Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་།

Posted on 2022-07-272022-07-27 By དགེ་རབ་ 1 Comment on མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་།

པདྨ་ཚེ་དབང་ཤཱསྟྲི།

པ་ཀིས་ཐན་གྱི་སྲིད་བློན་ཟུར་པ་ཚེ་འདས། བེ་ནེ་ཛིར་ བྷུ་ཊོས་”མང་གཙོའི་ལམ་ལུགས་དེ་གས་ཆག་སླ་མོའམ་སྙི་མོ་ཞིག་རེད།” ཅེས་གསུངས་པ་བཞིན། སྤྱིར་འཛམ་གླིང་འདིའི་ནང་མང་གཙོ་དང་། རྒྱལ་པོའི་རིང་ལུགས། དམར་ཤོག་གི་ལམ་ལུགས། མི་གཅིག་དབང་འཛིན། ཉུང་སྡེའི་སྲིད་གཞུང་། སྒེར་སྤྱོད་ལམ་ལུགས་སོགས་ཆབ་སྲིད་སྐྱོང་བའི་ལམ་ལུགས་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། ང་ཚོས་རང་ཉིད་སྒྲིག་འཛུགས་བྱེད་སྟངས་དང་། སྟོབས་ཆེ་བ་དང་ཉམས་དམའ་བ་གཉིས་ཀར་སྨྲ་བརྗོད་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་འདྲ་མཉམ་དུ་ཡོད་པ། དེ་བཞིན་ཡུལ་མི་མང་བ་དེ་བློ་རྩེ་གཅིག་མཐུན་ཡོང་ཐབས་སུ་བསྐྲུན་པའི་མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་ཞེས་འགྲེལ་བརྗོད་བྱེད་པའི་མང་གཙོའི་ལམ་ལུགས་འདི་ཆ་ལག་ཚང་བའི་སྐྱོན་མེད་ཡང་དག་པ་ཞིག་མ་ཡིན་ནའང་། ལམ་ལུགས་གཞན་ལ་ལྟོས་ཏེ་རིན་ཐང་ཅན་ཞིག་རེད་ལ། ཡང་གལ་ཏེ་ཡུལ་དེ་དང་དེའི་མང་ཚོགས་ལ་མང་གཙོའི་ལེགས་བྱང་དང་། གོ་རྟོགས་ཡག་པོ་མེད་ན་མང་གཙོ་དེ་གས་ཆག་སླ་མོ་ཞིག་ཀྱང་རེད།

         ལོ་མང་རིང་ལ་ང་ཚོས་མང་གཙོའི་ལམ་ལུགས་ཀྱི་སྙི་མོའི་རང་བཞིན་དེ་དུས་ཡུན་གྱིས་ཐག་གཅོད་ཀྱི་ཡོད་པ་ལྟ་བུར་ཚོར་ནས་ཡིན་ཤག་བྱས་ཡོད། མང་གཙོའི་ལམ་ལུགས་ཀྱི་སྟོབས་ཤུགས་དེ་རྒུན་ཆང་ལ་དཔེ་སྦྱར་ཏེ། ཆང་དེ་དུས་ཡུན་ཇི་ཙམ་རིང་བ་བསྙལ་འཇོག་བྱས་པ་དེ་ཙམ་གྱིས་རིན་ཐང་ཆེ་བ་དང་རོ་ཞིམ་པར་རྩིས་ཡོད། འོན་ཀྱང་དེ་ནི་ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་ལྟ་བུ། ཡིན་ཤག་བྱས་དྲགས་པའི་སྐྱོན་རེད་སྙམ།

         མང་གཙོའི་ལམ་ལུགས་སྲ་བརྟན་གྱི་རྨང་གཞིའི་ནང་དུ། སྒྲིག་འཛུགས་དང་། འགོ་ཁྲིད། ཁྲིམས་ལུགས། ཆེད་མཁས་པ། ཞི་བའི་སྤྱི་ཚོགས། སྲིད་གཞུང་བཅས་ལ་ང་ཚོས་ཡིད་ཆེས་བྱེད་དགོས་པ་དང་། ཡིད་ཆེས་འདི་བསྐྲུན་པ་ལ་བཅུ་ཕྲག་དུ་མ་འགོར་སྲིད་ཀྱང་། ཉམས་ཉེས་སུ་གཏོང་བ་ལ་ལོ་གཅིག་ཙམ་ཡང་འགོར་གྱི་མེད་པའི་དངོས་ཡོད་གནས་ཚུལ་དེར་ང་ཚོས་སྣང་མེད་བྱེད་ཀྱི་ཡོད།

         མང་གཙོའི་ལམ་ལུགས་ཀྱི་སྨིན་ཚད་དང་། སྟོབས་ཤུགས། འཁོར་རྒྱུགས། བརྒྱུད་རིམ། བཀོལ་སྤྱོད་སོགས་ནུས་ལྡན་དང་ཚད་ལྡན་ཞིག་ཡོང་བ་ལ། ལོ་བཞི་ལྔའི་མཚམས་སུ་འོས་ཤོག་འཕེན་རྒྱུ་དེ་གཅིག་པུ་མ་ཡིན་པར། སྤྱི་ཚོགས་དེའི་ནང་དུ་ཁ་ཞེ་གཉིས་མེད་ཀྱི་བགྲོ་གླེང་དང་། འབྲེལ་མོལ། གོ་ཤེས་ཉན་ཤེས། གཞན་གྱི་ལྟ་བ་དང་བསམ་ཚུལ་ལ་གུས་བརྩི་དང་བསམ་ཤེས། རང་དབང་ལྡན་ལ་ཕྱོགས་ལྷུང་བྲལ་བའི་གསར་ཁང་། དེ་བཞིན་སྲིད་གཞུང་དེ་གང་ཟག་གིས་དབང་སྒྱུར་དུ་མ་སོང་བར་ཁྲིམས་ཀྱིས་དབང་སྒྱུར་ཡིན་པ། མང་ཚོགས་ལ་མང་གཙོའི་གོ་རྟོགས་དང་། ལེགས་བྱང་། གོམས་འདྲིེས་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་གྱི་ཡོད།

         དུས་ཡུན་ཇི་ཙམ་གྱི་རིང་ལ་མང་གཙོའི་ལམ་ལུགས་དེར་ཚོད་ལྟ་དང་། དཔྱད་པ་བྱས་མིན་ལ་མ་ལྟོས་པར། རང་ལྟ་མཆོག་འཛིན་དང་། མི་བདེན་རྫུན་སྒྲིག། སྒྲོ་འདོགས་སྐུར་འདེབས། མགོ་བདེ་དྲན་འཁྲུལ། འདོད་རྔམ་གཡམ་རྒྱུགས། ལྐོག་ཟ་རུལ་སུངས། ངོ་ལྐོག་སྤྲེལ་ལད། ས་འོག་དར་ཐག རྫུན་མ་བདེན་པར་བསྒྱུར་ཐབས་ཀྱི་བྱ་སྤྱོད་ཙམ་ལས། འཆར་སྣང་དང་ལས་གཞི། སྲིད་བྱུས་དང་བསམ་ཚུལ་བཅས་ཀྱི་ཐོག་ལ་བགྲོ་གླེང་བྱེད་རྒྱུ་མཚམས་བཞག་སྟེ། དཀྲོག་གཏམ་དང་དཀྲུགས་ཤིང་། ལྐོག་གཡོ་ངན་བྱུས། ཚོར་བ་སྐྱེན་པའི་དོན་གནད་ཆུང་ཙག་ཁག་ལ་ཤི་འཐམ་རོ་འཐམ་གྱིས་བགྲོ་གླེང་བྱས་ཤིང་། རྩ་བ་བོར་ནས་ཡལ་གར་འཇུས་བསྡད་ན། ཅི་འདྲ་ཞིག་ཡོང་གི་ཡོད་པའི་གནས་སྟངས་ལའང་ང་ཚོས་སྣང་མེད་བྱེད་ཀྱི་ཡོད།

         ལྷག་པར་དུ་བརྡ་འཕྲིན་དང་འཕྲུལ་རིག་གི་ཚད་གཞི་མཐོ་བོར་སླེབས་ཡོད་པའི་དུས་སྐབས་འདིར། འབྲེལ་ལམ་གྱི་གོ་སྐབས་རྒྱ་ཆེ་རུ་ཕྱིན་པ་དང་ལྷན་དུ། འགྲོ་བ་མི་རྣམས་ཀྱིས་དུས་རྒྱུན་དུ་བྱེད་པ་བཞིན་ང་ཚོས་རང་ཉིད་སྒྲིག་འཛུགས་ཀྱི་ཚན་པ་སྣ་མང་གི་ནང་དུ་བཅུག་དང་འཇུག་བཞིན་ཡོད། ང་ཚོས་སྡེ་ཚན་དང་ཉེ་བའི་སྡེ་ཚན་བཟོས་ཏེ་འབྲེལ་ལམ་འཛུགས་ཀྱི་ཡོད་ལ། ང་ཚོས་རང་གི་བསམ་ཚུལ་དང་། ཚོར་བ། རིག་རྩལ། གཞན་ལ་སྡིགས་ར། འཇིགས་སྐུལ་བཅས་རང་དབང་གིས་སྒོ་ནས་དྲིལ་བསྒྲགས་བྱས་དང་བྱེད་བཞིན་ཡོད་ལ། ང་ཚོར་གནས་ཚུལ་དང་། གསར་འགྱུར། དངོས་ཡོད་ཀྱི་གནས་ཚུལ། ཁྱབ་བསྒྲགས། དེ་བཞིན་དངོས་བདེན་གྱི་གཟུགས་སུ་བརྫུས་པའི་དཀྲོག་གཏམ་དང་། ཉེས་མེད་ཀྱི་སྐྱོན་འཛུགས། དམའ་འབེབ་སོགས་ཀྱི་ཚིག་མཚོན་འདེབས་པའི་བརྙན་འཕྲིན་དང་བརྙན་པར་བཅས་བགོ་འགྲེམས་བྱེད་སའི་སྤྱི་ཚོགས་བརྒྱུད་ལམ་ཟེར་བའི་གོ་ཡུལ་ཞིག་བརྙེད་ཡོད།

         དེ་བཞིན་ང་ཚོར་བསམ་བློ་གསར་པ་གཏོང་སྟངས་དང་། སྔོན་མེད་གསར་གཏོད་བྱེད་རྒྱུ། མི་རིགས་ཕན་ཚུན་དབར་ལ། པགས་པའི་མདོག་དང་། ལུང་ཚན། ཆོས་ལུགས། ཕོ་མོ། ལྟ་བ་སོགས་མི་འདྲ་བའི་ངང་ཚུལ་ལ་ཡི་རངས་དགའ་བསྒོམ་བྱེད་རྒྱུ་དང་། ཕན་ཚུན་བློ་སྐྱེད་བརྗེ་ལེན་ཉམས་སུ་མྱོང་སའི་གོ་ཡུལ་ཞིག་བརྙེད་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ང་ཚོས་འདི་རིགས་བེད་སྤྱོད་ཚུལ་མཐུན་བྱེད་ཀྱི་མེད།

         རྒྱ་གར་གྱི་སྲིད་བློན་མི་དབང་མོ་དི་མཆོག་གི་འབོད་སྒྲ་བཞིན། “ཀུན་དང་ལྷན་དུ་ཀུན་གྱི་ཡར་རྒྱས།” སམ། ཡང་ན། “ཆབ་སྲིད་ལྟ་བ་འདྲ་མིན་དབར་གྱི་སྡིངས་ཆ།” ཞེས་པའི་སྒྲིག་འཛུགས་སམ་སྡེ་ཚན་ཞིག་སུ་གང་གིས་ཀྱང་བཙུགས་ཡོད་པ་ང་ལ་དོགས་པ་ཡོད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོས་སྐབས་དུ་མར། རང་ཉིད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་ཡོད་པ་དེ་བརྗེད་དེ། གཞན་གྱི་ལྟ་ཚུལ་མཐོང་ཕྱོགས་ལ་དོགས་པ་རྣམ་རྟོག་དང་། ཞེད་སྣང་བྱས་ཏེ་གཡོལ་ཐབས་གང་ཐུབ་བྱེད་བཞིན། རང་དང་འདྲ་བའི་བསམ་བློ་མཐུན་པ་དག་དང་ལྷན་དུ། རང་གི་ལྟ་བ་དེ་ཨུ་ཚུགས་ཀྱིས་ནུས་ཤུགས་ཆེ་རུ་གཏོང་ཐབས་བྱེད་པའི་རང་བཞིན་ལྷན་སྐྱེས་ཀྱི་བག་ཆགས་ཡོད། ཇི་སྐད་དུ། སློབ་དཔོན་ཆོས་གྲགས་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ།། དེ་སྲིད་དེ་ལ་ངར་འཛིན་ཡོད།། ཅེས་གསུངས་པ་ལྟར། རང་ཉིད་ཀྱི་ལྟ་བ་དེ་ཚད་མ་ཡིན་པ་དང་། དེ་དག་སྐྱེལ་བྱེད་པ། དེར་ནུས་ཤུགས་སྤྲོད་ཐབས་སོགས་བྱེད་ཀྱི་ཡོད།

         ང་ཚོས་ཅི་ཞིག་འཚོལ་འདོད་པ་དེ་(algorithm) ཨལ་གྷོ་རི་ཐམ་སྟེ། འཕྲུལ་སྤྱད་རྩིས་ལུགས་བརྒྱུད་དེ་ང་ཚོར་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། འདི་ནི་སྐབས་རེ་ང་ཚོས་ཅི་ཞིག་འཚོལ་གྱི་ཡོད་པ་མ་ཤེས་སྔོན་ལའང་མཁོ་སྤྲོད་ཡོང་གི་ཡོད། དེས་ན་སྤྱི་ཚོགས་བརྒྱུད་ལམ་གྱི་ཁེ་གཉེར་ཁང་རྣམས་དང་། དྲྭ་ལམ་མཁོ་སྤྲོད་བྱེད་མཁན་ཚོས་རང་གི་སྟོབས་ཤུགས་ཤེས་པའི་སྒོ་ནས་སྐྱོན་ཆ་ལེགས་བཅོས་དང་། བཟང་ཆ་བསྡུ་ལེན་བྱེད་རྒྱུའི་དུས་ལ་བབས་ཡོད། དེའི་གོ་དོན་ནི་ཁོང་ཚོས་རང་ཉིད་ཀྱི་ཞབས་ཞུའི་ཆོད་གན་གྱི་གཞི་རྩའི་འབྲུ་དོན་ལ་བརྩི་སྲུང་བྱེད་རྒྱུ་དང་། ཁོང་ཚོས་ང་ཚོ་གནས་སའི་དྲྭ་ལམ་གྱི་ཁོར་ཡུག་དེར་དུས་རྟག་ཏུ་ལེགས་སྤེལ་ཉེས་འགོག་དང་། བཟོ་ལྟ་གཏོད་དགོས་པའི་འོས་འགན་དེ་ངོས་བཟུང་དགོས། ཕྱོགས་མཚུངས་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་གཏོང་མཁན་གྱི་མང་ཚོགས་ལའང་། ལེགས་ཉེས་དབྱེ་འབྱེད་ཐུབ་པའི་བློ་མིག་ལྡན་དགོས་པ་ནི་སྨོས་ཅི་དགོས། བསམ་ཚུལ་མི་འདྲ་བ་དང་། དབྱེ་འབྱེད་གཉིས་ཀྱི་དབར་ལ་རིན་ཐང་ཅན་གྱི་གོ་ཡུལ་ཞིག་ཡོད། གོ་ཡུལ་གྱི་ཁོར་ཡུག་དེར་རྒྱལ་ཞེན་ལྷག་བསམ་དང་། རྗེས་ཡོང་སྔོན་དྲན། ཁ་མིག་ཡར་བལྟ། སྤྱི་ཚོགས་བདེ་འཇགས་བཅས་ཀྱི་ས་བོན་བཏབ་སྟེ་འབྲས་བུ་སྨིན་པ་བྱེད་དགོས། དེ་མིན་གོང་དུ་བརྗོད་པ་བཞིན་མང་གཙོའི་ལམ་ལུགས་ནི་གས་ཆག་སླ་མོ་ཞིག་ཡིན་ཙང་། མང་གཙོར་བྱ་ར་བྱེད་མཁན་གྱི་གསར་ཁང་དང་། གསར་འགོད་པ། ཆེད་མཁས་པ། གནས་ཚུལ་དབྱེ་ཞིབ་པ། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག དེ་བཞིན་རྒྱ་ཆེ་མང་ཚོགས་བཅས་ཀྱིས་ཐུགས་སྣང་མ་གནང་ཚེ། ཇི་ལྟར་རྗེ་གུང་ཐང་པས། ཆུ་ཤིང་བསྟན་བཅོས་ནང་། གཡས་གཡོན་ཀུན་ནས་ཆུ་འབུར་བའི།། ས་ལ་མཁར་ཁྱིམ་བརྟན་མི་སྲིད།། གསུངས་པ་བཞིན་མང་གཙོ་ལྷུ་ཞིག་སྟེ་སྲིད་དབང་སྒེར་སྤྱོད་ཅན་དུ་འགྱུར་བའམ། སྤྱི་ཚོགས་འཐོར་ཞིག་ཏུ་འགྲོ་བ་ལ་དུས་ཡུན་རིང་མོ་ཞིག་མི་འགོར།

         ལར་ནས་སྲིད་གཞུང་ལམ་ལུགས་ཇི་འདྲ་ཞིག་ཡིན་ན་ཡང་། སྲིད་གཞུང་དེའི་དབུ་ཁྲིད་དེ་བྱང་ཆུབ་སེམས་དཔའ་ཞིག་མ་བྱུང་ནའང་། མཁྱེན་རྒྱ་ཡངས་ལ། ཀུན་སྙོམས་ཉི་མ་ལྟ་བུ་ཞིག་དང་། རྒྱལ་ཞེན་ལྷག་བསམ་ཆེ་ལ་བཟང་སྤྱོད་ལྡན་པ། ཕྲལ་ཕུགས་གཉིས་ཀར་གཟིགས་རྒྱ་ཆེ་བ། ཁ་ཞེ་གཉིས་མེད། འཁོར་འབངས་ཡུལ་མིའི་བདེ་དོན་འབའ་ཞིག་ཡིད་ལ་བྱེད་པ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་རྒྱ་ལས་མི་འགལ་བའི་སྲིད་བྱུས་གཏན་འབེབ་ལག་བསྟར་བྱེད་མཁན་ཞིག་བྱུང་ན། སྲིད་གཞུང་ལམ་ལུགས་ཇི་འདྲ་ཞིག་ཡིན་ཀྱང་དེ་ཙམ་གྱི་ཁྱད་པར་མེད། དེ་ལས་ལྡོག་སྟེ་མང་གཙོ་ཡང་དག་ཡིན་ཟེར་བའི་སྲིད་གཞུང་ཞིག་གི་འགོ་ཁྲིད་དེ། གལ་ཏེ་གོ་གནས་དང་དབང་ཆའི་ཆང་གིས་བཟི་བའི་རང་དོན་ཁོག་བཅུག ཁ་འཇམ་ཁོག་རྩུབ། ལྐོག་གཡོ་ངན་བྱུས་ཅན། ཕྱོགས་ལྷུང་གི་རླུང་གིས་དེད་པའི་སྐྱེ་བོ་ཞིག་ཡིན་ན་ནི། མང་གཙོ་ཡིན་ན་ཡང་ངོ་མཚར་རྒྱུ་དང་སྤོབས་པ་བྱེད་རྒྱུ་ཞིག་མེད། དེས་ན། དྲང་པོའི་གཞུང་བསྲང་ན། སྒོང་ངས་རྟ་འཁྱོགས། ཟེར་བ་ལྟར་ཐང་ཤིང་ལ་མཛེས་པ་དང་སྐྱ་ཁ་ལ་འཇམ་པའི་མང་གཙོའི་ལམ་ལུགས་གཟེངས་སུ་ཐོན་པ་ཞིག་བསྐྲུན་དང་མི་བསྐྲུན་ནི་ཡུལ་དེ་དང་དེའི་མི་མང་ཁོ་ནའི་ལག་ཏུ་ཡོད་པར་སེམས་སོ།།

པདྨ་ཚེ་དབང་ཤཱསྟྲིས། ཕྱི་ལོ་༢༠༢༢ ཟླ་༧ ཚེས་༢༣ ལ།།

གསར་འགྱུར།

Post navigation

Previous Post: ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་དགོང་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་དང་བཀའ་དྲིན་རྗེས་དྲན་ཞུ་བ།
Next Post: ཕ་བུའི་བར་གྱི་གཏམ་རྒྱུད།

Comments (1) on “མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2022-07-28 at 8:50 am

    མང་གཙོ་ཚད་ལྡན་ཁྲིམས་ཀྱི་དབང་བསྒྱུར་འོག་མི་མང་འཚོ་ཐུབ་མིན་དེ་འོས་འཕེན་མཁན་གྱི་མི་མང་གི་ལག་ཏུ་ཡོད་པ་ནི་ཐོག་མ་ནས་མི་མང་ནས་འོས་འཕེན་པའི་སྐབས་ཟབ་ཟབ་གནང་དགོས་པ་ལས་དེ་མིན་རྟ་རྒྱུགས་ཚར་ཐལ་ཚུབ་ཡལ་ཚར་ནས་བྱ་དགའ་ནམ་ཡང་སྤྲོད་མི་ཐུབ་བོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme