Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཚེ་གཅིག་མགྲོན་པོར་སྡོད་དགོས་སམ།

Posted on 2010-07-29 By དབང་ཕྱུག་ 6 Comments on མི་ཚེ་གཅིག་མགྲོན་པོར་སྡོད་དགོས་སམ།

བསེ་རུ།

ང་ རང་གི་ལྟེ་ཁྲག་འཕོ་ཡུལ་ནི་མ་ཡུམ་གངས་ཅན་ལྗོངས་ཡིན་ཞིང་། གནས་དེ་ན་ངའི་ཡོད་ཚད་ཀྱི་ཡོད་ཚད་ཀྱང་ཡོད་པ་ཁྱེད་རྣམས་ལ་མ་སྨྲས་ཀྱང་མཁྱེན་ ངེས། ང་དང་ཁོང་། ཁྱོད་དང་ཁྱོད་ཚོ། ཁོ་དང་ཁོ་མོ་ཡོད་ཚད་སྟེས་དབང་ཞིག་གིས་སམ་ལས་དབང་ཞིག་གིས་རྒྱང་རིང་གི་ས་མཐར་ གྱར། ས་མཐར་གྱར་གྱར་བའི་མཐར། ཉིན་ཞག་དང་ལོ་ཟླའི་ཁུར་པོ་གཅིག་ཐོག་གཅིག་ཏུ་བརྩེགས་པའི་རྗེས། གནས་འདི་ནས་ངས་མགྲོན་པོའི་ཁྱུ་ཚོགས་ཤིག་མཐོང་། བསམ་བསམ་པའི་མཐར་ང་ཡང་མགྲོན་པོའི་ནང་གི་གཅིག་དེ་ཡིན་པ་རྟོགས། ང་ ཐོག་མར་རྒྱ་གར་དུ་ཡོང་སྐབས་གསོག་སྒར་སློབ་གྲྭ་གཅིག་པུ་མགྲོན་ཁང་གི་ཚུལ་དུ་ མཐོང་། ང་རང་ཡང་མགྲོན་པོའི་ཚུལ་དུ་མཐོང་། སྐབས་དེ་ཤེད་དུ་གོང་གི་དབུ་ཁྲིད་འགའ་ཞིག་གིས་ཀྱང་ང་ཚོ་རྒྱ་གར་གྱི་མགྲོན་པོ་ རེད་ཅེས་གླེང་གིན་འདུག དེ་རྗེས་ངས་དྷ་སར་ལོ་ཤས་བསྡད་རྗེས་དྷ་ས་དེ་ཡང་མགྲོན་ཁང་གི་ཚུལ་དུ་མཐོང་། དྷ་སའི་གཡས་གཡོན་སྟེང་འོག་གི་བོད་མི་ཚོ་ཡང་མགྲོན་པོ་རྣལ་མ་ཞིག་ཏུ་མཐོང་། ངས་ལྟ་གིན་ལྟ་གིན་མཐོང་བཞིན་པ་ནི། གཅིག་གིས་གཅིག་ལ་ལག་བརྡ་གཏོང་བ་དང་། གཅིག་གིས་གཅིག་ལ་ཁ་བཏགས་གཡོགས་པ། གྲོང་པ་ཁྱིམ་མཚེས་ཚོ་ཡང་ཡང་ཡང་འགྱུར་བ་འགྲོ་ཚུལ་འདི་མཐོང་སྐབས། ངས་དྷ་ས་ནས་ས་སྐྱེས་རྡོ་སྐྱེས་ཡིན་པའི་བོད་མི་ཚོ་ཡང་མགྲོན་པོར་མཐོང་།
ངས་བོད་མི་འདུས་སྡོད་ཁུལ་གྱི་གཞིས་སྒར་ཁག་གང་སར་སྐོར་བསྐྱོད་ལ་ཐེངས་ཤིག་ ཕྱིན། གཞིས་ཆགས་ཀྱི་གྲོང་སྡེ་ཁག་གི་ནང་ཚང་མ་གཅིག་ཤོར་གཉིས་ཤོར་གྱིས་རྡོག་ཆས་རྒྱག་ གིན། གཅིག་མགྱོགས་གཉིས་མགྱོགས་ཀྱིས་ཕར་རྒྱུག་ཚུར་རྒྱུག་གནང་གིན། མགྲོན་ཁང་ཁག་ནས་སང་ཐོིན་གནངས་ཐོན་གྱི་གྲ་སྒྲིག་བྱེད་ཀྱིན་འདུག དེ་ནས་ངས་བལྟས་བལྟས་པའི་མཐར། སྐབས་དེ་དུས་བོད་མི་འདུས་སྡོད་གཞིས་སྒར་ཁག་ཀྱང་མགྲོན་ཁང་གི་ཚུལ་དུ་མཐོང་ལ། བོད་མི་ཚོ་ཡང་མགྲོན་པོ་རྣལ་མ་ཞིག་ཏུ་མཐོང་།
དེ་རྗེས་ལོ་ཤས་རིང་ངས་ནུབ་ཕྱོགས་དང་ཡོ་རོབ་ཁུལ་སོགས་ས་གནས་མང་པོ་ཞིག་ལ་ སྐོར་བསྐྱོད་དུ་ཕྱིན། གནས་དེ་དག་ནི་བོད་མི་ཚང་མས་ལྷ་ཡུལ་ལྟ་བུར་བརྩི་གིན་ཡོད་ཅིང་། བྱིས་པ་འཛིན་རིམ་གསུམ་པ་བཞི་པ་ཙམ་ལས་མ་སླེབས་པ་ཚོས་ཀྱང་། ངའི་སྤུན་མཆེད་ཨ་རི་ལ་ཡོད། ངའི་ཨ་ཁུ་ཡོ་རོབ་ལ་ཡོད། ང་ཡང་མ་འོངས་པར་འགྲོ་གིན་ཡིན་ཟེར། ཡང་མཐོ་སློབ་ཐོན་པ་ཚོས་ཀྱང་ག་ལེར་ག་ལེར་ཐབས་ཤེས་གཏོང་གི་ཡིན་ཟེར། གཞུང་ཞབས་དང་དགེ་རྒན་ལས་བྱེད་ཚོས་ཀྱང་གནས་སྐབས་ཞབས་ཕྱི་ཞུ་གི་ཡིན་ཟེར། རྒས་པོ་དང་རྒན་མོ་ཚོས་ཀྱང་འཚོ་བའི་ཐོག་དཀའ་ངལ་མེད་ཟེར་བཞིན་ཕྲུ་གུ་དང་སྤུན་ མཆེད་ཕྱི་རྒྱལ་དུ་ཡོད་པ་ཚོ་ངོམས་གསོ་གཏོང་གིན་གནས། ཐ་ན་གདན་ས་གྲྭ་ཚང་ཁག་གི་དགེ་འདུན་འདུས་པ་རྒྱ་མཚོའི་ཟས་གོས་གནས་མལ་སོགས་ཀྱང་ སྐུ་ངལ་དང་ཐུགས་ཁྲལ་མེད་གསུང་གིན་ཆོས་ཚོགས་ཁག་དང་མཁན་བླ་དགེ་བཤེས་ཚོ་ཡང་ཡང་ གནས་དེ་ན་ཕེབས་ཀྱི་ཡོད་ཟེར། རྒྱུ་མཚན་དེ་དག་གི་དབང་གིས་གཅིག་བྱས་ན་ལྷ་ཡུལ་ལྟ་བུར་བརྩི་གིན་ཡོད་ཤས་ཆེ།
ང་རང་ནུབ་ཕྱོགས་དང་ཡོ་རོབ་ཁུལ་དུ་སྐོར་གྱིན་སྐོར་གྱིན་མཐོང་བཞིན་པ་ནི། ཚང་མས་གནས་དེ་ནས་རྡོག་ཐོན་གྱི་གྲ་སྒྲིག་བྱེད་ཀྱིན་འདུག ངའི་བསམ་པར་བོད་མི་འདི་ཚོ་ལྷ་ཡུལ་ལྟ་བུའི་ཞིང་ཁམས་དེར་མ་བཞུགས་པར་ཡང་མགྲོན་ པོའི་ཚུལ་གྱིས་ཐོན་གྲབས་བྱེད་ཀྱིན་འདུག་སྙམ། ངས་རང་ཉིད་ཀྱི་ཐོག་བསམ་བློ་ ཞིག་བཏང་། ངས་དེ་ན་ལོ་ཤས་ལས་སྡོད་རྩིས་མེད་པ་དང་། གནས་དེ་ནི་བློ་ཕུགས་བཅོལ་ཡུལ་དེ་མིན་པ་མ་བཤད་ཀྱང་ཁྱེད་རྣམས་ཀྱིས་མཁྱེན་ངེས། ཨོའོ། བོད་མི་ཚོ་སླར་ཡང་ལྷ་ཡུལ་གྱི་ཞིང་ཁམས་ལྟ་བུའི་མགྲོན་ཁང་དེ་ཚོ་ཡང་གཡུགས་ཏེ་ ཕེབས་གྲབས་གནང་གིན་ཡོད་པར་ཐུགས་ཁག་མི་འདུག་སྙམ། ད་བོད་མི་ཚོ་ཤར་ཨེ་ཤ་དང་ནུབ་ཕྱོགས་ཨ་རི། ཡོ་རོབ་སོགས་ཡོད་ཚད་བསྐོར་ཟིན་པ་རེད། དངོས་གནས་མགྲོན་པོ་ཚོ་ལོག་ཕེབས་ཀྱང་ཡུལ་སྐོར་གནང་ཟིན་པ་རེད་སྙམ། ད་སྟེང་ལྷ་ཡུལ་དུ་བོད་མི་ཚོ་ཕེབས་པའི་ནུས་པ་མེད་ལ། འོག་ཀླུ་ཡུལ་དུའང་བོད་མི་ཚོ་མགྲོན་པོ་གནང་བར་ཕེབས་པའི་སྐལ་བ་མེད། མཐར་མགྲོན་པོ་ཚོ་ཕེབས་ཕེབས་པའི་མཐར། སྐུ་ངལ་གྱིས་རྔུལ་ཆུ་བཞུར་གྱིན་འདུག་ལ། ལ་ལ་ནི་ཡི་ཐང་ཡང་ཆད་བཞིན་འདུག ལ་ལ་ནི་དབུགས་ཧལ་ཧལ་ངང་ལུས་ལ། འགའ་ཤིག་ནི་འཆི་ལ་ཁད་དུ་གནས། རེ་འགའ་ནི་གོམ་སྟབས་འཁྱར་འཁྱོར་ངང་ར་བཟི་ལྟ་བུར་གྱུར་འདུག
ངས་རང་ཉིད་ཀྱི་ནང་དུ་ཡོད་པའི་མེ་ལོང་གི་ངོར་ལྟ་སྐབས། ངའི་ཐོད་པར་གཉེར་མའི་ཆུ་རིས་གཡོ་གིན་འདུག་ལ། མགོ་བོའི་གནག་སྣུམ་གྱི་སྐྲ་ལོ་དག་ཀྱང་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་འདུག ད་དུང་ཞིབ་པར་ངའི་ལུས་པོ་ཆ་ཚང་ལ་ལྟ་སྐབས། རང་ལོ་སུམ་ཅུ་ལྷག་ལས་མ་སོན་ཀྱང་ལོ་རྒན་དྲུག་ཅུ་བདུན་ཅུར་སླེབས་པའི་རྒས་ཉམས་ ཤིག་སླེབས་འདུག་ལ། ལག་པས་གདོང་པར་བྱིལ་བྱིལ་བྱེད་སྐབས། མིག་ཆུའི་རླན་གྱིས་ལག་ཟུང་རློན་པར་གྱུར་འདུག དེ་ནས་ངའི་དབུགས་ཀྱི་རྒྱུ་བ་ལ་བསམ་སྐབས། དབུགས་རྒྱུན་སྔར་ལས་འཕར་ཤུགས་ཇེ་ཆེ་རེད་ལ། སྙིང་ག་ཡང་རྒྱུན་གཏན་མ་ཡིན་པའི་ལྡེམ་ཤུགས་ཆེ་རུ་སོང་འདུག ངས་དལ་བུར་ལག་པ་གཉིས་ཀས་སྙིང་ག་མནན་ཏེ། ཁང་ཆུང་གྲུ་བཞིའི་ནང་དུ་ཡོད་པའི་༸གོང་ས་མཆོག་གི་སྐུ་པར་དེ་ལན་ཅིག་མཇལ་བ་ དང་། དེ་ནས་ཕར་ངོས་ཀྱི་རྩིག་ལྡེབས་ཀྱི་ཕོ་བྲང་ཕོ་ཏ་ལའི་སྐུ་པར་དེར་མཇལ་ཞོར་ངའི་ ཕ་ཡུལ། ངའི་ཕ་མ། ངའི་མི་རིགས། ངའི་ཡོད་ཚད་ང་ལ་མི་དབང་བ་ཅི་ཡིས་ལན་པ་ཡིན་ནམ་ཞེས། ང་དང་ངའི་འཁོར་རྣམས་དངོས་གནས་མི་ཚེ་གཅིག་མགྲོན་པོར་སྡོད་དགོས་སམ། ང་ང་ང་༌༌༌༌ངའི་༌༌༌ངའི་༌༌༌ངའི་༌༌ཞེས་ངག་འདར་འདར་ངང་སྨྲེ་ངག་དབང་མེད་དུ་ཤོར་ བྱུང་། མིག་ཟུང་མཆི་མས་གང་སྟེ་མིག་ཟུང་རབ་རིབ་ཏུ་གྱུར་སྟབས། མགྲོན་པོའི་ཟིན་ཐོ་འདིར་མི་འཇོག་ཀ་མེད་དུ་གྱུར།། 2010.07.29

སྣ་ཚོགས།

Post navigation

Previous Post: བཀའ་ཁྲིའི་འོས་འདེམས་སྐོར་གྱི་གློག་བརྙན།
Next Post: གདན་ས་ཆེན་མོ་རྣམ་གྲོལ་གླིང་གིས་མཛད་སྒོ་སྔ་འཐེན་གྱི་གསར་བསྒྲགས་ཤིག།

Comments (6) on “མི་ཚེ་གཅིག་མགྲོན་པོར་སྡོད་དགོས་སམ།”

  1. མདོ་ལྷ་ཁམས་པ། says:
    2010-07-29 at 12:00 pm

    བསེ་རུ་ལགས། སེམས་མ་སྐྱོ།
    མགྲོན་པོ་ནི་ཁྱེད་རང་གཅིག་པུ་མ་ཡིན་ལ། ཁྱེད་ཀྱི་མི་རིགས་ཁོ་ན་ཡང་མ་རེད།
    སྔ་ཕྱི་མ་གཏོགས། ཤར་ལྷོ་ནུབ་བྱང་གི་མི་ཚང་མ་མགྲོན་པོ་རེད།
    མགྲོན་པོ་ཞེས་པ་གནས་སྐབས་ཀྱི་མིང་བཏགས་ཙམ་རེད།
    དུས་གཏན་དུ་གཞི་གཅིག་ལ་བདགས་པའི་མི་ཚོ་ནི་བེམ་རོ་ཞིག་དང་འདྲ།
    བསམ་བློ་གཏོང་ཤེས་ན། མགྲོན་པོ་ལ་ཡང་དགེ་མཚན་མང་།
    འཛམ་གླིང་གི་ཤར་ནུབ་རྒྱུ་བའི་རྐང་ལག་གཉིས་ལ་རང་དབང་ལྡན།
    འཇིག་རྟེན་ལེགས་པར་བལྟ་བའི་མིག་ཀོང་གཉིས་ལ་གཡོགས་མཁན་མེད།
    སྟོང་ཆེན་པོའི་འཇིག་རྟེན་ཤོད་ཡང་གེག་བྱ་མེད།
    མགྲོན་པོའི་ཡོན་ཏན་དྲན་ནས་མགྲོན་པོ་བེད་སྤྱོད་གྱིས།
    ལོ་ཤས་རྗེས་སུ་མགྲོན་པོ་མ་ཡིན་པ་ཚང་མ་ཡང་མགྲོན་པོ་ཡིན།
    མགྲོན་པོ་མ་ཡིན་མཁན་ཞིག་ནི་འཇིག་རྟེན་འདི་ན་མེད།
    ཕ་ས་ཕ་ཡུལ་དྲན་པ་བདེན་པ་རེད།
    མིག་ཆུས་ཁུར་ཚོས་བརླན་པ་ཁག་མེད་གི
    མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཟེར་ནི་རེད།

  2. མེ་ཏོག་དཀར་པོ། says:
    2010-07-29 at 12:57 pm

    བསེ་རུ་ལགས། ཕོ་ལོ་སུམ་ཅུ་ནས་དེ་འདྲའི་རྒས་ཉམས་ཞིག

  3. ཀརྡོ་རབ་འབྱམས་པ་ says:
    2010-07-29 at 1:11 pm

    བྱོལ་ཁྱར་བོད་རིགས་མགྲོན་པོའི་ངོ་བོ། །

    མ་བོས་མགྲོན་པོས་སྤྱུགས་པའི་མགྲོན་པོ། །
    བདག་པོ་སྒོ་ཁྱིར་འབུད་པའི་མགྲོན་པོ། །
    གཞན་གྱིས་མ་བོས་ཚེ་གང་མགྲོན་པོ། །
    མགྲོན་པོས་མགྲོན་པོ་འབོད་མཁན་མགྲོན་པོ། །

  4. བསེ་རུ། says:
    2010-07-29 at 1:34 pm

    ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར།།
    འཇིག་རྟེན་མགྲོན་པོ་འདི་ཀུན་སྡོད་དབང་མེད།།
    ལོག་ཡུལ་མེད་པའི་མགྲོན་པོའི་ཁྱུ་ཚོགས་ཀྱང་།།
    མགྲོན་ཁང་དེ་དག་དོར་རྗེས་གང་དུ་འགྲོ།

  5. སྐྱབས་བཅོལ། says:
    2010-08-01 at 8:33 am

    བསེ་རུ་ཐུགས་སེམས་མ་སྐྱོ་ལྷོད་ཀྱིས་བཞུགས།།
    མི་རབས་གསུམ་ཙམ་མགྲོན་པོར་སྡོད་དགོས་ཀྱང་།།
    བོད་མིའི་གནང་སྟངས་དེ་ལ་འགྱུར་བ་མེད།།
    བོད་མིའི་ཉི་མ་རིང་ནས་རིང་དུ་འགྲོ།།

    ཁྱེད་ཀྱི་ཚོར་འདུ་སྐྱེན་པའི་རྩོམ་ཡིག་གིས།།
    དྲ་གྲོགས་གང་མང་བསམ་གཞིགས་ཀློང་དུ་ཚུད།།
    ཁྱེད་རང་སེམས་སྐྱོའི་མིག་ཆུའི་ཐིགས་པ་དེ།།
    བོད་མི་རྩམ་གཟན་ཀུན་གྱི་སྡུག་བསྔལ་རེད།།

  6. མེ་སྟག says:
    2010-08-12 at 3:16 pm

    ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར།།
    འཇིག་རྟེན་མགྲོན་ཁང་བོད་ཀྱི་མགྲོན་པོས་བོར།།
    ཧ་ཧ་ཧ། མགྲོན་པོ་འདི་ཚོ་སྙིང་རྗེ་སྐྱེ་བའི་ཡུལ་ཞིག་རེད་འདུག
    ང་ཡང་མགྲོན་པོ་རེད་འདུག མགྲོན་པོ་དེ་ཇི་ལྟར་ཆགས་པ་ཡིན་ནམ།
    རྐྱེན་གང་དང་རྒྱུ་གང་ལགས། བསེ་རུས་ལན་རྒྱོབས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme