Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་མང་ལ་ཆོས་འབྲེལ་དང་བཀའ་དབང་།

Posted on 2011-04-242011-04-24 By ཁ་བརྡ་ 2 Comments on མི་མང་ལ་ཆོས་འབྲེལ་དང་བཀའ་དབང་།

1
ས་གནས་ནས་ཐུབ་རྒྱལ་གྱིས།
ར་པུར་དཔལ་ས་སྐྱའི་ཆོས་སྒར་རུ་མཁའ་མཉམ་སྐྱེ་འགྲོ་ཀུན་གྱི་མགོན་དཔུང་དམ་པ་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དེར་འདུས་མི་མང་བཞི་སྟོང་ལྷག་ལ་འཆི་མེད་ཚེ་དབང་ཟབ་མོའི་ལྗགས་ དབང་བསྩལ་གནང་སོང་། ཟླ་འདིའི་ཕྱི་ཚེས་༢༣ཉིན་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་དངོས་སུ་བཀའ་དབང་དབུ་འཛུགས་གནང་བ་དང་སྐབས་དེར་མགོན་པོ་གང་གིས། སྔོན་འགྲོ་ཡན་ལག་བདུན་པ་དང་ནང་ཆོས་ངོ་ སྤྲོད་གནང་བ་མ་ཟད། གཙོ་ཆེ་ཤོས་དེ་ཀུན་སློང་ཀུན་སྤྱོད་ལེགས་པ་གསལ་བཏབ་དགོས་པས་ཚེ་དབང་ཞུ་བར་ཁྲལ་དང་ལྟད་མོ་ལྟ་བུའི་འདུ་ཤེས་འཁྱེར་ནས་དབང་གྲལ་དུ་ཞུགས་པ་ཡིན་ན་དབང་མི་འཐོབ་ཁར་ཉེས་དམིགས་སུ་འགྲོ་རྒྱུ་ལས་དགེ་མཚན་མེད་པ་བཀའ་གནང་སོང་། དངོས་གཞི་རྗེས་གནང་གྲུབ་རྗེས་བཛྲ་གུ་རུ་སོགས་ཀྱི་ལྗགས་ལུང་ཡང་གནང་སོང་། 2དེ་རྗེས་མི་མང་ལ་བླང་དོར་གྱི་བཀའ་སློབ་འདི་ལྟར་བསྩལ་སོང་། དལ་འབྱོར་གྱི་ལུས་རྟེན་འདི་བཞིན་ཧ་ཅང་རྩ་ཆེན་པོ་ཡིན་པས་མི་ལུས་རིན་པོ་ཆེ་འདི་དོན་མེད་ཆུད་ཟོས་སུ་མི་གཏོང་བར་མི་ཚེ་དོན་ལྡན་ཞིག་ཡོང་བར་འབད་དགོས་པ་དེ་ཧ་ཅང་གལ་ཆེན་རེད། ལྷག་པར་དུ་ན་གཞོན་ རྣམས་ཀྱིས་མྱོས་རྫས་རིགས་སོགས་སྤང་བླང་ཚུལ་བཞིན་གནང་དགོས་པ་དང་། དེ་ལྟར་ཐུབ་ཚེ་རང་ཉིད་ཀྱི་མི་ཚེ་དེ་ཡང་དོན་ལྡན་ཞིག་ཡོང་རྒྱུར་མ་ཟད་མི་རིགས་ཀྱི་རྩ་དོན་ལ་ཡང་དེ་ ལས་ལྷག་པའི་སྲིད་ཞུ་ཞིག་མེད་སྟབས་ཚང་མས་ཐུགས་སྣང་གནང་རོགས་གནོངས་ཤེས་གསུངས་སོང་། བཀའ་དབང་འདི་བཞིན་ལག་ཐོག་ཁ་པར་གྱི་རྒྱུད་ནས་བོད་ནང་ཐད་གཏོང་གནང་མཁན་ཡང་བྱུང་འདུག

3

གསར་འགྱུར།

Post navigation

Previous Post: བོད་རང་བཙན་ཐོབ་པའི་རྨི་ལམ་རྨིས། །
Next Post: དཔལ་བོ་ཐུབ་བསྟན་དངོས་གྲུབ་དང་། ཚོགས་པ་ཁག་གི་རྒྱབ་མདུན།

Comments (2) on “མི་མང་ལ་ཆོས་འབྲེལ་དང་བཀའ་དབང་།”

  1. ཀརྡོ་རབ་འབྱམས་པ་ says:
    2011-04-25 at 6:38 am

    དད་མེད་དབང་གྲལ་མེད་ན་ལེགས་ཞེས་གདམས། །
    དད་ལྡན་སྨྱོ་རྫས་ཟ་བ་མི་རུང་ཞེས། །
    དངོས་དང་ཁ་པར་བརྒྱུད་ནས་དབང་ལུང་སྦྱིན། །
    ༸རྩ་བའི་༸བླ་མའི་༸སྐུ་ཚེ་ཡུན་བརྟན་ཤོག །

  2. འབྲོང་བུ་སོག་ཚ། says:
    2011-04-25 at 12:15 pm

    དལ་འབྱོར་གྲུ་ཆེན་མི་ལུས་རིན་ཆེན་འདི། །དོན་མེད་རྣམ་གཡེང་ངང་དུ་མ་གཏོང་ཞེས། །བཀའ་སློབ་དྲིན་ཆེན་གསེར་གྱི་ཡང་ཞུན་འདི། །རང་རེ་གཞོན་ནུ་རྣམས་ཀྱིས་སྙིང་དབུས་ཆོངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme