ཆོག་གི་ཕྱི་ནང་གི་རྐྱེན་གང་འཚམ་ཞིག་འཛོམས་འདུག་མོད། ཤེས་ཡོན་པའི་སྡེ་ལ་བརྩི་བའི་མཐོ་སློབ་ཁག་དང་མི་སྒེར་བ་ཁ་ཤས་ཤིག་གི་གནས་བབས་ལས་ཁ་གདང་ན་ཁོག་མཐོང་བའི་སྣང་ཚུལ་འདིས་ངེད་ཅག་ངོ་གནོང་བའི་ཚད་ལ་སླེབས་འདུག ད་དུང་། མི་ཐེག་བཞིན་དུ་ཤེས་ཡོན་པའི་ཆོ་ལོ་ཁུར་བའི་ཧུར་ཐག་པ་ཁ་ཤས་ཤིག་ཡོད་མོད་དེ་དག་ལ་བདག་གིས་གྲོག་མའི་དབུས་ལམ་འགྲིམ་པའི་གཏམ་རྒྱུད་ཅིག་གི་ལེགས་སྐྱེས་ལས་ཅི་ཡང་མེད་དོ།

སྤྱིར་ན་བཙན་བྱོལ་སྤྱི་ཚོགས་འདིའི་ཁྲོད་མཐོ་སློབ་ཁག་དང་དགོན་སྡེ་(སྤྱིའི་ཆ་ནས་གླེང་ན)དག་མི་རིགས་འདིའི་ཤེས་ཡོན་གྱི་མིག་དཔེ་བལྟ་སའི་སྡེ་ཁག་ཅིག་ཏུ་ཆགས་དགོས་མོད་དགོད་བྲོ་ཞིག་ལ་ཕར་མིག་དཔེ་སྟོན་པ་ཕར་ཞོག་ཐ་ན་སྐབས་སུ་བབས་དུས་རང་མགོ་འང་འཆང་དཀའ་ཚོད་འདུག ལོ་ངོ་འདི་དག་གི་རིང་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་མི་རིགས་འདིའི་རིག་གཞུང་གི་ཚབ་མཚོན་མི་སྣ་ཞིག་ཡར་བཙལ་ན་གོང་ས་མཆོག་དང་སམ་གདོང་བླ་མ་རྣམ་གཉིས་དང་མར་བཙལ་ན་ཁོང་རྣམ་གཉིས་ལས་རྣ་བཅད་ནས་ལག་ལ་འཇོག་དགོས་ཀྱང་ངེད་ཅག་གིས་སུ་ཞིག་སྟོན་ནམ། ད་དུང་ཡིན་མདོག་སྒོས་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་མིང་བྱང་རྫིག་པོ་རེ་ཁུར་ནས་རང་ལྟ་མཆོག་འཛིན་དང་ཡོད་མདོག་ཡིན་མདོག་གི་ཁ་ཕོ་ཙམ་ལས་ཅི་ཞིག་འཇོན་ནམ་གང་ཞིག་ནུས་སམ།

དེ་བས་ཀྱང་དགོད་བྲོ་ཞིག་ལ་དེང་སྐབས་ཕྱིའི་ཡུལ་གྲུ་ཁག་ཏུ་བོད་ཀྱི་རིག་གཞུང་གི་ཚབ་མཚོན་མི་སྣར་འོད་ཟེར་འཇོག་གིན་འདུག བསམ་ཞིབ་རེ་བྱོས་དང་། བོད་ཡིག་ཙམ་ཕར་ཞོག་ཐ་ན་བོད་སྐད་ཀྱང་མི་ཤེས་པའི་མི་ཞིག་གིས་མི་རིགས་འདིའི་རིགས་གཞུང་གི་ངོ་བོ་དང་ཚབ་ཇི་ལྟར་མཚོན་ནུས་སམ། རིག་གཞུང་འདིའི་ཚབ་མཚོན་པ་ལ་བོད་པའི་རིགས་རྒྱུད་ཡིན་ཙམ་གྱི་ག་ལ་འགྲིག འོད་ཟེར་ལ་མཚོན་ན་ཁྱེད་ཅག་གིས་བོད་པའི་རིགས་རྒྱུད་ངོ་མ་ཞིག་ཏུ་ངོས་འཛིན་ཐུབ་བམ། ད་དུང་ང་ཚོས་ངེས་པར་དུ་གཟབ་དགོས་པ་ཞིག་ལ་རྒྱ་ནག་གཞུང་གིས་སྟེང་འཛིན་འོག་འོད་ཟེར་གྱིས་བོད་དོན་ཐད་རྩོམ་ཡིག་སོགས་སྤེལ་ནས་ནམ་ཞིག་ན་འོད་ཟེར་རྒྱ་གཞུང་གིས་བཀོད་ཇུས་འོག་ནོལ་པེལ་རྩོམ་རིག་བྱ་དགའ་ལྟ་བའི་ལྡིངས་ཆ་དེར་ཕུད་མི་སྲིད་པ་མིན། གལ་སྲིད། འོད་ཟེར་དེ་འདྲའི་བྱ་དགའི་མཛད་སྒོ་ཅིག་གི་སྟེགས་བུ་ལ་གོམ་པ་སྤོས་ན་རྒྱ་གཞུང་གི་རེ་འདུན་ཉག་གཅིག་ཀྱང་འབད་མེད་ལྷུན་འགྲུབ་དུ་གྲུབ་པ་རེད་ལ་དེ་དུས་འཛམ་གླིང་སྟེང་མི་རིགས་འདིའི་རིག་གནས་ཀྱི་ངོ་བོ་ལའང་རྡབ་གསིག་མི་དམན་པ་ཞིག་འབྱུང་སྲིད།

གང་གི་ཕྱིར་ན་རང་མི་རིགས་འདིའི་རིག་གཞུང་གི་ངོ་བོ་ནི་རང་གི་སྐད་ཡིག་སྟེང་མཆིས་པ་ལས་མི་རིགས་གཞན་ནམ་དཔེར་ན་རྒྱའི་སྐད་ཡིག་ལས་ཅི་ལྟར་མཚོན་ནུས། འོད་ཟེར་གྱིས་མི་རིགས་གཞན་གྱི་ཡིག་རིགས་སྟེང་སྤེལ་བའི་རྩོམ་ཡིག་དག་མི་རིགས་འདིའི་རིག་གཞུང་གི་ཚབ་མཚོན་བརྩམས་ཆོས་སུ་བཞག་ན་མ་འོངས་པར་བོད་མི་རིགས་ཀྱི་རིག་གཞུང་གི་ངོ་བོ་ལས་ཞོ་ལ་ཚྭ་རྒྱབ་པ་ལྟ་བའི་བྲོ་བ་ཞིག་མྱོང་དགོས་པའི་སྣང་ཚུལ་ལས་ཅི། དེ་བས་ངེད་ཅག་གིས་འདིའི་རིགས་ལ་རྒོལ་གཏམ་ཚ་བེར་བ་ཞིག་དང་མི་རིགས་འདིའི་རིག་གཞུང་གི་བདེ་སྡུག་ལ་ཤི་འཐམ་རོ་འཐམ་བྱེད་དགོས་རྒྱུ་ནི་མ་སྨྲས་ཀྱང་ངེད་ཅག་གི་ཕྲག་ཏུ་བབས་པའི་འོས་འགན་ཞིག་གོ

སྣ་ཚོགས།

Post navigation

Previous Post: ༧གོང་ས་མཆོག་གི་བགྲེས་ཡོལ། དབུ་མའི་ལམ་གྱི་བགྲེས་ཡོལ།
Next Post: དཔྱིད་མགོའི་མེ་ཏོག་གི་འདབ་མ་འཐོར་དུས།

Comments (14) on “མི་འཐད་རུང་གླེང་དགོས་པ་ཞིག”

  1. བྱ་ཁྲ་བསོད་ནམས། says:
    2011-04-10 at 1:25 pm

    ཁྲ་ཐིགས་ལགས། ཁྱེད་ཀྱི་རི་བོང་གནམ་བརྡབས་ཀྱི་ན་སེམས་ཁྲེལ་ལ། ངས་རྒྱ་མི་རིགས་ཤིག་གིས་བོད་ཀྱི་སྐད་ཡིག་གི་ཐོག་ནས་ནོར་སྦེར་གྱི་རྩོམ་རིགས་ཀྱི་བྱ་དགའ་བླངས་སོང་ན་ཞེས་ན་དྲི་བ་ཞིག་དྲིས་ན། ཁྱེད་ལ་ལན་ཅི་ཞིག་ཡོད།

  2. ཁྲག་ཐིགས། says:
    2011-04-10 at 7:39 pm

    གྲོགས་བྱ་ཁྲ་བསོད་ནམས་ལགས། སྤྱིར་ན་ཁྱེད་ཀྱིས་བཏབ་པའི་མཆན་བུ་དེ་ལས་བཏོན་པའི་དྲི་བ་དེར་བདག་གིས་བརྒལ་བའི་ངལ་བ་མི་དགོས་ལ་ཡང་གཅིག་བཤད་ན་ཁྱེད་ཀྱིས་ཡིག་ནོར་གྱི་གད་སྙིགས་ཕུང་བོ་ཞིག་འདིར་བྱོ་འདུག་པ་དེ་ལ་དེ་བས་ཀྱང་ལན་སྤྲོ་བའིི་འདུན་པ་མི་འདུག་མོད ཁྱེད་ཀྱིས་སྙམ་མེད་ངང་ངག་ནས་འཆད་པའི་རི་བོང་གནམ་བརྡིབ་ཀྱི་སེམས་འཁྲལ་ཞེས་པའི་ཚིག་རྐང་འདི་ལས་ངས་འདི་ནས་ཁྱེད་ཀྱི་ཤ་གསེང་རུས་གསེང་ལ་འཐིམ་པའི་ རྙིང་ཞེན་གྱི་བག་ཆགས་ཤིག་ཚོར་ཡོང་ལ་འདི་ལྟ་བའི་དན་རྟགས་ལས་ཁྱེད་དང་ཁྱེད་ལྟ་བའི་མང་པོ་ཞིག་གིས་ཀྱང་མི་རིགས་ལ་འགན་འཁྲིའི་འདུ་ཤེས་བོར་ཞིང་མི་རིགས་ཤིག་གི་རིག་གཞུང་གི་བདེ་སྡུག་ལ་བསམ་གཞིག་བཏང་མ་མྱོང་བའི་རྟགས་མཚན་ཞིག་ངང་གིས་མངོན་འོང་གིན་འདུག དེ་ཡང་ཡིན་སྲིད་ལ་ཁྱེད་ལྟ་བའི་ཀྱང་རང་གིས་བཏབ་པའི་མཆན་བུ་ཐུང་ངུ་དེ་འདྲ་ཞིག་གི་མགོ་རྔ་ལ་བདག་པོ་རྒྱག་མི་ཐུབ་ན་མི་རིགས་འདིའི་ཤེས་ཡོན་གྱི་ཐད་ལ་དེ་བས་ཀྱང་ངོ་། དེའི་ཕྱིར ངས་འདི་ནས་ཁྱེད་ཅག་གི་འཐོམ་པའི་མགོ་བོ་དེར་འགྲམ་ལྕགས་ཚ་ཐག་ཆོད་ཅིག་མི་བཞུ་ཐབས་མེད་དུ་འདུག སྤྱི་ཚོགས་རྙིང་པའི་བག་ཆགས་བྱུགས་པའི་སྐད་ཆ་འདི་དག་ངག་གོམས་སུ་སོང་བའི་ཤུགས་རྐྱེན་ལས་མི་ག་ཚད་ཅིག་གི་བསམ་བློ་ལ་བག་ཆགས་དེ་རིགས་ཀྱིས་བཙན་འཛུལ་ཡོད་པར་བསམ་གཞིག་བྱས་མྱོང་ངམ། ཁྱོས་ཀྱང་མི་རིགས་འདིའི་ཤེས་རིག་ལ་སེམས་ཁྲལ་མ་བྱས་ངས་ཀྱང་སེམས་ཁྲལ་མ་བྱས་བར་མི་རེ་རེ་ངོས་ནས(་རི་བོང་གནམ་བརྡིབ་ཀྱི་སེམས་འཁྲལ་)གྱི་དཔེ་བཞིན་བྱས་ན་དེའི་མཇུག་འབྲས་མ་བཤད་ཀྱང་ལོས་མཁྱེན། ད་དུང་ཁྱེད་ཀྱིས་མ་ཤེས་པའམ་མ་ཤེས་ཁུལ་བྱས་བ་གང་ཡིན་མི་ཤེས་མོད་གལ་སྲིད་རྒྱ་རིགས་རྩོམ་པ་པོ་ཞིག་གིས་བོད་ཡིག་གི་སྟེང་ནས་ནོལ་པེལ་རྩོམ་རིགས་བྱ་དགའ་ལྟ་བའི་གཟེངས་རྟགས་ཤིག་བླངས་ན་དེ་ནི་བོད་སྐད་ཡིག་གི་གཟི་བརྗིད་ཅིག་དང་བོད་མི་རིགས་ཀྱི་ངོ་ཚ་ཞིག་ཡིན་པ་ལས་གཞན་གང་ཞིག སྐབས་དེ་ལྟ་བུ་ཞིག་ཡོད་སྲིད་དུས་སྐབས་དེར་ཁྱེད་ཀྱིས་རང་གི་ངོ་གདོང་གོ་བའི་ཤན་ནས་འགྲོ་ན་མ་གཏོགས་ཤེས་རིག་གི་ཚ་རླབས་འཕྱུར་བའི་དུས་སྐབས་འདིར་འཛམ་གླིང་མི་དམངས་ཀྱི་མདུན་ནས་མགོ་བོ་ཇི་ལྟར་དགྱེས།

  3. བོད་པ་ཚང says:
    2011-04-10 at 7:48 pm

    ཁྲ་ཐིགས་ལགས། རྒྱུ་མཚན་གཏན་ནས་མེད་པ་ཞིག་མ་རེད། དེང་སང་རང་ཚོད་མ་བཟུང་ན་བཟང་ངན་གོ་ས་
    བརྗེས་པ་ཡོད། གོང་གིའོར་ཟེར་དེ་འདྲ་རང་མ་རེད།
    ཕྱི་སྟོད་བོད་མི་ཁ་ཤས་ཀྱིས་རང་བཟོས་བྱས་ཏེ་འབའ་བ་ཕུན་ཚོགས་དཔང་རྒྱལ་བོད་མཁོ་བའི་གསར་གཏོད་
    མཁན་མཁན་ཟེར་ནས་དེབ་ཆེན་ཞིག་འཛམ་གླེང་གང་སར་ཡོད། ༼འགོ་ཆོག་གམ་སྔོན་ཐོན་ནམ་རྒྱ་དགའ་རྣམས་༽ཕལ་ལམ་དོན་འདྲ།
    ཞྭ་སྒབ་པའི་སྲིད་དོན་རྒྱལ་རབ་པར་བསྐྲུན་བྱས་པ་ལས་འབའ་ཕུུན་གྱི་ལོ་མང་བོ་བཀྲམ་པ་སྐྱོ་བ་ལ།
    བདེན་པ་ཨེ་རེད།

  4. བྱ་ཁྲ་བསོད་ནམས། says:
    2011-04-11 at 2:22 am

    ཁྲ་ཐིགས་ལགས། དང་པོར་ཁྱེད་ཀྱིས་ཡིག་ནོར་གྱི་གད་སྙིགས་ཕུང་པོ་འདིར་བྱོ་འདུག་གསུངས་འདུག ཡིག་ནོར་གང་དང་གང་ཡོད་འདོན་རོགས།
    གཉིས་པར། ཁྱེད་ཀྱིས་ང་ལ་རྙིང་ཞེན་གྱི་བག་ཆགས་མཐུག་པོ་གྱོན་པས་མི་རིགས་ཀྱི་འགན་འཁྲིའི་ཚོར་བ་མི་འདུག་ཅེས་སྙོན་འཛུགས་བྱས་འདུག དངོས་གནས་ཁྲ་ཐིགས་ལགས་ཁྱེད་རང་མི་དགོད་དྲོ་པོ་ཞིག་རེད་འདུག གནའ་མིའི་བོད་ཀྱི་གཏམ་དཔེར་། མི་ལ་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་བའི་མེ་ལོང་དགོས་གསུངས་པ་ལྟར། ད་དུང་ཡང་ཁྱེད་རང་གིས་ཁྱེད་རང་མཐོང་བཞིན་མི་འདུག དེང་སང་ཆེས་འཛམ་གླིང་གོ་ལའི་རིང་ལུགས་ཀྱི་ལྟ་བ་ས་དར་གནམ་དར་གྱི་དུས་ཚོད་འདིར་མི་རིགས་ཀྱི་འགན་འཁྲི་དང་མི་རིགས་ཀྱི་ལྟ་བ་ཞེས་པ་འདི་མཁྲེགས་འཛིན་དང་ཞེན་ཁོག་གི་དབང་ནས་མིན་པ་རྣམ་དཔྱོད་ལྡན་པའི་ཐོག་ནས་འཛིན་རྒྱུ་དེ་གལ་ཆེན་པོ་རེད
    དེར་ཁྱེད་ཀྱིས་ཡང་བསྐྱར་ནན་པོ་ཞིག་དཔྱད་ན། ཁྱེད་ཀྱི་བློ་ཁ་དེ་འགྱུར་ངེས་ཡིན།

  5. རྨུ་ཐག་གི་བུ་རྒྱུད། says:
    2011-04-11 at 4:37 am

    འོད་ཟེར་གྱིས་བོད་སྐད་མི་ཤེས་ཟེར་བ་རྫུན་རེད། ཐེངས་མང་པོར་བོད་སྐད་ཀྱི་ཐོག་ནས་བགྲོ་གླེང་བྱས་པ་གོ་མྱོང་། ཡིད་མ་ཆེས་ན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འོད་ཟེར་གྱི་གླེང་སྟེགས་ལ་གཟིགས་རོགས། གཞན་ཡང་བོད་ཀྱི་རིག་གཞུང་ཚབ་མཚོན་ཐུབ་པ་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ལས་གཞན་མེད་ཚུལ་གླེང་འདུག ནང་ཆོས་ཀྱི་ཐད་ནས་ཡིན་ནའང་འདྲ། བོད་ཀྱི་སྐད་ཡིག་གི་ཐད་ནས་ཡིན་ནའང་འདྲ། ཡུལ་སྲོལ་གོམས་གཤིས་ཀྱི་ཐད་ནས་ཡིན་ནའང་འདྲ། ཕྱོགས་གང་ནས་ཡིན་རུང་འདི་ལྟར་ཚིགས་ཆོད་ཐུབ་པ་ཞིག་མ་རེད། དེ་བས་འདིར་འབྲས་བུ་མེད་པའི་རྩོད་གླེང་བྱེད་རྒྱུ་མིན།

  6. ཚེ་བསམ་ says:
    2011-04-11 at 6:51 am

    རེད་རེད་ཁྲག་ཐིགས་ཀྱི་བཤད་པ་དེ་དངོས་གནས་རེད།
    ཡིན་ན་ཡང་དེང་སང་དངོས་གསུམ་ལ་ཁ་ཕྱོག་ཁན་ཉུང་ཉུང་རེད་འདུག།

  7. ཁྲག་ཐིགས། says:
    2011-04-11 at 7:00 am

    བོད་པ་ཚང་ལགས། ཁྱེད་ཀྱིས་དེ་ལ་རྒྱུ་མཚན་མེད་པ་ཞིག་མིན་ཞེས་བ་དེ་རྒྱུ་མཚན་གང་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ངས་ཀྱང་འདིར་དེ་ལ་རྒྱུ་མཚན་ལྟར་སྣང་ཞིག་མ་གཏོགས་རྒྱུ་མཚན་མེད་པར་གླེང་གིན་མེད། གལ་སྲིད་བཟང་ངན་གོ་ལྡོག་ཀྱང་ངེད་ཅག་གིས་ད་དུང་ལོང་བ་དང་འོན་པའི་བརྟུལ་ཞུགས་བཟུང་ནས་སྐྱུར་བྲོ་བའི་སྣང་ཚུལ་དེ་དག་ལ་བདེན་ཁ་བརྒྱ་ཆའི་བརྒྱ་སྤྲད་ནས་དེ་དག་དང་ལེན་བྱེད་དགོས་སམ།
    ཁྱེད་ཀྱིས་ད་དུང་ཉ་ཉོག་མང་པོ་ཞིག་བྲིས་འདུག་མོད་རང་གི་མཆན་བུ་ཉིད་ཀྱིས་ཞིབ་ཀློག་ཐེངས་གཅིག་བྱོས་དང་བརྗོད་བྱ་གང་ཞིག་དང་ཚིག་རྐང་དག་ཅི་ལྟར་སྦྲེལ་དགོས་བའང་རང་ཉིད་ཀྱང་མགོ་འཐོམ་ངེས།
    བྱ་ཁྲ་བསོད་ནམས་ལགས། ཉིིད་ཀྱིས་དངོས་གནས་གདོང་ལ་གོ་བའི་ཤན་ཡོད་ཚོད་འདུག ཁྱེད་ཀྱིས་ཡ་ཐོད་ན་ཡོད་པ་མིག་མིན་པ་ཞིག་མིན་ན་མཆན་བུའི་ཡིག་འབྲུ་དང་པོ་ཕ་རོལ་བའི་མིང་ལ་ཁྲག་ཐིགས་ཞེས་འབྲི་དགོས་པ་ལས་ཁྲ་ཐིགས་ཞེས་བྲིས་འདུག་པ་དེ་གང་ཡིན། དེ་ཡང་ཉིད་ཀྱིས་ཐུགས་མཉམ་མ་བཞག་པ་ཞིག་ཡིིན་སྲིད་ཀྱང་འོ་ན་རི་བོང་གནམ་བརྡིབ་ཅེས་བར་གནམ་བརྡབས་ཞེས་པ་དང་གནམ་བརྡིབས་ཀྱི་ན་སེམས་ཁྲལ་ཞེས་ཚིག་རྐང་མི་འབྱོར་བཞིན་ཏུ་བར་རོལ་ལ་ན་ཞིག་རྡོ་ཆགས་བཙན་བསྒྲིགས་བྱས་འདུག་པ་ཡང་ཅི་ཡིན། ད་དུང་རྩོམ་རིགས་ཞེས་པ་སོགས་ཁྱེད་ཀྱིས་བྲིས་པའི་གད་སྙིགས་ཀྱི་ཕུང་བོ་འདི་དག་རྒྱབ་ཏུ་འཁུར་ནས་ད་དུང་འུར་འདོན་གྱིན་ཡོད་དམ། ཁྱེད་ལ་སྙོན་འཛུགས་བྱས་འདུག་ཟེར་བ་བདག་གིས་གོང་དུ་བཏབ་པའི་མཆན་བུ་དེའི་རིགས་པས་མི་འགྲུབ་པ་ཅི་ཡང་མི་འདུག ད་དུང་། ཁྱེད་ཀྱིས་འཛམ་གླིང་གོ་ལའི་རིང་ལུགས་ཟེར་བ་ཡང་གང་ཡིན ། མི་རིགས་ཀྱི་འགན་འཁྲི་མི་དགོས་ཞིང་མི་རིགས་ཀྱི་ལྟ་བའི་ངོ་བོ་མཁྲེགས་འཛིན་དང་ཞེན་ཁོག་ལ་བསྒྱུར་བའི་ཁྱེད་ ཀྱིས་སོམས་དང་མི་སོ་སོའི་ངོས་ནས་མི་རིིགས་ཀྱི་འགན་མ་བླངས་ཚེ་ནམ་ཞིག་ན་མི་རིགས་དེ་རྒྱ་མཚོར་ཁ་བ་ཐིམ་པ་ལྟ་བའི་དུས་སྐབས་ཤིག་འབྱུང་མི་སྲིད་དམ། མི་རིགས་ཤིག་གི་ཚེ་སྲོག་ཀྱང་མི་སོ་སོའི་འགན་འཁྲི་ལས་གསོན་པ་མ་གཏོགས་འབད་མེད་ལྷུན་འགྲུབ་ཅིག་ཁྱེད་ཀྱིས་ཁྱེར་ཡོང་ན་མ་གཏོགས་ཡོད་མི་སྲིད རང་ཉིད་ཀྱིས་ཀྱང་ཁུངས་མི་འཁྱོལ་བའི་སྐད་ཆ་དང་བྱ་སྤྱོད་དེ་དག་གིས་རང་ཉིད་མི་རིགས་འདིའི་ལྷག་མར་ཕུད་ཀྱིན་ཡོད་པ་མི་ཤེས་སམ། མི་རིགས་ཀྱི་འགན་འཁྲི་དང་མི་རིགས་ཀྱི་ལྟ་བ་ཞེས་པ་མཁྲེགས་འཛིན་དང་ཞེན་ཁོག་གི་དབང་ནས་མིན་པར་རྣམ་དཔྱོད་ལྡན་པའི་ཐོགས་ནས་འཛིན་རྒྱུ་དེ་གལ་ཆེན་པོ་རེད་ཅེས་པའི་རང་གིས་མི་ཐེག་ཅིང་གནམ་ལ་མི་ཤོང་བའི་ཁ་ཕོ་དེ་ཙམ་བསྒྲགས་པ་ལས་རང་གིི་མིག་མདུན་ན་འཚིང་བའི་ངོ་དེབ་ནང་གི་ཡིག་ནོར་དག་རྣམ་དཔྱོད་ལྡན་པའི་ཐོགས་དག་བསྒྲིག་བྱས་ན་མི་ལེགས་སམ།

  8. ཀརྡོ་རབ་འབྱམས་པ་ says:
    2011-04-11 at 7:38 am

    བོད་རིགས་རྒྱ་སྐད་རྩོམ་བྲིས་པ་ལྷ་ལྕམ་འོད་ཟེར་ལགས་ནི། བོད་སྐད་ཤོད་ཐུབ་ཙམ་ཡོད་པ་ང་རང་གི་རྣ་བས་གོ་མྱོངས་ཡོད་ལ། ༸གོང་ས་མཆོག་ལ་དད་ལྡན་ཅིག་ཀྱང་རེད་ལགས། བུད་མེད་ཐབས་མཁས་ལ་དཔའ་མོ་ཅིག་ཀྱང་ཡིན་ཚོད་འདུག་གོ ། སྐུ་ཚེ་ཡུན་བརྟན་ཤོག །

  9. བྱ་ཁྲ་བསོད་ནམས། says:
    2011-04-11 at 3:18 pm

    ཁྲག་ཐིག་ལགས། སྐུ་རྩེད་ཞུ་ཡིན། སྐུ་རླུང་མ་བཞེས། ཁྱེད་ཀྱིས་མི་རིགས་ཀྱི་འགན་འཁྲི་ཚོར་བའི་རྗེས་སུ་འབྲངས་ནས་གླེང་བ་དང་། ངས་མི་རིགས་ཀྱི་འགན་འཁྲི་རྣམ་དཔྱོད་ཀྱི་རྗེས་སུ་འབྲངས་ནས་གླེང་བ་གཉིས་མི་མཐུན་བ་ལས། ངེད་གཉིས་ཀས་མི་རིགས་ཀྱི་འགན་འཁྲི་གླེང་བ་གཅིག་པ་རེད་འདུག ཡིན་ནའང་ཚིག་གི་དག་ཆ་རེ་གཉིས་ནོར་བ་འདི་མི་རིགས་ཀྱི་འགན་འཁུར་མེད་པའི་རྟགས་རེད་ཟེར་ན་ངོས་ལེན་བྱ་རྒྱུ་མིན།

  10. ཁྲག་ཐིགས། says:
    2011-04-11 at 6:35 pm

    བྱ་ཁྲ་ལགས། ད་ནི་བདག་ཁྱེད་ལ་བྱིས་པར་ཀ་ཁ་སློབ་པ་ལྟ་བའི་གཅིག་གཅིག་གཉིས་གཉིས་བཤད་པའི་ཁོམ་པ་དང་ཆུ་ཚོད་མི་འདུག་པས་ལན་ཐུང་ངུ་ཞིག་འདོན་པར་བྱ། དྲྭ་ཚིགས་འདི་ལས་བདག་གིས་ཚང་མར་གྲོགས་པའི་འདུ་ཤེས་ཁྱེར་ནས་བདེན་ལུགས་ལ་ཡིན་མིན་གྱི་བརྡར་ཤ་གཅོད་པ་ལས་མི་གཞི་དམའ་འབེབས་དང་གནས་ལུགས་དང་མི་མཐུན་པའི་གླེང་སློང་ཞིག་བྱེད་མི་སྲིད་ལ་ང་ཉིད་རླུང་དེ་བས་ཀྱང་ལངས་མི་སྲིད། ད་ནི་ཉིད་ལ་དྲི་བ་ཞིག་འདོན་ཁྱེད་རང་མི་རིགས་འདིའི་བདེ་སྡུག་གི་ཐད་ལ་ཚོར་བ་གང་ཡང་མི་འདུག་གམ ཡང་ན་མི་རིགས་འདིའི་ཤ་ཁྲག་ས་ལ་ཐིམ་ཡང་ཚོར་མེད་ངང་འདུག་གི་ཡིན། ད་དུང་ཁྱེད་ཀྱིས་མི་རིགས་འདིའི་འགན་འཁྲི་རྣམ་དཔྱོད་ལ་བརྟེན་ནས་གླེང་ཟེར་གིན་འདུག་མོད་མི་རིགས་ལ་ཚོར་བ་དང་ཞེན་པ་མེད་ན་ཉིད་ཀྱིས་རྣམ་དཔྱོད་ལ་བརྟེན་ནས་མི་རིགས་འདིའི་ཅི་ཞིག་གླེང་བ་ཡིན།

  11. བྱ་ཁྲ་བསོད་ནམས། says:
    2011-04-12 at 2:40 am

    ཁྲག་ཐིགས་ལགས། ང་ནི་དྲ་ཐོག་ཏུ་སླེབས་པ་དང་པོ་དང། དྲ་ཐོག་ཏུ་གླེང་མོལ་བྱེད་པའི་དྲ་ཐོག་གི་གྲོགས་པོ་དང་པོ་དེ་ཁྱེད་ཡིན། ་ད་ནས་བཟུང་ངས་ཁྱེད་དྲ་ཐོག་གི་གྲོགས་པོ་ཡག་ཤོས་ཤིག་ལ་ངོས་འཛིན་བྱས་ཏེ་ཁྱེད་དང་མཉམ་དུ་གླེང་མོལ་བྱེད་ཀྱི་ཡིན། སྐད་ཆ་འདི་སྙན་ངག་སོགས་གང་ཡང་མིན། དངོས་གནས་ཡིན། ཁྱེད་ཀྱིས་ཀྱང་མོས་མཐུན་ཡོང་བའི་རེ་བ་ཡོད།
    དྲ་གྲོགས་ལགས། མི་རིགས་ལ་ཚོར་བ་ཟབ་མོ་ཡོད་པའི་ཐོག་ནས་མི་རིགས་ཀྱི་འགན་འཁྲི་འདི་རྣམ་དཔྱོད་ལྡན་པའི་ཐོག་ནས་འཁྱེར་ན་ཅི་འདྲ་འདུག

  12. ཁྲག་ཐིགས། says:
    2011-04-12 at 6:07 am

    ཡིན་དང་ཡིན། ངེད་ཅག་གིས་དྲ་ཚིགས་འདི་དག་ལས་བདེན་པ་ཞིག་བརྡར་དགོས་པ་ལས་ཕན་ཚུན་ལ་གུས་བརྩི་མེད་པའི་ངག་འཁྱལ་དང་ཉི་མ་འཁྱོལ་ཐབས་ཀྱི་གླིང་ག་ཅིག་ཏུ་བསམ་ན་དེ་ནི་ཕུང་གསུམ་པའི་ལས་ཤིག་མ་ཡིན་ནམ། ཉིད་ཀྱིས་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་རིགས་ལམ་གྱི་མེ་ཏོག་གཏོར་དང་ངས་ཀྱང་འདིར་ཁྱེད་ལྟ་བའི་གྲོགས་པོ་དག་ལ་བདེན་པའི་སྤར་ཁ་གཟེད་ནས་ཡོད།

  13. བྱ་ཁྲ་བསོད་ནམས། says:
    2011-04-12 at 6:47 am

    དྲ་གྲོགས་ཁྲག་ཐིགས་ལགས། རེ་བར་མོས་མཐུན་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་དྲ་ཐོག་ཏུ་སླེབས་པ་འདི། ཁྱེད་དང་ཁྱེད་ལྟ་བུའི་མཉམ་དུ་གླེང་མོལ་བྱས་ནས་ལེགས་སྐྱེད་ལེན་དུ་ཡོང་བ་དང། དྲ་ཐོག་གི་ཕྱོགས་ལྷུང་ཅན་གྱི་རྩོམ་པ་པོ་རྣམས་དྲང་ཐིག་ཅིག་ཏུ་འཁྲིད་ཐུབ་ན་སྙམ་ནས་ཡོང་བ་ལས། ངའི་ངོས་ནས་བཤད་ན་དུས་ཚོད་སྐར་ཆ་རེ་རེ་ཡང་རིན་ཐང་ཆེན་པོ་ཡིན།

  14. gyatso says:
    2011-04-14 at 6:00 am

    རྒྱ་གར་དབུས་གཞུང་ངམ་བོད་གཞུང་ལ་ཞུ་རྒྱུའི་རེ་འདུན།
    ༢༠༠༤དང་༢༠༠༥བར་བོད་ནས་གསར་དུ་འབྱོར་བའི་བོད་མི་མང་པོ་ཞིག་ལ་རྒྱ་གར་གཞུང་ངམ་ཡང་ན་བོད་གཞུང་ནས་R.C ཞེས་དེ་ད་དུང་ཡང་ཆ་ཚང་བ་ཞིག་བཟོ་མ་ཐུབ་པའམ་མ་བཟོས་པ་ཡིན་ན་འདྲ། གང་ལྟར་མགོ་བཙུགས་ནས་མཇུག་མ་སྐྱོང་བར་ལྷག་བསྡད་ཡོད་པ་རེད། ད་རེས་ལག་འཁྱེར་དེ་ཡང་སང་ཉིན་གནང་ཉིན་འདྲ་པོ་ཡིན་གྱི་རེད། བོད་གཞུང་ངམ་རྒྱ་གར་དབུས་གཞུང་ལ་ཞུ་རྒྱུ་ཁྱོད་ཅག་རྣམས་པས་ང་ཚོའི་ R.C ཆ་ཚང་ཞིག་བཟོ་ཐུབ་ཀྱི་ཡོད་ན་གང་མགྱོགས་བཟོ་རོགས་གནང་ཞུ་རྒྱུ་དང་ གལ་སྲིད་བཟོ་མ་ཐུབ་པའམ་བཟོ་འདོད་མེད་ན་གསལ་འགྲེལ་གནང་རོགས། ང་རང་ཚོས་ཐབས་ཤེས་གཞན་བརྒྱུད་ནས་བཟོ་ན་འདྲ་བོད་ལ་ལོག་ནས་རྒྱ་ནག་གི་R.Cཨེ་བཟོ་ཐུབ་ལྟ་།།།།།།།།།།།།།།།།།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme