Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཚེའི་ཚོར་བ་རྦ་རླབས།

Posted on 2017-07-302017-07-30 By ཁ་བརྡ་ No Comments on མི་ཚེའི་ཚོར་བ་རྦ་རླབས།

ཆབ་མདོ་ངག་ཕུན།

 
ཆོས་ལྡན་ནི་གྲོང་འཁྱེར་དཀྱིལ་ལ་ཚོང་ཁང་ཆུང་ཆུང་ཞིག་ཟིན་ནས་ཚོང་ཙག་ཙིག་བརྒྱབ་ནས་བསྡད་ཀྱི་ཡོད། ཆོས་ལྡན་གྱི་མི་གཤིས་ནི་མི་ལ་སྐད་ཆ་བཤད་དུས་ཁོ་པ་འཇོན་རབས་དང་། གཞན་ལ་འཇོག་པོ་མེད་རབས། རང་ཉིད་ཀྱི་ཕྲུ་གུར་སློབ་སྦྱོང་ཡག་པོ་ཡོད་ཚུལ་དང་། གཞན་ལ་དམའ་འབེབས་བྱེད་མཁན་ཞིག་ཡོད། སྐད་ཆ་གང་ཞིག་བཤད་ནའང་གཡོ་བཟོའི་སྐད་ཆ་བཤད་མཁན་ཞིག་ཡིན་ཚུལ་གཡས་གཡོན་གྱི་ཚོང་རོགས་ཚོས་ཁ་གཅིག་གྲགས་ཀྱིས་སྨྲ། དེར་བརྟེན་མི་ཚོས་ཁོ་མཉམ་དུ་སྐད་ཆ་བཤད་རྒྱུར་དགའ་པོ་དེ་ཙམ་བྱེད་ཀྱི་མེད། ཆོས་ལྡན་ཞོགས་པ་སྔ་པོ་ཚོང་ཁང་སྒོ་ཕྱེ་སྐབས་ག་དུས་ཡིན་ན། ཚོང་གི་སྒོ་འགྲམ་ལ་གཞན་དང་མ་འདྲ་བའི་གད་སྙིགས་དང་། གཅིན་པ་གཏོང་ཤུལ་སོགས་ཡོང་གི་ཡོད་པས་ཆོས་ལྡན་ཁོ་ཁྲོ་བཟོད་ཐབས་མེད་པ་སྐྱེས་ཀྱི་ཡོད།

ཚོང་ཁང་གི་འཁྲིས་ལ་ག་དུས་ཡིན་ན་སྤྲང་པོ་ཞིག་གྱོན་ཆས་ལ་ཁའི་དར་ལྕོག་ནང་བཞིན་གྱུར་བ། ལུས་དང་། སྐྲ། གདོང་པ་ཡོངས་རྫོགས་དྲེག་པ་ཆགས་ནས་དྲི་མ་དྲོ་བ། དེ་འདྲའི་སྤྲང་པོ་ཞིག་ཉིན་ལྟར་ཆགས་མེད་ཆོས་ལྡན་གྱི་ཚོང་ཁང་གི་སྒོར་ཉལ་ཁུག་གི་ཡོད། ཆོས་ལྡན་གྱིས་གཙོག་པ་བཟོ་མཁན་སྤྲང་པ་དེ་རེད་བསམ་ནས་སྤྲང་པོ་དེར་སྡིག་ར་བསྐུལ་བ་དང་། ལྡོག་ཐོ་བརྒྱབ་པ། ཆུ་བཤོས་པ་སོགས་སྡུར་རེ་ངན་ཚད་བྱེད་ཀྱི་ཡོད། འཁྲིས་ཀྱི་ཚོང་རོགས་བུད་མེད་ལྷ་མཚོའི་རྟག་ཏུ་མཐོང་གི་ཡོད་པས། ཉིན་གཅིག་ཚོང་པ་ལྷ་མཚོས་སེམས་ཀྱི་མ་བཟོད་དེ་”ཆོས་ལྡན་ཁྱོད་ཀྱི་སྤྲང་པོ་ལ་དེ་འདྲ་མ་བྱེད་སྙིང་རྗེ་”ཞེས་བརྗོད་སྐབས། ཆོས་ལྡན་ཁོང་ཁྲོ་ལངས་ནས་”དེ་འདྲ་སྙིང་རྗེ་སྐྱེ་གི་འདུག་ན་ལྷ་མཚོ་ཁྱོད་རང་གི་ཁ་ལག་སྤྲད་ནས་ནང་ལ་གསོ་སྐྱོང་བྱེད་ན་འགྲིགས་ཀྱི་རེད་”སོགས་བརྗོད་པས།
དེ་ནས་བཟུང་སྟེ་ཚོང་པ་ལྷ་མཚོས་བརྗོད་ཀྱི་མེད། ཉིན་གཅིག་གནམ་གཤིས་ཧ་ཅང་གྲང་བའི་སྐབས་ཤིག་ལ་ཆོས་ལྡན་གྱི་ཚོང་ཁང་གི་སྒོར་སྤྲང་པོ་དེ་ཉལ་ཁུག་བསྡད་པའི་སྐབས་དེར་ཆོས་ལྡན་གྱིས་སྤྲང་པོའི་ལུས་སྟེང་ལ་ཆུ་སྣོད་གང་བཤོས་པ་དང་། མ་ཟད་རྡོག་ཐོ་གསུམ་ཙམ་བརྒྱབ་ནས་ཕྱིར་འབུད་བཏང་།

དུས་དེ་ནས་བཟུང་སྟེ་སྤྲང་པོ་ས་གནས་དེར་ཁྱོན་ནས་ཡོང་གི་མེད་པས། ཆོས་ལྡན་གྱིས་ཚོང་ཁང་སྒོ་ཕྱེ་དུས་སྤྲང་པོ་དེ་བསྡད་ཨེ་འདུག་ལས་དབང་གིས་ལྟ་ཤོར་གྱི་ཡོད་ལ། བསྡད་མེད་པ་མཐོང་དུས་ཆོས་ལྡན་གྱི་སེམས་ནང་སྟོང་ལྷང་ལྷང་གི་ཚོར་བ་སྦྱིན། དེ་འདྲའི་ཚོར་སྣང་ཞིག་གི་འོག་ནས་སྤྲང་པོ་དེ་གང་དུ་སོང་བ་ཡིན་སྙམ་སྟེ་ཉིན་གཅིག་གསང་བའི་བརྙན་པར་ཚོང་ཁང་གི་སྒོར་བཙུགས་ཡོད་པས། དེ་ཁ་ཕྱེས་ཏེ་ཞིབ་པར་ལྟ་དུས་ཆོས་ལྡན་ནི་བསམ་ཡུལ་ལས་འདས་པའི་གནད་དེས་བློ་འགྱོད་དང་ཧོན་ཐོར་དགོས་པ་བཟོས། ལམ་སང་ཆོས་ལྡན་གྱིས་”ལྷ་མཚོ་ཁྱོད་ཀྱི་སྤྲང་པོ་དེ་མཐོང་ཨེ་བྱུང་”ཞེས་དྲིས། ལྷ་མཚོས་”ཁྱེད་ཀྱི་སྤྲང་པོར་ཉིན་ལྟར་སྡུག་ཚད་བྱེད་ཀྱི་ཡོད་ན་ག་བ་ཡོང་གི་རེད་དམ། ས་ཆ་གཞན་ལ་ཕྱིན་ཡིན་གྱི་རེད་”ཟེར། ཆོས་ལྡན་གྱིས་”ཚོང་ཁ་ལ་ལྟ་རོགས་བྱོས་”ཟེར་ནས་སྤྲང་པོ་ཉུག་ཏུ་ཕྱིན། གད་སྙིགས་བླུགས་སའི་ས་ཆ་འགའ་ཤས་སོང་ནས་ཡོད་མེད་འཚོལ་ཡང་ཁྱོན་ནས་མ་རྙེད། མཐར་ཁུག་ཀྱོག་གད་སྙིགས་བླུགས་ས་ཞིག་ལ་ཁ་ལག་རྙིང་པ་རིགས་འཚོལ་ནས་ཟ་བཞིན་མཐོང་བ་དང་། ཆོས་ལྡན་ལམ་སང་སྤྲང་པོ་ཁོའི་འཁྲིས་པ་ཕྱིན་པས། སྤྲང་པོ་ཞེ་ཐག་གཅོད་ནས་”ཁྱོད་ཀྱི་ཚོང་ཁང་ལ་གཅིན་པ་གཏོང་མཁན་ང་མིན་”ཞེས་ཟེར་ནས་མཐེ་བོང་སྒྲེང་བཞིན་རྐང་པ་ལང་ངེ་ལིང་ངེར་བཙུགས་ནས་བྲོས་གྲབས་སྐབས། ཆོས་ལྡན་གྱིས་”དེ་འདྲ་མ་རེད། ངས་ཁྱོད་ལ་དགོངས་དག་ཞུ་གི་ཡིན། ཁྱོད་ལ་ལས་མ་དག་པ་བྱས་འདུག་”ཅེས་བརྗོད་ནས་ནང་ལ་ཁྲིད་ནས་སྐྲ་བྲེག །གཟུགས་པོ་གཙང་མར་བཀྲུས། རྐང་པའི་རྨ་སྨན་ཁང་ལ་བསྟན་རོགས་བྱས།

དེ་ནས་ཆོས་ལྡན་གྱིས་བརྙན་པར་ཉེན་རྟོག་པར་སྤྲད་པ་དང་། ཉེན་རྟོག་པས་ཉེས་ཅན་པ་ཚང་མ་ཟིན་ནས་བཙོན་ཁང་དུ་བཅུགས། ཚོང་པ་ཚང་མས་”ཆོས་ལྡན་ལ་ཁྱེད་ཀྱི་དེ་སྔོན་སྤྲང་པོ་དེ་དགྲ་མཐོང་བ་ནང་བཞིན་བྱེད་ཀྱི་ཡོད་ན། ད་ཁྱོད་ཀྱི་སེམས་ལ་འགྱུར་བ་ག་འདྲ་བྱས་ནས་ཐེབས་པ་རེད་དམ་”ཞེས་དྲིས། ཆོས་ལྡན་གྱིས་”ངའི་ཚོང་ཁང་གི་སྒོར་ལ་གསང་བརྙན་བཙུགས་བཞག་ཡོད་པས། དེ་ལྟ་དུས་ངའི་ཚོང་ཁང་གི་སྒོ་འགྲམ་ལ་གཅིན་པ་གཏོང་མཁན་དང་། གད་སྙིགས་གཡུག་མཁན་ནི། སྤྲང་པོ་ཁོ་མ་ཡིན་པར། གཞན་དག་མཚན་མོར་ཡོང་ནས་འདིར་བསྡད་ནས་ཐག་མག་འཐེན་པ་དང་། ཨ་རག་འཐུང་ནས་ར་བཟི་དུས་དེ་ག་རང་ལ་གཅིན་པ་བཏང་བ། མ་ཟད་ཚོང་ཁང་མེར་བསྲེགས་གྲབས་བྱས་དུས་སྤྲང་པོ་ཁོས་ཤི་འཐབ་རོ་འཐབ་ཀྱི་བཀག་འགོག་བྱས་འདུག་ལ། དེ་བཞིན་མི་དར་མ་འགའ་ཤས་ཡོང་ནས་ལྕགས་སྒོ་སྟོར་ནས་རྐུན་མ་རྐུ་གྲབས་སྐབས་སྤྲང་པོ་ཁོས་བཀག་འགོག་བྱས་པའི་དབང་གིས་ཁོ་ཚོས་གྲི་བརྒྱབ་སྟེ་རྨས་པ་བཟོས་འདུག་ཅིང་། ངའི་ཚོང་ཁང་སྲུང་སྐྱོབ་བྱེད་མཁན་ཁོ་མེད་ན་དངོས་གནས་ཅ་ལག་ཚང་མ་རྐུན་མའི་ལག་ཏུ་ཤོར་ཟིན་ཡོད་པ་ནི་བཤད་མ་དགོས་རེད་”ཚུལ་སོགས་བཤད་དེ་བརྙན་ཐུང་ཚོང་པ་ཚང་མ་ཡོད་སར་བསྟན་པས་མི་ཚང་མ་ཧ་ལས་ཧང་གསང་དགོས་པ་བཟོས། དེ་ནས་བཟུང་སྟེ་ཚོང་ཚང་མའི་ཁ་གཅིག་མཐུན་གྱིས་ས་གནས་དེའི་མཚན་སྲུང་ལ་བཞག་སྟེ། གནས་ཚུལ་དེ་དག་གཟུགས་མཐོང་བརྙན་འཕྲིན་ཁག་ལ་སྟོན་པས་ས་ཕྱོགས་གང་སར་ཁྱབ་པ་རེད།

སྤྲང་པོའི་མིང་ལ་ལྷག་པ་ཟེར་ཞིང་། ཁོ་པ་དེ་ནི་ལུང་པ་གཞན་ནས་གནས་དེར་ཡོང་བ་ཞིག་ཡིན། ཁོ་་པ་ནི་མི་ཚེའི་ཚོར་བར་ཞེན་པ་ལོག་ནས་གནས་དེར་ལ་ཡོང་བ་ཞིག་ཡིན་པ་ལས་དངོས་ཡོད་སྤྲང་པོ་མ་ཡིན། ཁོ་པར་ནང་མི་དང་བུ་ཕྲུག་ཀྱང་ཡོད་ལ། བཟོ་གྲྭ་ཞིག་གི་ནང་ལ་ལས་ཀ་བྱེད་མཁན་ཞིག་ཀྱང་ཡིན། ཡིན་ནའང་ནང་གི་བཟའ་ཟླ་ཧ་ཅང་གིས་འདོད་བརྔམས་ཅན་ཞིག་ཡོད། ཁོ་པས་ནང་མི་ཆེད་དུ་ཡོད་ཚད་བློས་བཏང་གིས་ལས་དོན་བྱེད་ཀྱི་ཡོད་ཀྱང་བཟའ་ཟླས་ག་དུས་ཡིན་ན་ཚོགས་གཏམ་རྐྱང་གཏོང་གི་ཡོད། མ་ཟད་མི་ཚོགས་འཛོམས་ས་དེ་འདྲའི་དཀྱིལ་ལ་ངས་བཟའ་ཟླ་འཇོན་ཐང་མེད་རབས་སོགས་ཀྱི་དམད་ར་གཏོང་གི་ཡོད་པས་དེས་ཁོ་ལ་སྙིང་ལ་གྲི་བཙུགས་པ་ནང་བཞིན་ན་ཟུག་བཟོ་གི་ཡོད། འོན་ཀྱང་བུ་ཕྲུག་གིས་གདོང་ལ་བལྟས་ནས་ལོ་གྲངས་མང་པོའི་རིང་ལ་བཟོད་སྒོམ་བྱེད་ཀྱི་ཡོད། ལས་ཁུངས་ནང་ལ་ཁོ་རང་གི་ངོ་ཤེས་པ་གྲོགས་པོ་ཞིག་ཡོད་པས། ཁོ་ལ་སེམས་ཀྱི་སྡུག་བསྔལ་ཚང་མ་ཁོར་བཤད་ཀྱི་ཡོད། ཉིན་གཅིག་གྲོགས་པོ་མིག་དམར་གྱིས་ལྷག་པའི་གདོང་ལ་ཡག་པོ་ཞིག་བལྟས་ནས་”ཁྱོད་ལ་སེམས་ནང་ལ་དཀའ་ངལ་གང་ཞིག་འདུག་གམ་”ཞེས་དྲིས། ནང་གིས་གནས་སྟངས་ཚང་མ་བཤད་ཆད་ལུས་མེད་པར་བཤད། མིག་དམར་ཡང་དབུགས་རིང་བཏང་།

ནང་མིས་བྱེད་སྟངས་དེ་དག་གིས་སེམས་སྡུག་དབང་གིས་ལས་ཁུངས་ནང་ལ་སླེབས་དུས་དེ་རྐྱང་བསམ་བློ་འཁོར་ནས་གོང་རིམ་གྱིས་ལས་ཀ་གང་ཞིག་མངག་ནའང་དུས་ཐོག་ལ་ཏག་ཏག་བྱེད་ཐུབ་ཀྱི་མེད་པས། ལས་ཁུངས་འགན་འཛིན་གྱིས་ཐེངས་མ་མང་པོ་བཀའ་བསྐྱོན་གནང་། མཐར་ཉིན་གཅིག་འགན་འཛིན་པ་སངས་ཀྱིས་”ལས་ཀ་གལ་ཆེན་པོ་ཞིག་པས་མགྱོགས་པོ་དུས་ཐོག་ལ་བྱེད་ཚར་བ་དགོས་”ཞེས་ནན་བརྗོད་ཀྱིས་ལྷག་པར་མངགས་བྱ་བྱས་ཀྱང་ལྷག་པའི་ལས་ཀ་དུས་ཚོད་མ་ཚར་མ་ཟད། སྤུས་དག་པོའང་བྱས་མེད་པའི་དབང་གིས་འགན་འཛིན་པ་སངས་ཁོང་ཁྲོ་ལངས་ཏེ་”ད་ནས་བཟུང་སྟེ་ཁྱོད་ལས་ཁུངས་ནང་ལ་ཡོང་མི་དགོས་”ཞེས་བརྗོད་དེ་ལས་ཁུངས་ནས་ཕྱིར་འབུད་བཏང་བ་དང་། ལམ་སང་ལས་རོགས་མིག་དམར་གྱིས་”འགན་འཛིན་མཆོག་ལ། ཁོ་ལ་དེང་སྐབས་ནང་གི་དཀའ་ངལ་ཞེ་དྲག་འཕྲད་ཀྱི་འདུག་ན། གཅིག་ལ་དགོངས་པ་བཞེས་ནས་མ་ཕུད་པ་ཐུགས་རྗེའི་གཟིགས་”ཞེས་རེ་སྐུལ་ཞུས་ཀྱང་འགན་འཛིན་གྱིས་”ནང་གི་དཀའ་ངལ་ཡོད་ནའང་ལས་ཁུངས་ཀྱི་ལས་ཀར་འཐུས་ཤོར་བཏང་ན་ག་ལ་འགྲིགས་”ཞེས་བརྗོད་དེ་ངོས་ལེན་མ་བྱས། ལྷག་པས་གྲོགས་པོ་མིག་དམར་ལ་ཡིག་ལྐོག་ཅིག་སྤྲད་ནས་”འདི་ནང་ལ་དངུལ་འཛིན་ཁ་ཤས་ཤིག་ཡོད་ན་རྗེས་མ་བུ་མོ་མཐོ་སློབ་འགྲོ་སྐབས་ཁྱེད་ཀྱི་ཁོ་ཚོར་སྤྲད་རོགས་བྱོས་”ཞེས་བརྗོད། མིག་དམར་གྱིས་”ཁྱོད་གང་དུ་འགྲོ་རྩིས་ཡོད་དམ་”ཞེས་དྲི་པ་དང་། ལྷག་པས་”ང་ཐག་རིང་ཞིག་ལ་འགྲོ་དགོས་ཁེལ་སོང་”ཞེས་བརྗོད་དེ་སུ་ཞིག་གིས་མ་མཐོང་བ་བྱས་ཏེ་མཚན་མོ་མེ་འཁོར་ནང་བསྡད་དེ་ཐག་རིང་གི་ལུང་བ་གཞན་ལ་ཕྱིན། དེར་སླེབས་དུས་ལུང་པའི་ས་རྒྱུན་དང་གོམས་འདྲིས་སོགས་མེད་དུས་ལྟོ་ཡང་ཡག་པོ་སློང་ཐུབ་ཀྱི་མེད།

ལམ་ཁའི་ཟུར་གཡས་གཡོན་ལ་ནང་མི་མཉམ་དུ་ལྟོ་བཟའ་བ་སོགས་མཐོང་དུས་ནང་གི་ཕྲུ་གུ་དྲན་ནས་མིག་ཆུ་རྒྱུན་ཆེད་མེད་པ་ཤོར་གྱི་ཡོད། དེ་འདྲའི་ལུས་སེམས་ཀྱིས་དཀའ་སྡུག་འོག་མགོའི་སྐྲ་ཐམས་ཅད་གནམ་ལ་ཟིང་ངེར་གྱུར། གྱོན་ཆས་རལ་བ་སོགས་ཀྱི་མི་སུ་འདྲ་ཞིག་ཐུག་ནའང་ངོ་མི་ཤེས་པ་གྱུར། རིམ་གྱིས་ནང་མི་དང་། མཐའ་ན་ལུང་པ་ག་ནས་ཡོང་བ་ཡིན་པ་དྲན་པ་བརྗེད།
ཉིན་གཅིག་གྲོགས་པོ་མིག་དམར་གྱིས་བུ་མོ་ཕུར་བུ་མཐོ་སློབ་ལ་འགྲོ་གྲབས་ཡོད་པ་ཐོས་རྗེས་དེ་སྔོན་གྲོགས་པོ་ལྷག་པའི་བཅོལ་བཞག་པའི་ཡིག་ལྐོག་དེ་འཁུར་ནས་ཡོང་སྟེ་བཟའ་ཟླ་ཟླ་བ་ལ་”དེ་སྔོན་གྲོགས་པོ་ལྷག་པའི་བུ་མོ་མཐོ་སློབ་འགྲོ་སྐབས་ང་ལ་སྤྲད་རོགས་བྱོས་ཟེར་ནས་བཅོལ་བཞག་པ་རེད།

དེར་བརྟེན་ད་ལོ་ཕུར་བུ་མཐོ་སློབ་འགྲོ་གི་ཡོད་པ་གོ་ཐོས་བྱུང་ན། ངས་ཁྱོད་ཀྱི་ལག་ཏུ་སྤྲད་དུ་ཡོང་བ་ཡིན་”ཞེས་བརྗོད་པ་དང་། བཟའ་ཟླ་ཟླ་བ་ཁོ་ཁྲོས་རྣམ་གྱུར་དང་བཅས་”ཁོ་ནི་ང་ཚོའི་སེམས་ནང་སྔ་ལམ་ནས་ཤི་ཟིན་པ་རེད་”ཟེར་བ་དང་། གྲོགས་པོ་མིག་དམར་ཁོང་ཁྲོ་ཚད་མེད་ལངས་ནས་ནང་མི་ཚང་མ་ཡོད་ས་ལ་”དེ་སྔོན་ཁྱོད་ཀྱི་ལྷག་པར་དཀའ་སྡུག་མང་པོ་ཞིག་སྤྲད་ནས་འགྲོ་བྱུང་བ་རེད་མ་གཏོགས་དགའ་སྐྱིད་ངང་ནས་ཕྱིན་པ་ཞིག་མ་རེད་”སོགས་གནས་ལུགས་དང་རྒྱུ་མཚན་ལྡན་པ་མང་པོ་ཞིག་བཤད་པས། བུ་མོ་ཕུར་བུས་”ཨ་མ་ཁྱོད་ཀྱིས་ཨ་ཕ་ཤི་ཚར་བ་རེད་ཟེར། དོན་དངོས་དེ་རེད་མི་འདུག་པ། ངས་ཨ་ཕ་ད་ལྟ་ཡོང་དུ་ཡོད་ན། གནང་སྟངས་གང་ཞིག་གི་འོག་ལ་ཡོད་ན། སློབ་ཕྲུག་གཞན་གྱི་ཨ་ཕས་སོ་སོའི་བུ་མོར་བྱམས་པོ་བྱེད་པ་མཐོང་དུས་ངས་སེམས་ནང་ཨ་ཕ་དྲན་ནས་མིག་ཆུ་དང་། སྡུག་བསྔལ་ག་ཚད་བྱས་ཡོད་པ་ཨ་མ་ཁྱེད་ཀྱི་མཐོང་ཡོད་དམ། ཨ་མ་ཁྱོད་ཀྱི་ང་ལ་ཨ་ཕ་ཤི་ཚར་བ་རེད་ཟེར་དགོས་གང་ཞིག་ཡིན་ནམ། ང་ལ་ངེས་པར་ཨ་ཕ་དགོས་”ཞེས་མིག་ཆུ་གཏོང་བཞིན་མིག་དམར་ལ་”སྐུ་མཁྱེན་ཐུགས་རྗེ་གཟིགས་ཁྱོད་ཀྱི་ངས་ཨ་ཕ་གང་དུ་ཡོད་ན་ལབ་རོགས་བྱས་དང་”ཞེས་བརྗོད། མིག་དམར་ཡང་མིག་ཆུ་ཤོར་བཞིན་བུ་མོ་ཕུར་བུ་ལ་”ཁྱོད་ཀྱི་ཨ་ཕ་ལས་ཁུངས་ནས་ཁ་བྲལ་བ་ཉིན་མོ་དེ་ནས་འབྲེལ་བ་ཁྱོན་ནས་མེད་”ཅེས་བརྗོད་དེ་ཡོང་།

ཟླ་བ་འགའ་ཤས་སོང་བ་དང་ཉིན་གཅིག་བརྙན་འཕྲིན་ནང་ལ་སྤྲང་པོ་ཞིག་གིས་དགོང་ལྟར་ཚོང་ཁང་གི་སྒོ་སྲུང་གི་ཡོད་ནའང་ཚོང་ཁང་གིས་བདག་པོས་དེ་མ་ཤེས་ནས་ཁོའི་སྒོ་འགྲམ་ལ་ཉིན་ལྟར་སྤྲང་པོ་ཉལ་བསྡད་དུས་ཚོང་ཁང་གི་སྒོ་ལ་གཅིན་པ་སོགས་གཙོག་པ་བཟོ་མཁན་སྤྲང་པོ་ཡིན་སྣང་ཤར་ནས་སྡིག་དམོད་བྱེད་ཀྱི་ཡོད། དོན་ངོ་མ་དེ་མ་ཡིན་པས་ཁོས་ཚོང་ཁང་སྤྲང་པོས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རྗེས་སུ་ཤེས་ནས་སྤྲང་པ་དེ་ལ་ཀུན་གྱིས་ཡི་རངས་དང་སྔགས་བརྗོད་བྱེད་ཀྱི་ཡོད་པ་རེད་ཅེས་བརྙན་འཕྲིན་ཐོག་ལ་བསྟན་པ་མཐོང་བ་དང་། གདོང་དབྱིབས་ལྷག་པ་འདྲ་པོ་འདུག་སྙམ་སྟེ་བུ་མོ་ཕུར་བུ་ལབ་ནས་ས་གནས་དེར་ཕྱིན། བརྩད་གཅོད་བྱས་པ་དང་། ལམ་སང་མིག་དམར་གྱིས་ངོ་ཤེས་ནས་ལྷག་པར་འཐམ་ནས་ངུས། ལྷག་པ་ཡང་དྲན་པ་སོས་གྲོགས་པོ་མིག་དམར་མཐོང་དུས་མིག་ཆུ་ཤོར། ལྷག་པས་”བུ་མོ་འདི་སུ་དམ་”ཞེས་དྲིས་པ་དང་། བུ་མོ་ཕུར་བུ་མིག་ཆུ་གཏོང་བཞིན་”ཨ་ཕ་ཁྱོད་ལོ་མང་ཞིག་གི་རིང་དུ་སོང་བ་ཡིན་ནམ། ང་ཚོ་ནང་མི་གཡུགས་ནས་ག་རེ་བྱས་ནས་ཕྱིན་པ་ཡིན་ནམ་”ཞེས་དྲིས་པ་དང་། ལྷག་པས་”བུ་མོ་ཁྱོད་ལ་དགོངས་མ་མ་ཚོགས་”ཞེས་ལབ་པ་ལས་གཞན་གང་ཡང་ཞུ་རྒྱུ་མེད། ནོར་འཁྲུལ་བྱེད་མཁན་ཚང་མ་ང་ཡིན་”ཞེས་བརྗོད་དེ་བུ་མོ་ལ་ཐོད་པ་གཏུགས། བཟའ་ཟླ་ཟླ་བ་ཡང་སྔོན་བྱས་ལ་བློ་འགྱོད་དང་བཅས་མིག་ཆུ་གཏོང་བཞིན་འགྱོད་བཤགས་བྱས་པ་དང་། དུས་དེ་ནས་བཟུང་སྟེ་ནང་མི་ལྷན་འཛོམས་ཀྱི་བདེ་སྐྱིད་ལྡན་པ་ངང་མཐའ་མཇུག་མི་ཚེའི་འཚོ་བ་དོན་སྙིང་ལྡན་པར་རོལ་རྒྱུ་བྱུང་བ་རེད།

ཅེས་པ་འདི་ནི་ལས་ཞོར་ལ་བྲིས་པ་ཞིག་ན་དེ་ལུགས་དགོངས་འཇག་འཚལ། ཤར་མཐའི་སྤྲང་འཁྱམ་པ་ཆབ་མདོ་ངག་ཕུན་གྱིས།

བརྩམས་སྒྲུང་།

Post navigation

Previous Post: ལྗང་བུའི་ཉེ་སར་བཅར་བ།
Next Post: འབྲོག་ལམ་ཁུལ་དུ་རྒྱ་ནག་གིས་དཔུང་འཇུག་བྱེད་བཞིན་པ་ནི་རྒྱ་སྐྱེད་རིང་ལུགས་ཀྱི་མངོན་རྟགས་ཤིག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme