Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་བཟང་ཡང་འཁྲུལ་ཤེས་ཀྱིས་མི་སླུ་བའི་ངེས་པ་མེད།

Posted on 2012-11-25 By ཁ་བརྡ་ 2 Comments on མི་བཟང་ཡང་འཁྲུལ་ཤེས་ཀྱིས་མི་སླུ་བའི་ངེས་པ་མེད།

གངས་དཀར་རྒྱལ་སྲས།
འཇིག་རྟེན་གྱི་ཁམས་འདིར་མི་སུ་ཞིག་ཡིན་ཡང། འདི་ནི་མངོན་སུམ་དང་འདི་ནི་འཁྲུལ་མེད་ཡིན་སྙམ་པའི་དོན་དག་ཧ་ཅང་མང་ནའང་དོན་དག་ཕལ་ཆེ་བ་ལ་མཐའ་གཅིག་ཏུ་ཐག་གཅོད་དཀའ་ལ་གལ་ཏེ་ཐག་བཅད་པའི་དབང་དུ་བཏང་ནའང་ད་དུང་མཉམ་འཇོག་དང་བརྟག་དཔྱད་བྱས་ན་བཟང་ལས་ངན་ཞིག་ནམ་ཡང་མེད། མི་སུ་ཞིག་ཡིན་ཡང་དོན་དག་ཆེ་མ་ཆུང་གསུམ་སོགས་ནོར་མ་མྱོང་མཁན་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད་བསམ་གི། རྒྱུ་མཚན་ནི། རྟགས་དང་ཚོར་བ་ལ་ནོར་བ་ཡོད་སྲིད་པས་རེད། མི་ཞིག་མི་གཞན་ཞིག་ལ་དགའ་བའི་ཚེ་དེས་བྱས་ཚད་ཚང་མ་རང་གི་སྣང་བར་འགྲོ་ཞིང་བྱས་བྱས་ཚང་མའང་འགྲིག་འགྲིག་འདྲ་བའི་སྣང་བ་འཁོར་སྲིད་པ་བཞིན། མི་ཞིག་མི་ཞིག་ལ་མི་དགའ་བའམ་མི་ཞིག་སྣང་བར་མི་འགྲོ་བའི་དོན་དག་ཅིག་བྱུང་ཚེ། མི་དེས་རང་ལ་ངན་ཞིག་བཤད་ཀྱིན་མེད་ན་ཡང་སྣང་ངོར་རང་ཉིད་མི་དགའ་བའི་མི་དེས་རང་ལ་ཟུར་ཟ་དང་ངན་མཚང་བརྗོད་ཀྱིན་ཡོད་པ་འདྲ་བའི་སྣང་བ་གང་མང་མང་འབྱུང་གིན་ཡོད་པ་མངོན་སུམ་གྱི་མཐོང་སྣང་དང་རང་ཉིད་ཀྱི་མཉམ་མྱོང་སོགས་ལས་ཤེས་པ་དེ་འདྲ་ཡིན་པས་དང་པོ་ནས་དཔྱད་ཞིབ་མཐར་ཕྱིན་པ་ཞིག་བྱེད་ཐུབ་ན་ཡག་ཤོས་དང་གལ་ཏེ་མ་ཐུབ་ཀྱང་མཐའ་གཅིག་ཏུ་ཐག་གཅོད་བྱེད་རྒྱུ་ནི ་ཤིན་ཏུ་ནས་ཉེན་ཁ་ཡོད་པ་ཞིག་རེད།

དཔེར་ན། ཁ་པར་ནང་གི་ལས་འབྲེལ་ཞེས་པའི་གློག་བརྙན་ལས། སྐུ་ཞབས་ཀོ་ཅིན་གྱི་སྒོར་མོ་ཁྲི་གསུམ་བརླགས་སོང། ཁོ་དངུལ་ཁང་སྒོ་འགྲམ་བརྒྱུད་ནས་འགྲོ་སྐབས་ཤིག་ལ་སྟབས་འཁེལ་བ་ཞིག་ལ་ཁོའི་ནང་ལ་ལས་ཀ་བྱེད་མཁན་བུ་མོ་ཞའོ་ཐུང་དང་བྱིས་པ་ཞིག་གིས་སྒོར་མོ་ཞིག་གང་ཞིག་ལ་སྐུར་གྱིན་འདུག ཁོས་དེ་མཐོང་བས་དོགས་པ་སྐྱེས་ཏེ་མོ་སོང་ཤུལ་ནས་དངུལ་ཁང་ལ་སོང་ནས་དྲིས་དུས་སྒོར་ཁྲི་གསུམ་བསྐུར་ཡོད་པ་མ་ཟད་མོས་ད་ལྟ་བསྐུར་བའི་དངུལ་དེའི་ཨང་གྲངས་ལ་བཅིག་བལྟས་དུས་དེ་ཁོ་རང་གི་སྒོར་མོ་ཡིན་པ་རང་ངོ་འཕྲོད་པས་ཁོས་ཞའོ་ཐུང་ལ་སྒོར་མོ་བརྐུས་པའི་ཉེས་མིང་གཡོགས་ཏེ་ལས་ཀ་ནས་ཕྱིར་འཕུད་བཏང། རྗེས་ནས་ཉེན་རྟོགས་པས་བརྟག་དཔྱད་བྱས་པ་ལྟར་ན་སྒོར་མོ་རྐུ་མཁན་ཞའོ་ཐུང་མིན་པར་བྱིས་པ་དེ་རེད་འདུག

བྱིས་པ་དེས་སྒོར་མོ་དེ་བརྐུས་པ་ཡིན་པའང་ཞའོ་ཐུང་གིས་ཤེས་མེད། དེ་ལ་མཚོན་ན་སྦྱིན་བདག་ཁོ་རང་གི་མིག་གིས་མཐོང་བ་མ་ཟད། སྒོར་མོ་དེ་ཁོ་རང་གི་སྒོར་མོའང་ཡིན་པ་རང་ངོ་འཕྲོད་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་མཇུག་འབྲས་ནི་དེ་ལྟ་བུ་ཞིག་རེད། ཡང་གློག་བརྙན་གཞན་ཞིག་ནས་ལོའུ་ཧྥུན་ཟེར་བ་ཞིག་གི་ཆུང་མ་ལ་མི་ཞིག་གིས་གྲི་བཙུགས་ནས་བསད་འདུག་ལོའུ་ཧྥུན་ནང་ལ་ཐོན་དུས་ཆུང་མ་གྲིས་བསྣུན་ནས་བསད་འདུག་པ་མཐོང་འཕྲལ་ཁོས་མྱུར་ཏུ་ཆུང་མའི་སྙིང་ཁའི་གྲི་ཕྱིར་ལེན་སྐབས་ཏག་ཏག་ཆུང་མའི་མིང་བོ་སླེབས་པས་ཁོས་ལོའུ་ཧྥུན་གྱིས་རང་གི་ཨ་ཅེ་བསད་སོང་། ངས་མིག་གིས་དངོས་སུ་མཐོང་བྱུང་ཞེས་གནམ་རྒན་མ་དབང་ལ་བཞག་ནས་བཤད། དོན་རྐྱེན་དེར་ཉེན་རྟོགས་པས་བརྟག་དཔྱད་བྱས་པ་ལྟར་ན་ཆུང་མ་གསོད་མཁན་ནི་ཆུང་མའི་ཕ་ཡར་རེད་འདུག

རྒྱུ་མཚན་ནི་ལོའུ་ཧྥུན་ལ་སྒོར་མོ་མང་བས་ཕ་ཡར་གྱིས་ལོའུ་ཧྥུན་གྱི་ལག་ནས་སྒོར་མོ་ཕོན་ཆེན་ཞིག་ལེན་འདོད་པས་རེད། དེ་ལྟར་རང་གི་མིག་གིས་མཐོང་ཞིང་རྣ་བས་ཐོས་ལ་ལག་པས་རེག་པ་སོགས་བྱས་པའི་དངོས་མྱོང་གི་ཁྲོད་ནའང་དེ་ལྟར་བསམ་ཡུལ་ལས་འདས་པ་མང་བོ་ཡོད་པས་དོན་དག་འདི་ལྟ་བུ་གཅིག་ཆོད་ཀྱིས་ཐག་གཅོད་དཀའ་རྒྱུ་རེད། དེའི་རྐྱེན་གྱིས་དགའ་སྡང་གཉིས་ཀྱི་ཕྱོགས་ནས་བསྟུན་རྐྱང་དང་སྡང་རྐྱང་མིན་པ་འདྲ། དོན་དག་འདི་རིགས་ཐག་གཅོད་སྔ་ན་གྲོགས་དང་གྲོགས་མོ་མང་བོ་ཞིག་ལ་ཕོག་ཐུག་བཟོ་སྲིད་ལ་དོན་དག་མེད་སའི་དོནདག་ཀྱང་བཟོ་སྲིད་པ་མ་ཟད། རང་གཞན་མང་བོ་ཞིག་སྡུག་ལ་སྦྱོར་རྒྱུའི་ཉེན་ཁའང་ཡོད།

སྣ་ཚོགས།

Post navigation

Previous Post: མ་བུ་གསུམ་གྱི་ཚབ་ཞུས་ནས་གླིང་ཚ་ཚེ་རྡོར་ལ་སྤྲིངས་པའི་ཀ་འཕྲིན།
Next Post: རྩོད་རྙོགས་འདི་ཚོའི་མཇུག་འབྲས།

Comments (2) on “མི་བཟང་ཡང་འཁྲུལ་ཤེས་ཀྱིས་མི་སླུ་བའི་ངེས་པ་མེད།”

  1. རེབ་སྐྱིད་མཚོ says:
    2012-11-25 at 2:23 am

    ངན་མཚང་བརྗོད་པ་དཀག་པའི་གློག་བརྙན་ཕབ་བསྐྲུན་བྱས་པ་དེ་ཧ་ཅང་འཇམ་དྲགས་འདུག

  2. ཨ་རིག་དགེ་མཐོང་གིས། says:
    2012-11-25 at 5:42 am

    ཁྱེད་ཀྱིས་དུས་རྒྱུན་གློག་བརྙན་ལ་ཅེར་བ་དེས་ཁྱེད་ལ་ལུང་སྐྱེད་གང་མང་མང་ཞིག་སྤྲད་འདུག དེ་ནི་ཁྱེད་ཀྱིས་བྲིས་པའི་སྒྲུང་དག་གི་ནང་དུ་བལྟས་ན་གསལ་གི ད་དུང་མུ་མཐུད་ནས་གློག་བརྙན་ལ་ལྟོས། ཟིན་བྲིས་སྤེལ། ད་ལྟའི་ཁྱོའི་ཁ་ཕྱོགས་འདི་ལ་ང་ཧ་ཅང་དགའ་གི དེ་ནི་ཆང་འཐུང་ཞིག་ཆང་འཐུང་མཁན་གྱི་ཉེ་སར་བཅར་བ་དང་མཚུངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme