Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཚེའི་ལྟ་ཚུལ་དང་འབྲེལ་བའི་གནད་དོན་འགའ།

Posted on 2013-11-222013-11-22 By ཁ་བརྡ་ 4 Comments on མི་ཚེའི་ལྟ་ཚུལ་དང་འབྲེལ་བའི་གནད་དོན་འགའ།

སེར་ཤུལ་རིན་ཆེན་དོན་གྲུབ།

༡༽ སྙིང་ལ་མ་བརྫི།

འཇིག་རྟེན་འདིར་ཆེས་ཡིད་སྐྱོ་ཤོས་ཀྱི་དུས་སྐབས་ནི། རང་གི་སྙིང་ཉེ་ཤོས་དང་། རང་ཉིད་དགའ་ཤོས། རང་གི་སེམས་ནང་གི་རིན་ཐང་ཆེ་ཤོས། རང་གིས་བརྩི་འདང་ཆེ་ཤོས་ཀྱི་མི་རྣམས་ཀྱིས་རང་གི་སྙིང་རྡོག་བརྫིས་བྱེད་སྐབས་རེད། དེས་ན་མི་སུ་ཡིན་ཡང་རང་ཉིད་ལ་དགའ་ཤོས་སོགས་ཀྱི་མི་རྣམས་ཀྱི་སྙིང་ལ་རྨ་ཁ་གཏོད་མི་རུང་། གཙབ་རལ་གཏོང་མི་རུང་། ན་ཟུག་སློང་མི་རུང་། ཆེས་མ་མཐའ་ཡང་རྡོག་བརྫིས་བྱེད་མི་རུང་།

༢༽ ཕུགས་བསམ།

མི་ཞིག་ལ་མཚོན་ན་ཕུགས་བསམ་ནི་མེད་དུ་མི་རུང་བ་ཞིག་རེད། ཕུགས་བསམ་གྱིས་བྱ་སྤྱོད་ཀྱི་འགུལ་སྟངས་ལ་ཚོད་འཛིན་བྱེད་པ་ནི་རྒྱུ་མཚན་དང་། གནས་ལུགས་ངེས་ཅན་ཞིག་གིས་བཤད་ཐུབ། དེ་བས་ཕུགས་བསམ་ནི་རང་ཉིད་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་བརྟེན་ཅིང་འབྲེལ་བའི་འོད་ཀྱི་གུར་ཁྱིམ་ཞིག་ཅི་ལ་མིན། ཁམས་དང་། མོས་པ། དད་སེམས། འདུ་ཤེས་སོགས་མི་འདྲ་བའི་དབང་གིས་དེས་དྲངས་པའི་ཕུགས་བསམ་གྱི་འདུན་པ་ཡང་མི་འདྲ་བ་སྣ་ཚོགས་ཤིག་འབྱུང་། འོན་ཀྱང་ཕུགས་བསམ་མི་འདྲ་བ་རེས་འགུལ་སྐྱོད་ཀྱི་ཁྱབ་ཚད་མི་འདྲ་རེ་དྲང་འོང་བ་ནི་ཀུན་ཁྱབ་ཀྱི་ནུས་པ་ཞིག་རེད། གནས་ལུགས་ཀྱི་གལ་འགངས་འདིས་ད་ནི་ང་ཚོར་ཡང་ཕུགས་བསམ་རེར་འཇུས་ནས། མདུན་སྐྱོད་ལ་ཕྱོགས་དགོས་པའི་སྐུལ་དེད་བྱེད་བཞིན་འདུག

༣༽སྡུག་བསྔལ།

སྡུག་བསྔལ་ཟེར་བའི་མནར་གཅོད་འདིས་སུ་ལ་ཡང་གདུང་ལ། སྡུག་བསྔལ་ཟེར་བའི་ཚོར་བ་འདིས་སུ་ལ་ཡང་བསྲན་དཀའ་བའི་གདུང་བ་སྦྱིན། དེ་ནི་ང་ལ་ཉམས་མྱོང་ཡོད་པ་བཞིན་ཚང་མར་ཉམས་མྱོང་ཡོད་པ་ཞིག་རེད། ང་ཚོར་ངེས་པར་དུ་དགོས་པའི་སྡུག་བསྔལ་སེལ་ཐབས་དེ་གང་ཞིག་ཡིན་ནམ།
དྲི་བ་འདིར་མི་མང་པོ་ཞིག་གིས་བསམ་མ་མྱོང་ལ། དེ་ལས་མང་པོ་ཞིག་གིས་དེ་ནི་རང་བྱུང་ཆོས་ཉིད་ཀྱི་རྣམ་འགྱུར་ཞིག་ལ་ངོས་འཛིན་གྱིས་སེལ་ཐབས་གང་ཡང་མེད་པའི་ལྟ་ཚུལ་བཟུང་། ཆེས་མཐར་ཐུག་གི་སྡུག་བསྔལ་གྱི་གདུང་བ་ཐོག་ཏུ་བབས་པའི་སྐྱེ་བོ་མང་པོ་ཞིག་གིས་སྡུག་བསྔལ་འདི་མ་བཟོད་པར་ངུ་སྔངས་བྱེད་ལ། གཅེས་པའི་ཚེ་སྲོག་ཀྱང་གཏོང་བར་བྱེད། འོ་ན་སྡུག་བསྔལ་འདི་ཆུང་དུ་གཏོང་ཐབས་སམ། སྡུག་བསྔལ་འདིར་ཁ་གཏད་གཅོག་ཐབས་གཞན་ཞིག་ཡོད་དམ་ཞེ་ན། དེ་ནི་ཡོད་དེ། སེམས་ཀྱི་སྡུག་བསྔལ་སེམས་ནས་སེལ་དགོས་པའི་གནས་ལུགས་འདིའི་གྲིབ་འོག་ནས་འཚོལ་དགོས། སྡུག་བསྔལ་གྱི་མནར་གཅོད་ཆེས་མཐའ་མའི་དུས་སྐབས་སུ་སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་། མི་རྟག་འགྱུར་བའི་རང་བཞིན་གྱི་གནས་ལུགས་ལ་བསམ་བློ་གཏོང་དགོས། དེ་ནི་ཆེས་མཐའ་འཇུག་གི་ལམ་ཁ་གཅིག་པུ་དེ་ཡིན། འདི་ནི་རང་ཉིད་ཀྱི་ཉམས་མྱོང་རགས་པ་ཞིག་གི་གྲུབ་དོན་ཡིན། དེས་ན་ཁྱེད་ཅག་གིས་ཀྱང་ཚོད་ལྟ་ཐེངས་གཅིག་གནང་རོགས།

༤༽ བརྩེ་དུང་།

མཁས་པ་གང་ཞིག་གིས་བརྩེ་དུང་ནི་ལོང་བ་ཞིག་རེད་ཅེས་བཤད། དེ་རྗེས། མི་གང་མང་ཞིག་གིས་དེ་ནི་ལེགས་བཤད་དོ་ཞེས་བསྐྱར་བརྗོད་བྱས། དོན་དངོས་ཐོག་བརྩེ་དུང་ནི་ལོང་བ་ཞིག་གཏན་ནས་མ་རེད། གང་ཞིག་ལོང་བ་ཡིན་པ་ནི་བརྩེ་དུང་དང་མཉམ་དུ་འོང་བའི་རང་འདོད་རྐྱང་བའི་འདུ་ཤེས་དེ་རེད། དེ་ནི་བསམ་ཤེས་མེད་པ་དང་། རང་འདོད་ཚད་ལས་བརྒལ་བ། རང་ལ་དགོས་པའི་བརྩེ་དུང་མ་ཐོབ་པའི་སྡུག་ཡུས་ལ་ཡིད་ཕྱོགས་དྲགས་པའི་འདུ་ཤེས་ལོང་བ་དེ་རེད།

༥༽ མི་རྟག་པ།

ང་ཚོས། མི་རྟག་པ་ཟེར་བ་དེ་རྩོད་སྒྲུབ་རིགས་པའི་མཐའ་མཇུག་གི་གནས་ལུགས་ཤིག་ཏུ་བརྩིས་ནས་ཆེས་རྒྱང་རང་གི་ཡུལ་ཁམས་ཤིག་ལ་ལྟ་བཞིན་ཡོད། འོན་ཀྱང་། དོན་དངོས་རང་བཞིན་གྱི་བདེན་པའི་ངོས་ནས་བསམ་ན། མི་རྟག་པས་འུ་ཚོའི་ཆེས་ཉེ་ས་ཞིག་ནས་ང་ཚོའི་འགུལ་སྐྱོད་ལ་ཚོད་འཛིན་བྱེད་བཞིན་ཡོད།

༦༽མིག་ཆུ།

མིག་ཆུ་ཟེར་བ་འདི་དགའ་སྐྱོ་གང་ཞིག་གི་མཚོན་དོན་ཡིན་སྲིད། འོན་ཀྱང་འགྲོ་བ་མི་སུས་ཀྱང་མི་འདོད་པ་ནི་སྐྱོ་གདུང་གི་མིག་ཆུའི་ཐིགས་པ་འདི་ཁོ་ན་ཡིན། དེ་བས། ང་ཚོས་རང་ཉིད་དང་། རང་ཉིད་ལས་གཞན་པའི་སྲོག་ཆགས་སུས་ཀྱང་མིག་ཆུའི་ཐིགས་པ་འདི་བཞུར་མི་དགོས་པའི་འབད་བརྩོན་བྱེད་དགོས།

༧༽ འཆི་བ།

ཤི་ཟེར་བའི་གནས་ལུགས་འདི་ཆོས་ལུགས་ཀྱི་བཤད་སྟངས་ཙམ་མ་ཡིན་པར། མི་ཆོས་རིག་པའི་མཐའ་མའི་འཁོར་ཕྱོགས་ཤིག་ཀྱང་རེད།འགྲོ་བ་མི་སུ་ཡང་ཤི་མི་འདོད་པ་ནི། རང་ཆས་སུ་ཡོད་པའི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་སྨོས་ཅི་དགོས། འོན་ཀྱང་མི་མང་པོ་ཞིག་བཙན་གྱིས་འཆི་ལམ་ལ་འདེད་བཞིན་ཡོད།
དེས་ན་སུས་བཙན་གྱིས་འཆི་ལམ་ལ་འདེད་ཀྱི་ཡོད་དམ། འདི་ནི་ང་ཚོར་སླེབས་པའི་དྲི་བ་གལ་ཆེན་ཞིག་རེད། མི་མང་པོ་ཞིག་གིས་སྟབ་སྟབ་པོར་དེ་ནི་འཚོ་བའི་དཀའ་ངལ་དང་། བརྩེ་དུང་གི་གདུང་ཡུས། གཞན་གྱི་གནོན་ཤུགས་སོགས་ཀྱིས་རེད་ཅེས་བཤད་ངེས། ད་དུང་། དེ་དག་གང་ནས་བྱུང་ངམ་ཟེར་བའི་དྲི་བ་ཞིག་བསླེབས་ན་ལན་གང་ཡིན་ནམ།
ནང་དོན་རིག་པའི་གཞུང་ལུགས་ཀྱི་བསྟན་དོན་ལྟར་ན། དེ་ནི་གཞན་ལ་བཟོད་སྒོམ་མ་ཐུབ་པ་དང་། རང་ཉིད་ཁོ་ན་གཅེས་འཛིན་བྱེད་པ་ལས་གཞན་གྱི་བདེ་སྡུག་ལ་བསམ་བློ་མ་བཏང་བ། མི་རྟག་པའི་རང་བཞིན་ལ་སེམས་པའི་འདུ་ཤེས་རྒྱང་དུ་བོར་ནས་རྟག་འཛིན་ཀྱི་ཞེན་པ་མཁྲེགས་དྲགས་པས་རེད་ཅེས་ལན་བཏབ་ཡོད། མི་ཚེའི་བདེ་དོན་ལ་བརྩོན་མཁན་ཞིག་ཡིན་ཕྱིན་ངེས་པར་དུ་དྲི་བ་འདིའི་ལན་བཙལ་དགོས།

༨༽ བདེ་བ།

བདེ་བ་ཟེར་བའི་ཐ་སྙད་འདིར་གོ་བ་ལེན་སྟངས་སྣ་ཚོགས་ཤིག་ཡོང་གི་ཡོད། ཁག་ཅིག་གིས་བདེ་བ་ནི། འགྲན་རྩོད་ཁྲོད་ཀྱི་རྒྱལ་ཁ་དང་། སྡུག་བསྔལ་གང་ཞིག་ལས་གནས་སྐབས་སྙོམས་སྒྲིག་གི་ཚོར་བ་ཙམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་བདེ་བར་བརྩི་རུང་བ་ཞིག་ཡིན་སྲིད་མོད། བདེ་བ་ཡང་དག་པ་ཞིག་ཏུ་བསམ་མི་རུང་།
འདུ་ཤེས་འདིའི་འབྱུང་རྩ་ནི་རྒྱུན་ལྡན་རང་བཞིན་གྱི་བསམ་བློ་སྟབས་བདེ་དྲགས་པས་རེད། འཇིག་རྟེན་སྤྱི་ངོས་ནས་རགས་པའི་བདེ་བ་ཙམ་ཞིག་ངོས་འཛིན་བྱེད་སྐབས། ཞི་བ་དང་། ཡིད་ཚིམ་པོ། སེམས་ཀྱི་ལྷོད་ཆ་ལྡན་པ། སོགས་བྱུང་ཚེ་བདེ་སྐྱིད་ལྡན་པར་ངོས་འཛིན་བྱེད་ཆོག
མི་མང་པོ་ཞིག་གིས་འདི་དག་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་ཀྱང་དེ་གང་ལས་འབྱུང་བ་ངོས་འཛིན་བྱེད་མི་ཐུབ་པའམ་དོ་སྣང་བྱེད་ཀྱི་མེད། ཞིབ་ཞིབ་ཀྱིས་བལྟས་ན་འདི་དག་ནི་མི་དང་མིའི་བར་གྱི་ཡིད་ཆེས་དང་། འདོད་རྔམ་ཆེན་པོ་མ་ཡིན་པའི་ཆོག་ཤེས་རན་པོ། བསམ་ཤེས་དང་བདེན་འབྲེལ་གྱི་བརྩེ་སེམས་སོགས་ལས་འབྱུང་གི་ཡོད། དེ་ནི་ཆོས་ལུགས་ཀྱི་སྐད་ཆ་ཞིག་མིན་པར་གནས་ལུགས་ཀྱི་སྐད་ཆ་ཞིག་ཡིན།

སྣ་ཚོགས།

Post navigation

Previous Post: སྐད་འཕྲིན་ཚོམས་ཆུང་སྙན་ངག་གླེང་སྟེགས་ལས་སྙན་ངག་སྐོར་གྱི་བསམ་ཚུལ་འགའ།
Next Post: ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བཀའ་སློབ་སྩལ་བ།

Comments (4) on “མི་ཚེའི་ལྟ་ཚུལ་དང་འབྲེལ་བའི་གནད་དོན་འགའ།”

  1. ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ། says:
    2013-11-22 at 12:08 am

    དྲ་གྲོགས་སེར་ཤུལ་ལགས་་་་་་་ཐུགས་རྗེ་ཆེ་་་་་ཡག་པོ་བྲིས་འདུག་་་་་་མུ་མཐུད་ནས་གང་མང་མང་འབྲི་རོགས་གནང་་་་

  2. རོང་བཙན། says:
    2013-11-22 at 3:23 am

    བརྗོད་བྱ་དང་བརྗོད་བྱེད་གང་ལེགས་བྱུང་འདུག། བཀྲིས་རྟགས་བརྒྱད་འདྲ་བའི་རྩོམ་ཞིག་རེད།

  3. ཤར་པ་ says:
    2013-11-22 at 5:08 am

    ཤི་བ་ནི་ཡག་པོ་བལྟ་མཁན་མང། ཤི་བས་ཚེ་འདིའི་ན་ཟུག་མེད་པར་བྱེད། ཤི་བས་ང་མཁས་པའོ་སྙམ་པའི་ང་རྒྱལ་གཅོད། ཤི་བས་ནང་མི་མཛའ་མཐུན་བྱེད། ཤི་བས་འཛམ་གླིང་ཕུང་འདྲེ་མེད་པར་བྱེད། ཤི་བས་རྒྱུ་ནོར་གསོག་མཚམས་འཇོག། ཤི་བས་ཆོས་ལ་སྐུལ། ཤི་བས་མཐོ་དམན་འདྲ་མཉམ་བྱེད། དེ་ལ་སོགས་པའི་ཤི་བའི་ཡོན་ཏན་དང་ཤི་བ་ལ་དགའ་མཁན་མང་པོ་ཡོད་དོ

  4. རྒྱ་གར་རྨ་བྱ། says:
    2013-11-22 at 11:39 pm

    བྲིས་རྩོམ་འདིའི་དམིགས་ཚད་མ་ཤེས་སོང་། རང་གི་ཚོར་འདུ་ཙམ་ཞིག་གམ་ཡང་ན་སྤྱི་ཚོགས་ཀྱི་ཟུར་ཁའི་གནད་དོན་ཞིག་གླེང་བརྩི་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme