Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་བཞི་གར་སོང་ཆ་མེད་དུ་གྱུར།

Posted on 2012-04-292012-04-29 By ཁ་བརྡ་ 6 Comments on མི་བཞི་གར་སོང་ཆ་མེད་དུ་གྱུར།

རིན་ཆེན་དབང་རྒྱལ།

དེ་རིང་ཕྱི་ལོ ༢༠༡༢ ཟླ ༤ ཚེས ༢༩ ནས་ཡར་བརྩིས་པའི་ཟླ་བ་གསུམ་གྱི་གོང་སྟེ་ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་མོར་བོད་མདོ་ཁམས་བྲག་མགོ་རྫོང་ཐོག་ཏུ་གཞི་རྒྱ་ཆེ་བའི་བོད་མིའི་ཞི་རྒོལ་གྱི་ལས་འགུལ་བྱུང་ཞིང། ངོ་རྒོལ་དེ་བྱུང་བའི་ཉིན་གསུམ་བཞི་ཙམ་གྱི་རྗེས་སུ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས། བྲག་མགོ་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རིན་པོ་ཆེ་དང། བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། དགོན་པའི་ཚོང་པ་འཕྲིན་ལས། དགོན་པའི་རྩིས་པ་དང་དྲུང་ཡིག་གཅིག་ལྕོགས་དགྲ་ལྷ་བཅས། ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ད་བར་ཟླ་བ་གསུམ་དང་ཉིན་བཞི་སོང་ཡོད་ཀྱང། ཁོང་རྣམས་ཤི་གསོན་ཅི་ཡིན་དང་། གར་ཡོད་གར་ཁྲིད་ཀྱི་གནས་ཚུལ་ཅི་ཡང་གོ་རྒྱུ་མེད།
བོད་ནས་གནས་ཚུལ་མཁོ་སྤྲོད་པ་གཅིག་གིས་ཟེར་ན་ཁོང་ཚོ་ལས་གཅིག་རྒྱ་དམར་གྱིས་དམར་གསོད་བྱས་ཟིན་པར་བཤད་ཡོད་ཀྱང། རྒྱ་དམར་གྱིས་ད་བར་ཁོང་རྣམས་ཤི་གསོན་ཅི་ཡིན་གནས་ཚུལ་གང་ཡང་ཁྱབ་བསྒྲགས་བྱས་མེད་ལ། གལ་ཏེ་ཁོང་རྣམ་པས་གུང་ཁྲན་ཏང་གི་མཁྲེགས་བཟུང་གི་སྲིད་བྱུས་ལས་འགལ་བའི་ནག་ཉེས་བསགས་ཡོད་ཚེ་ད་ནི་ཁྲིམས་ཐག་གཅོད་པའི་དུས་ལ་བབ་ཡོད་ཀྱང། ད་དུང་ཁྲིམས་ཐག་མ་བཅད་པ་འདིས་ཁོང་རྣམས་ཤི་གསོན་ཅི་ཡིན་དེ་ལས་དྭོགས་པ་ཆེ་དུ་སོང་ཡོད།

སྤྲུལ་སྐུ་བློ་བཟང་བསྟན་འཛིན།

དགུང་ལོ་ ༤༠ ལྷག་ལ་སོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་ནི་ཡབ་པད་མཁྱེན་དང་ཡུམ་མགོན་པོ་ལྷ་མོ་གཉིས་ཀྱི་སྲས་སུ་བྲག་མགོ་དཔེ་མེད་སྒང་གྲོང་ཚོ་རུ་འཁྲུངས་ཤིང་ནར་སོན་པ་དང་གསེར་རྟ་བླ་རུང་ཆོས་སྒར་དུ་ཞུགས། དེ་རྗེས་སྒོ་ཆེན་དགོན་པའི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་དགོན་དེར་བཤད་གྲྭ་དང་སྒྲུབ་གྲྭ་གསར་འཛུག་དང་དགོན་པའི་འདུ་ཁང་གསར་རྒྱག་བྱས་པ་སོགས་བསྟན་པའི་བྱ་བར་ལས་དོན་སྒྲུབ་མུས་སུ་མཆིས།ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོ་མི་མང་གིས་ཞི་བའི་ཡར་ལངས་བྱས་པའི་ཉིན་ཤས་རྗེས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར།

དགེ་བཤེས་ཚེ་དབང་རྣམ་རྒྱལ།

དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནི། ཕྱི་ལོ ༡༩༧༠ ལོར་བྲག་མགོའི་ཆུ་དབར་གྲོང་དུ་ཕ་རྡོ་དགའ་དང་མ་ཚེ་འཛིན་ལྷ་མོ་གཉིས་སུ་སྐྱེས་ཤིང་། ཆུང་དུས་སློབ་གྲྭར་འགྲིམས་ཏེ་རྒྱ་བོད་ཀྱི་ཡིག་རིགས་ལ་སྦྱང་བརྩོན་བྱས། ཕྱི་ལོ་༡༩༨༧ ལོར་རྒྱ་གར་ལ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགོན་དེའི་སློབ་གྲྭ་སོགས་ནས་ནང་དོན་རིག་པ་དང་དབྱིན་བོད་ཧིན་གསུམ་ལ་སྦྱང་པ་གནང་། ༡༩༩༤ ལོར་རྡ་སའི་རིགས་སློབ་ཏུ་ཕེབས་ཏེ་རིས་མེད་ཆོས་རྒྱུད་ཆེན་པོའི་ལྟ་གྲུབ་ལ་སྦྱང་པ་མཐར་སོན་གནང་ཐོག་སློབ་གཉེར་ཁང་དེ་ནས་རིས་མེད་སློབ་དཔོན་ཀྱི་མཚན་རྟགས་བཞེས། འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག ཕྱི་ལོ ༢༠༡༡ ལོར་ཕྱིར་རང་ཡུལ་ཕེབས་ཏེ་བྲག་མགོ་དགོན་པའི་སློབ་དགེ་ཡི་ཐུགས་འགན་བཞེས། ཕྱི་ལོ ༢༠༡༢ ཟླ ༡ ཚེས་༢༣ ཉིན་བྲག་མགོའི་མིང་མང་གིས་ཞི་རྒོལ་བྱས་པའི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཆར་གར་ཡོད་ཆ་མེད་དུ་གྱུར།

ཚོང་པ་འཕྲིན་ལས།

རང་ལོ་ ༤༢ ལ་སོན་པའི་འཕྲིན་ལས་ལགས་ནི་ཕ་ཁམས་ཐར་དང་མ་ལྷ་སྐྱིད་གཉིས་སུ་བྲག་མགོ་རྦ་དག་གྲོང་དུ་སྐྱེས། ཆུང་དུས་སློབ་ཆུང་འགྲིམས་ཤིང་དེ་རྗེས་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས། ལོ་ཤས་སྔོན་དུ་བྲག་མགོ་དགོན་པའི་ཕྱག་མཛོད་ཀྱི་འགན་བཞེས་ཤིང། ད་སྐབས་དགོན་པའི་ཚོང་ལས་གཉེར་མུས་ལ། ཕྱི་ལོ ༢༠༡༢ ཟླ ༡ཚེས ༢༣ ཉིན་བྲག་མགོ་མི་མང་གིས་ཞི་རྒོལ་བྱས་པའི་ཉིན་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར།

རྩིས་པ་དགྲ་ལྷ།

རང་ལོ་༣༡ ཡིན་པའི་དགྲ་ལྷ་འམ་བཀྲ་ཤིས་སྟོབས་རྒྱལ་ལགས་ནི་ཕ་དཔལ་ལྡན་རྡོ་རྗེ་དང་མ་ཚུལ་ཁྲིམས་སྒྲོལ་མ་གཉིས་སུ་བྲག་མགོ་དགོན་སར་གྲོང་དུ་སྐྱེས། ཆུང་དུས་སུ་སློབ་ཆུང་དང་སློབ་འབྲིང་འགྲིམས། ཕྱི་ལོ༢༠༠༠ ལོར་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཤིང་དགོན་པའི་སློབ་གྲྭར་ལོ་ལྔ་ལྷག་འགྲིམས་ཏེ་དགོན་པའི་རྩིས་པ་དང་དྲུང་ཡིག་གི་ལས་དོན་སྒྲུབ་མུས་ཐོག ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོའི་མི་མང་གིས་ཞི་བའི་ཡར་ལངས་བྱས་པའི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར།

གསར་འགྱུར།

Post navigation

Previous Post: བོད་ལྭ་ནི་བོད་ཀྱི་རིག་གནས་ཤིག་ཡིན།
Next Post: ཤ་ཚའི་ལོང་བརྡ།

Comments (6) on “མི་བཞི་གར་སོང་ཆ་མེད་དུ་གྱུར།”

  1. མེ་ཏོག་དཀར་པོ། says:
    2012-04-29 at 12:15 pm

    འོ་ད་གང་དྲག

  2. རིག་པའི་བུ says:
    2012-04-30 at 12:59 pm

    གློད་གྲོལ་གྱི་ཡིང་བ་ཤོག གློད་གྲོལ་ཆེད་དུ་ཐབས་ཤེས་བཏང་གལ་ཆེ། ཞི་བ་གཅིག་བུ་བྱས་ན་ཡོང་ཡེད་པ་རེད།

  3. རིགས་སློབ། ཐར་པ། says:
    2012-04-30 at 2:33 pm

    ཚོད་དཔག་དཀའ་དམར་པོའི་མནར་གཅོད་དང་། བཙན་ཁྲིམས་ཀྱི་འཇིགས་སྣང་འོག་མི་ཚེ་དོན་ལྡན་དུ་སྤྱོད་པའི་སྐྱེ་བོ་འདི་ཚོའི་ལོ་རྒྱུས་བཞུར་དུས། ཡོད་ཚད་ཀྱིས་མགྲིན་པ་བརྣངས་ཏེ་འདུག་པའམ། མྱ་ངམ་གྱི་སྨྲེ་ངག་འདོན་རྒྱུ་ཙམ།

  4. རིགས་སློབ། ཐར་པ། says:
    2012-04-30 at 2:34 pm

    རྒན་རིན་དབང་ལགས་ཀྱིས་གལ་ཆེའི་ལོ་རྒྱུས་འདི་དག་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།

  5. གུ་རུའི་སྲས། says:
    2012-04-30 at 5:09 pm

    བོད་དུ་ཡོད་པའི་སྤུན་ཟླ་ཚོ་གཟབ་གཟབ་གནང་རོགས།
    ༢༠༠༨ ལོ་གཅིག་གི་ནང་དབུས་གཙང་ཁུལ་ནས་མི་ཉིས་བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར་ནས་མང་ཆེ་བ་ད་ལྟའང་བརྩད་གཅོད་ཐུབ་མི་འདུག
    དངོས་གནས་སེམས་སྐྱོ་དགོས་འདུག ང་ཚོ་བཙན་བྱོལ་དུ་ཡོད་པའི་ཚོགས་པ་ཚོས་བོད་ནང་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་ཀྱི་མིང་ཐོ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ལ་དུས་ཐོག་ཐོ་བཀོད་འབོད་སྐུལ་གནང་རོགས།

  6. གུ་རུའི་སྲས། says:
    2012-04-30 at 5:13 pm

    ངའི་ལུང་པ་དེ་དུད་ཚང་ ༣༢ ལས་མེད་པའི་གྲོང་གསེབ་ཆུང་ཆུང་ཞིག་ཡིན་ཀྱང་། ༢༠༠༨ ལོར་དུད་ཚང་དྲུག་ནས་ཁྱིམ་མི་བརླག་འདུག
    དེ་ལྟར་བོད་ཁྱོན་ཡོངས་ལ་རྩིས་ན་བརྒྱ་ཆ་མཐོ་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme