Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཞུ་ཐབས་མེད་ཀྱི་གསལ་བཤད་ཅིག

Posted on 2011-12-012011-12-01 By ཤར་ཕྱོགས་ཁུག་རྟ། 12 Comments on མི་ཞུ་ཐབས་མེད་ཀྱི་གསལ་བཤད་ཅིག

ཤར་ཕྱོགས་ཁུག་རྟ།

ཕྲན་གྱི་རྩོམ་ཡིག་༼ སེང་གེའི་བཀའ་ཤག་གི་མདུན་ལམ༽་ཞེས་པ་བླང་དོར་སྒྲིག་གཞིར་འགལ་འདུག་གསུངས་བ་ལྟར། ཉེ་སྔོན་བོད་ཀྱི་དུས་བབ་གསར་འགོད་པས་བླང་དོར་སྒྲིག་གཞིའི་དོན་ཚན་གང་དང་འགལ་ཡོད་མེད་ཐད་དྲི་བཏང་བའི་ནང་། ༼ གནད་དོན་དེ་ནི་ལས་བྱེད་བླང་དོར་སྒྲིག་གཞི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ལས་བྱེད་ཀུན་སྤྱོད་བླང་དོར་དོན་ཚན་ལས། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཅེས་པར་འགལ་ཡོད་པ་རེད། ༽ཅེས་བཀོད་འདུག གནས་ཚུལ་འདི་དྲ་ངོས་དང་ཚགས་ཤོག་གཉིས་ཀར་འགྲེམས་སྤེལ་བྱས་ཡོད་སྟབས། རང་ཉིད་ཀྱིས་འགན་ཁུར་ཡོད་པའི་ཐོག་ནས་གནས་སྟངས་འདི༧གོང་ས་མཆོག་གཙོས་དྲང་བདེན་དང་ཤེས་རབ་ཀྱི་སྤྱན་དཀྱུས་མཚུངས་ཟླ་བྲལ་བ་དག་ལ་གསལ་བཤད་ཞུས་ཡོད་ཀྱང་། བཀུར་འོས་རྒྱ་ཆེའི་མི་མང་ལའང་གསལ་བཤད་ཅིག་ཞུ་འདོད་བྱུང་།

ལྟོས་ཚོད་ལ་དེ་ནི་བླང་དོར་སྒྲིག་གཞིའི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ལས་བྱེད་ཀུན་སྤྱོད་བླང་དོར་གྱི་ནང་གསེས་ཛ་པ་ཡིན་པ་འདྲ་འདུག འོན་ཀྱང་དོན་ཚན་འདིའི་ཕྱེད་ཀ་ལས་ནག་ཉེས་འཛུགས་མཁན་གྱིས་གསུངས་མི་འདུག དོན་ཚན་དེ་འདིར་ཇི་བཞིན་དྲངས་ན། ༼ ཞེ་འཁོན་གཡོ་ཐབས་ཀྱིས་གཞུང་ངམ། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་ཆེད་མི་མང་སྐུལ་སློང་བྱེད་མི་ཆོག༽་ཅེས་པ་འདི་རེད།

སྒྲིག་གཞིར་གསལ་བའི་དོན་ཚན་ཛ་པ་འདི་ནི་གསལ་བཤད་མ་ཞུས་ཐབས་མེད་ཅིག་རེད་འདུག་པ་ཚང་མས་བཀླགས་ན་མཁྱེན་ཆུབ་ལྟར་སོང་། ཕྲན་གྱི་རྩོམ་ཡིག་དུ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་བསྐོ་བཞག་གནང་བའི་གཞུང་ཞབས་སུ་ལའང་སྐྱོན་བརྗོད་བྱས་མེད་ལ། དེ་བས་ཀྱང་ཞེ་འཁོན་གཡོ་ཐབས་རིགས་ཏིལ་འབྲུ་ཙམ་ཡང་མེད་པས། དོན་ཚན་འདི་རང་གི་ནག་ཞྭར་གྱོན་རྒྱུའི་བློ་ཁོག་རྩ་བ་ནས་རྙེད་མ་བྱུང་ལ། གཞི་མེད་བསྙོན་འཛུགས་འདི་ཕྲན་གྱི་རྩོམ་ཡིག་དེར་ཁྱོན་ནས་འབབ་ས་སྤུ་རྩེ་ཙམ་ཡང་མི་འདུག

དེ་བས་གཟུར་གནས་དོན་གཉེར་ཅན་རྣམས་ཀྱིས་གནས་སྟངས་འདི་མཁྱེན་ཆུབ་གནང་གལ་ཆེ་བས་ཛ་དྲག་གི་གནས་སྟངས་འདིར་སྙན་གསེང་མི་ཞུ་ཐབས་མེད་ཆགས་སོང་། ཕྲན་གྱི་རྩོམ་དོན་ནི་རྩོམ་ཡིག་རང་གི་ཁ་བྱང་ལྟར། སེང་གེའི་བཀའ་ཤག་གི་མདུན་ལམ་གླེང་བ་གཙོ་འདོན་བྱས་པ་ཞིག་ཡིན་ལ། དེའང་ཚན་པ་གསུམ་གྱི་རྣམ་པའི་ཐོག དང་པོ་བཀའ་ཤག་གི་གྲུབ་ཆར་གྱུར་བའི་བཀའ་བློན་རེ་རེའི་ཤུགས་རྐྱེན་གླེང་བ་དངོས་དོན་ལ་གཞི་བཅོལ་བ་དང་། གཉིས་པ། བཀའ་ཁྲི་རང་གིས་འོས་བསྡུའི་སྐབས་ནས་དེབ་ཐེར་དུ་བྲིས། ཁས་བླངས། དམ་འབུལ་ཉིན་མོར་ཁྲིམས་ཞིབ་པ་ཆེ་བས་གཙོས་གངས་ལྗོངས་ལྷ་མི་ཡོངས་ཀྱི་མདུན་སར་དམ་བཅས་པའི་ལས་འཆར་རྣམས་ཀྱི་ནང་དོན་ལག་བསྟར་བྱེད་རིམ་གྲོས་ཚོགས་སུ་གསལ་བཤད་གནང་བ་རྣམས་མ་གདན་བྱས་ནས་དཔྱད་པ་བྱས་ཏེ། སེང་གེའི་བཀའ་ཤག་གི་མདུན་ལམ་མམ་བོད་ཀྱི་མདུན་ལམ་དང་བོད་མིའི་རེ་བ་གཉིས་མཚུངས་བསྡུར་བྱས་པ་ཞིག་ཡིན། གསུམ་པར། རང་ངོས་ནས་རྩ་དོན་ནང་གི་རྩ་དོན་ཉག་ཅིག་ཏུ་མཐོང་བ་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ཐད་ནུས་པ་ཅི་ལྟར་སྤུངས་རྒྱུ་དང་། བཀའ་ཁྲི་གསར་བའི་འབྲེལ་མོལ་ལ་དྲི་བ་བཏང་བ་བཅས་ཡིན་པས་ཞེ་འཁོན་གཡོ་ཐབས་ཀྱི་དྲི་ཙམ་མེད་ལ། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་ཆེད་མི་མང་སྐུལ་སློང་བྱེད་པའི་ནང་དོན་མེད་བཅས་བོད་མི་ཚོར་གུས་བས་ཞུ་རྒྱུ་ཡིན།

སྣ་ཚོགས།

Post navigation

Previous Post: སྙན་ངག་གིས་སྤྱི་ཚོགས་ལ་འགན་ཅི་ཞིག་ཁུར་ཐུབ།
Next Post: འགྲུལ་བཞུད་སྐར་ཁུང་།

Comments (12) on “མི་ཞུ་ཐབས་མེད་ཀྱི་གསལ་བཤད་ཅིག”

  1. ཁ་བའི་བུ། says:
    2011-12-01 at 11:09 am

    བཀུར་འོས་ཤར་ཕྱོགས་ཁུག་རྟ་ལགས། བཀའ་ཁྲིས་ཁྱེད་ལ་གཡོགས་པའི་ཞྭ་ནག་དེས་ཁྱེད་ནག་པོ་ནམ་ཡང་གྱུར་མི་སྲིད་པས། ཁྱེད་སེམས་ཤུགས་མ་ཆགས་པར་མུ་མཐུད་བོད་བསྟན་པ་ཆབ་སྲིད་ཀྱི་བདེ་དོན་དགོངས་ཏེ་སྨྱུག་རྩེ་ཆད་མེད་འདི་ན་འཕེན་ཤོག་ཨ། ཁྱེད་ལ་བདེན་ཁ་སྦྱིན་པའི་དྲང་བདེན་གྱི་ཤེས་ཡོན་རྣམས་ཀྱིས་བདེན་དཔང་བྱེད་འོས་བྱེད་ངེས་རེད།

  2. ཕྱུགས་རྭ་ཁུ་བྱུག says:
    2011-12-01 at 11:29 am

    ཁུག་རྟ་ལགས་་་་་་་་་དངོས་གནས་ཁྱེད་རང་གི་བཤད་པ་ལྟར་དུལ་འབྲུ་ཙམ་ཡང་ནོར་འཁྱུག་མེད་ན་་་་་གནའ་མིའི་དཔེར་་་་རང་སེམས་ལ་འཁྲུལ་བ་མེད་ན་བར་དོ་ལ་འཇིགས་སྐྲག་མེད་ཟེར་བ་ལྟར་བདེན་པ་གསལ་གསལ་ངང་རང་བཞིན་གྱིས་རྒྱལ་སྲིད།གོང་དུ་དྲང་བ་བླང་དོར་སྒྲིག་གཞིའི་ཚིག་ལྷད་མེད་ཡིན་ན་་(ཞེ་འཁོན་དང་གཡོ་ཐབས་)ཞེས་དམིགས་ཀྱི་བཀར་ས་དེ་ཡིན་པས་དོགས་གཞི་མེད་པར་ཉེས་པ་སེལ་ཆོག་སྙམ་་དེ་མིན་ན་ཕལ་ཆེར་སྨྲ་བརྗོད་རང་ལ་དོ་ཕོག་སོང་བ་མ་རེད་དམ།གང་ལྟར་གཞུང་མང་གཉིས་ཀའི་རྒྱུས་ལོན་གསལ་བོ་བྱེད་དགོས་པར་ངེས།

  3. དབྱངས་འཛོམས། says:
    2011-12-01 at 12:51 pm

    བྱེའུ་ཁུག་རྟ་ལགས། ཅི་བཤད་རུང་དགེ་ཆོས་སྤྲུལ་སྐུ་ནས་བྱ་བྱེའུ་ཁུག་རྟ་དང་།བྱ་བྱེའུ་ནས་འདྲེ་བརྫུས་ནས་བོད་མི་དམངས་ལ་ཅི་བྱེད་ཡོད་མེད་ཤེས་རབ་ཀྱི་བློ་མིག་ལྡན་པ་ཚོས་ཤེས་ཤེས་པ་རེད། ད་གནམ་རྡིབ་པ་ལྟ་བུའི་འུ་ཐུག་ཐབས་ཟད་ཀྱི་གསལ་བཤད་འདི་དག་ལས། རང་གིས་མི་གཞི་ཡོད་པའི་ལས་ཀ་བྱེད་སྟངས་ལམ་ཞིག་དེ་ནས་རྙེད་རྒྱུ་སྙམ། ལམ་དབུ་མ་ཚང་གི་ས་ནས་ད་ཆེན་པོ་ཆེན་པོ་ཞིག་འགྲོ་ས་མེད་པ་ཤེས་སླ།

  4. བྲག་དཀར says:
    2011-12-01 at 1:47 pm

    དྲ་གྲོགས་ཟླ་བ་གཞོན་ནུ་དང་གཅན་བཟོད་རྒྱམ་སོགས་ལ།
    operaminiྱལས་བོད་ཡིག་ལེན་སྟངས་ཐད་ཀར་wwwབསུབས་ན་yesདང་noསླེབས་པར་ཁྱེད་ཀྱིས་དུས་བབ་དྲ་ཚིག་ལས་བཤད་ཟིན་པ་ལྟར།
    ངས་ཀྱང་དེ་ལྟར་བྱས་མོད། ཡིན་ནའང་wwwབསུབས་རུང་yesདང་noསོགས་མི་སླེབས་པས་གསལ་བཤད་ཡག་པོ་ཅིག་གནང་རྒྱུ་གལ། གཞན་དྲ་གྲོགས་སུ་ལ་་དེར་ངེས་ཆ་ཡོད་པ་ཡིན་ན་ལམ་སྟོན་གནང་རྒྱུ་རེ་བ་ཞུ་བཞིན་ཡོད།

  5. ཀ་དག་ཆོས་དབྱིངས། says:
    2011-12-01 at 2:20 pm

    ཡ་ཁོ་རེ་གྲྭ་ལོག་བློ་བཟང་ཆོས་འབྱོར་ལགས། ཁྱོད་ཉིད་ཀྱི་སྐྱོན་དང་ཡོན་ཏན་ཚད་བསྡུར་ཞིག་བྱེད་ན། སྐྱོན་རྒྱ་ཆ་༩༩ དང་ཡོན་ཏན་རྒྱ་ཆ་༡ གཅིག་ལས་མེད་འདུག་པས། ནམ་ཡང་གསལ་བཤད་དང་སྐྱར་བཤད་ག་ཚོད་བྱེད་ཀྱང་ཁྱི་ངན་གཙང་པོ་བརྒལ་བ་ལྟ་བུའི་དམའ་རུ་དམའ་རུ་མ་གཏོགས་ནམ་ཡང་ཁྱེད་ལ་མཁྱེན་རླབས་ཀྱི་བཟང་ཡོན་ཞིག་ཡིན་པར་བོད་མི་རིགས་ཀྱི་ནམ་ཡང་རྩི་ཐབས་མེད། ཁྱོད་ཉིད་ཀྱི་འཁང་ར་དང་མ་རངས་པའི་ངན་སྐྱུགས་དེ་དག ལྷག་བསམ་གྱི་སྐུ་སློན་ནམ་ཡང་ན་བོད་མི་རིགས་འདི་ཉིད་ཀྱི་ཆེད་དུ་ནི་མིན་པར་རྩ་དོན་རྩོད་མཁན་མི་རིགས་འདི་ཉིད་ཀྱི་སེམས་ནང་དུ་པར་བཏབས་པ་ལྟར་ནམ་ཡང་གསལ་རྒྱུ་ནམ་ཡང་ཉར་རྒྱུ་ལས་ལྷག་མེད། ལྷག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་ཐུགས་བསྐྱེད་བཟང་པོ་རྣམ་པར་དག་པའི་འོག་ཏུ་དེང་བར་ཆོལ་གསུམ་དབྱེ་བ་མེད་ཅིང་ཆོས་ལུགས་ཕྱོགས་ཞེན་དེ་བས་ཀྱང་མེད་པའི་དུས་རབས་གསེར་སྦྱང་ལྟ་བུ་འདིའི་ནང་ཁྱེད་ཉིད་ཀྱི་བྱ་ངན་གྱིས་ཨ་མདོ་བ་དང་ཁམས་པ་ཞེས་པའི་ཆོལ་ཁའི་སྐད་ཆ་ངན་པ་ཞིག་ཀྱང་ངར་ངར་ཤུར་ཤུར་བྱེདནས་གཅིག་རྒྱབ་གཅིག་ལང་བྱེད་ནས་གླེང་བ་དག དེང་བར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་གཏམ་ངན་འདི་དག་འབྱུང་རྩ་ངོ་མ་དེ་ཁྱེད་ཉིད་ཁོ་ན་ལ་ཐུག་ཡོད་པ་ཧ་གོ་དགོས། ད་ཁྱོད་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མ་རབས་པ་དག་དབུས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་སྐུ་མདུན་དུ་འགྱོད་བཤག་ཡང་དག་པ་ཞིག་མ་བྱས་བར་ཁྱོད་ཉིད་ཕོ་རོག་དཀར་པོ་ལྟ་བུ་དང་མ་རབ་ཐ་ཤལ་ཅན་གྱི་སྤྱོད་པ་བསམ་གཞིགས་མེད་པའི་དུད་འགྲོ་ལྟ་བུ་ཞིག་ཏུ་རྩི་རྒྱུ་དང་། ཞོར་དུ་གསལ་ཡོང་བ་ནི་ཉན་འཕྲང་ཅན་གྱི་དུས་སྐབས་འདིའི་ནང་བོད་མི་རིགས་ཀྱི་དགྲ་བོ་ཆེན་པོ་རྒྱ་དམར་གཞུང་ལ་ངོ་སོ་བསྟོད་མཁན་གྱི་བྱེད་གཏེ་ཨང་དང་པོ་དང་སྤུན་ཟླའི་སེམས་ནང་རྨ་ཁ་བཟོ་མཁན་མིའུ་ཞིག་ཆགས་སོང་བའི་རང་ཉིད་ཀྱིས་བྱ་ར་ཉིན་ནས་ཉིན་དུ་བྱོས།

  6. འཇམས་དཔལ་རལ་གྲི། says:
    2011-12-01 at 2:49 pm

    ཁུག་རྟ་ལབ་ཡག་གི་མི་ངན་འདི་ད་ཡང་རང་ཉིད་དཀར་འདོན་གྱིས་སྐད་ཆ་འགའ་བཤད་ཚུལ་བྱེད་ཀྱང་ནམ་ཡང་ཁྱོད་ལ་ཁ་ཡག་དང་དཀར་ཁ་མི་དོན་ཐབས་མེད། མི་རིགས་ལ་རྒྱ་དང་ཤེས་ཡོན་གྱི་ཕྱུག་པའི་ཨ་མདོ་བ་ཡི་མཚན་ངན་བཟོ་མཁས་མི་ངན་ཁྱོད་ཤི་ན་དངོས་གནས་དགའ།

  7. ཤེས་རབ་ཀྱི་མིག says:
    2011-12-01 at 4:41 pm

    གུས་བསྐུར་འོས་པ་ཤར་ཕྱོགས་ཁུག་རྟ་ལགས། ང་ལ་ཁྱེད་རང་ཆ་རྒྱུས་གཏན་ནས་མེད། དེའི་ཕྱིར་ཁྱེད་ཀྱི་བོད་ལ་ལྷག་བསམ་ཡོད་མེད་དེ་ལས་ཀྱང་མི་ཤེས། གལ་སྲིད་ཁྱེད་བོད་ལ་ལྷག་བསམ་དང་ཤ་ཞེན་ཡོད་མཁན་ཡིན་ན་དེ་འདྲའི་དགྲ་དགའ་གཉེན་སྡུག་གི་སྐད་ཆ་མ་བཤད་ན་བཟང་། བློ་བཟང་སེང་གེ་ནག་པོ་དང་སྤྱི་ཚོགས་ནང་་མཐོང་མེད་པ་དང་ནུས་པ་མེད་པ་བཟོ་ཐུབ་ན་དེ་ནི་བོད་སྤྱི་ཡི་གྱོང་གུད་ཞིག་མ་ཡིན་ནམ། ལྷག་ཏུ་ཁྱེད་སྐྱབས་མགོན་རིན་པོ་ཆེ་ལ་དད་པ་ཡོད་ན་ཁོང་གི་ཚབ་ཏུ་བསྐོས་པ་ཞིག་ལ་སྨད་ན་དོན་གྱིས་གོང་ས་ཆེན་པོ་ལ་མཚན་སྨད་མ་ཡིན་ནམ། བློ་སེང་སངས་རྒྱས་ནི་མ་རེད་ནོར་འཁྲུལ་ཅུང་ཡོད་སྲིད། ཁྱེད་ཀྱི་རྒེར་དོན་ཆུང་ཆུང་དེ་ཆེན་པོ་བཟོ་ནས་སྤྱི་ཚོགས་སྙོགས་ཟིང་མ་བཟོས་ན་ལེགས། གཞན་གྱི་ཆབ་སྲིད་དམིགས་ཡུལ་ཡོད་ན་གནས་ཚུལ་ཐ་དད་རེད།

  8. ལུང་རྟོགས། says:
    2011-12-01 at 5:15 pm

    ཤར་ཁུག་ལགས། སྐུ་མཁྱེན་ད་ཁྱེད་རང་ཁ་ཁར་ཏོག་ཙམ་སྡོད་རོགས་གནང་། དེ་སྔ་ཡན་ཆད་གཞུང་དམངས་དང་སྤུན་ཟླའི་བར་ལ་སྐྲུག་རྒྱུ་དེས་ཆོག་སོང་། ཁྱེད་རང་བོད་མི་རིགས་འདི་ལ་ལྷག་བསམ་ཡོད་མཁན་གྱི་མི་ཞིག་ཡིན་ན་ད་ནི་སྐད་ཆ་འདི་མཚམས་འཇོགས་བྱེད་རོགས། མི་རིགས་འདི་ཕུང་ལ་མ་སྦྱོར་རོགས།

  9. ལུང་རྟོགས། says:
    2011-12-01 at 5:22 pm

    བྲག་དཀར་ལགས། ཆ་ཚང་འདིར་ཡོད་པས་གཟིགས་རོགས་གནང་། ཁྱེད་ཀྱི་ལག་ཐོག་ཁ་པའི་ནང་དུ་opera ཞེས་པའི་གཉེན་ཆས་དེ་ཨེ་ཡོད་། མེད་ན་དེ་ཕབ་ལེན་བྱོས་དང་། ཁྱེད་ཀྱི་ཁ་པ་དྲ་སྤྱོད་ནུས་ལྡན་ཡིན་ཕྱིན་ཆད་ནས་། བོད་ཡིག་གི་དྲ་རྒྱ་ཡོད་ཚད་གཉེན་ཆས་དེ་རྒྱུད་ནས་ལྟ་ཐུབ་པའི་ནུས་པ་ཡོད་། གལ་སྲིད་ཁྱེད་ཀྱི་ཁ་པའི་ནང་དུ་བོད་ཡིག་མེད་ནའང་གཉེན་ཆས་དེས་ཁྱེད་ལ་བོད་ཡིོག་ལས་སླར་བོའི་ངང་སྟོན་ཡོང་གི་ཡོད་།
    དེའང་དང་ཐོག་opera mini ཞེས་པའི་གཉེན་ཆས་དེ་ཕབ་ལེན་བྱེད་དགོས་པ་དང་། དེའི་རྗེས་སུ། གཉེན་ཆས་དེ་རང་གི་ཁ་པའི་ནང་དུ་ནང་འཇུག་བྱེད་ཚར་བ་དང་། གཉེན་ཆས་དེ་སྒོ་ཕྱེ་། དེ་ནས་། གཉེས་ཆས་དེའི་ནང་གི་དྲ་བྱང་wwwའབྲི་སའི་ནང་གི་wwwབསུབ་ནས་། opera:configཞེས་པ་འདི་བྲིས་། དེ་ནས་དེ་དྲ་འཇུག་བྱས་ཚར་རྗེས་། yes ཞེས་པ་མང་དག་ཞིག་དང་། noཞེས་པ་གཉིས་ཡོད་པའི་དྲ་ངོས་ཞིག་ཤར་ཡོང་གི་རེད། དྲ་ངོས་དེའི་སྟེང་གི་noགཉིས་པོ་དེ་yesལ་བསྒྱུར་། དེ་ནས་འོག་གི་saveཞེས་པ་ཞིག་ཡོད་པ་དེ་རྣོན་དང་བོད་ཡིག་ལྟ་ཐུབ་པའི་ནུས་པ་ནང་འཇུག་བྱེད་འགྲོ་འིན་རེད། དེ་ནས་། སླར་ཡང་དྲ་བྱང་wwwའབྲི་སའི་ནང་དུ་རང་གི་ཅི་དགའ་ལྟ་བོད་ཀྱི་བང་ཆེན་དང་། དུས་བབས་སོགས་ཀྱི་ཁ་བྱང་གང་རུང་ཞིག་གནོན་དང་། བོད་ཡིག་གི་དྲ་རྒྱ་དེ་དག་བདེ་བླག་ངང་ཁྱེད་ཀྱི་ཁ་པའི་ནང་དུ་ཤར་འོང་གི་རེད། འདིར་ཧ་གོ་དགོས་པ་ཞིག་ལ་་་་། རྗེས་ཕྱོགས་ནས་། བོད་ཡིག་གི་དྲ་ཚིགས་ལ་གཟིགས་ཚད་། ངེས་པ་དུ་operaཞེས་པ་འདི་རྒྱུད་ནས་གཟིགས་དགོས་པ་ལས་། ཁ་པའི་ནང་གི་དྲ་རྒྱ་ལྟ་བྱེད་ཀྱི་གཉེན་ཆས་ཡོད་ཚད་ནས་བོད་ཡིག་་གཟིགས་མི་ཐུབ་།

  10. སྒྲོན'མེ' says:
    2011-12-01 at 5:28 pm

    ཁུག’རྟ’ལགས ད’ཐན’སྐད’མ’གྲག’ན’ཡག’གི གང’ཡིན’ཟེར’ན’ བོད’མིའི’ཆིག’སྒྲིལ’ལ’གནོད’ས’རེད ཁྱེད’རང’གས
    ཅི’ཞིག’བཤད’གྱིན’ཡོད’པ’གསལ’བོ’ཞིག’ངས’ཧ’མ’གོ’ཡང’བོད’མིའི’ཆིག’སྒྲིལ’ལ’གནོད’པའི’རིགས’ལ’ནམ’ཡང’རྒྱབ’སྐྱོརམེད།
    རྒྱུམཚན’ནི’ཆིག’སྒྲིལ’མེད’ན’བོར’ཤོར’རྒྱུ’ཉག’གཅིག’རེད།དེ’ནི’ འདས’པའི’ལོ’རྒྱུས’དག’ལས’གསལ’བས’སོ།

  11. སྒྲོན'མེ' says:
    2011-12-01 at 6:03 pm

    དྲ’གྲོགས’ལུང’རྟོགས’ལགས། ཨ’མའི’བུ’ བུ’རེ’བ’ཅན’གོ’ opera miniཟེར’བ’ དེ’འདྲ’ཞིག’ཡོད’པ’དེ’རིང’མ’གཏོགས’གོ’ཡང’མ’མྱོང’
    དྲ’གྲོགས’ཚོ’བོད’ཡིག’ལ’ཤ’ཞེན’ཡོད’ན’འདི’འདྲའི’རིགས’དང’ལག’འཁྱེར’ཁ’པར’ནང’དུ’བོད’ཡིག’བཅུག’སྟངས’ལསོགས’པ’
    མང’ཚོགས’ལ’ཡང’དང’ཡང’དུ’གསལ’བཤད’གནང’རྒྱུ’གལ’ཆེའོ།
    ཡ’ད’ཡིན’ན’བློ’བདེ’སོང’ངེད’ཚང’གི’བོད’ཡིག’འདི’ཉེན’ཁ’ལས’སྐྱོབས’ཐུབ’ས’རེད།

  12. བསོད་ནམས། says:
    2011-12-01 at 6:15 pm

    ཐན་བྱ་ཞིག་གིས་གངས་རིའི་སེང་ཆེན་ལ་ཅི་བྱེད་མི་ཐུབ། ཐན་བྱའི་རྒྱབ་ལོག་ན་འུག་པ་ཨ་ལགས་འཇིགས་མེད་ཟེར་བའི་སྡོམ་མེད་མི་ནག་དེ་ཡོད་པ་རེད། དེ་བོད་སེང་པྲུག་ཚོས་ཤེས་དགོས་རེད།
    ཁོས་གུང་ཐང་ཚུལ་ཁྲིམས་བསད་པ་དང་པན་ཆེན་བཅུ་བ་ཆེན་མོ་བཀའ་དྲིན་སུབ་ཐབས་མེད་པ་དེ་ཚང་བལ་ཡུལ་ཕེབས་དུས་ངོ་ལོག་བྱས་པ་སོགས་ཀྱི་ནག་ཉེས་གྲངས་མི་ལོན། ད་ལྟ་བོད་མིའི་དབྲུ་ཁྲིད་སེང་ཆེན་ལ་མི་དགའ་རྐྱེན་ཐན་བྱ་བེད་སྤྱོད་གཏོང་གི་ཡོད་རེད།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme