Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་དམངས་ཤོག་སྒོར་ཐོག་ཏུ་བོད་ཡིག་སུས་བྲིས་སམ།

Posted on 2009-12-252009-12-25 By དགེ་རབ་ 19 Comments on མི་དམངས་ཤོག་སྒོར་ཐོག་ཏུ་བོད་ཡིག་སུས་བྲིས་སམ།

china-renminbi-5-yuanདེ་རིང་་ ངས་དེབ་ཅིག་ཀློག་མགོ་བཙུགས་པ་ཡིན། དེབ་དེ་ནི་ རྒྱ་མི་ཀུང་ཕེ་ཚེ་ཡིས་བརྩམས་ཤིང་། དབང་ལགས་ཀྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གིས་ ༢༠༠༡ ལོར་པར་བརྒྱབ་པ་ཞིག་རེད། དེབ་ཀྱི་ཁ་བྱང་ལ།  “ཚེ་སྲོག་གི་འབུལ་སྐྱེས། ༡༩༥༠ ལོར་དཔའ་བོའི་སྔོན་མངགས་བརྒྱ་ཤོག་ཤིན་ཅང་ནས་བོད་དུ་དཔུང་བསྐྱོད་བྱས་ཚུལ་བཀོད་པ།” ཞེས་བྲིས་འདུག དེབ་འདི་བཀླགས་ནས་ཤོག་ངོས་དྲུག་ཙམ་ལ་སླེབས་སྐབས་ངའི་སེམས་དེ་དྲི་བ་གཞན་ཞིག་བཟུང་། དྲི་བ་དེ་ཡལ་ཐབས་མི་འདུག་སྟབས་དྲ་ངོས་ནས་ལན་ཞིག་བཙལ། འོན་ཀྱང་། ལན་སྟབས་བདེ་ཞིག་མ་རྙེད་སྟབས། འདིར་གླེང་སློང་གི་ཆེད་དུ་བཀོད་པ་ཡིན།
ཡིག་ཆ་ཁག་ཏུ་འཁོད་པ་ལྟར་ན། མི་དམངས་ཤོག་སྒོར་དེ་དག་ ༡༩༤༨ ལོར་གུང་ཁྲན་གྱིས་རང་གི་ཁྱབ་ཁོངས་སུ་ཡོད་པའི་རྒྱ་ནག་ཏུ་བེད་སྤྱོད་གཏོང་མགོ་བཙུགས་པ་རེད། རིམ་གྱིས་འགྱུར་བ་མང་ཙམ་ཞིག་བཏང་ཡོད་པ་འདྲ། ངེད་ཀྱི་དྲི་བ་ནི། བོད་མིའི་པར་དང་བོད་ཡིག་གི་ཡི་གེ་དེ་དག་དམངས་སྒོར་ཐོག་ག་དུས་ནས་སྤེལ་བ་ཡིན་ནམ། བོད་ཡིག་འབྲི་མཁན་དེ་སུ་ཡིན་ནམ། དགོངས་ཚུལ་གསུངས་རོགས། འབྲེལ་ཐག་འདི་ན་ པར་རིས་མང་པོ་ཞིག་ཀྱང་འདུག

སྣ་ཚོགས།

Post navigation

Previous Post: རང་བྱུང་ཁོར་ཡུག་གི་ན་ཚ་ཞིག་གླེང་བ
Next Post: མཛད་རྗེས་གླེང་བ་ནི། ཞབས་རྗེས་སྙེགས་པར་རེ་སྐུལ་ཡིན།

Comments (19) on “མི་དམངས་ཤོག་སྒོར་ཐོག་ཏུ་བོད་ཡིག་སུས་བྲིས་སམ།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-25 at 5:26 pm

    མཛད་རྗེས་གླེང་བ་ནི། ཞབས་རྗེས་སྙེགས་པར་རེ་སྐུལ་ཡིན།

    པན་ཆེན་ལགས། རིན་པོ་ཆེ། སྐུ་ཉིད་བོད་མི་རིགས་དང་ཁ་གྱེས་དེ་མི་ལོ་ཉི་ཤུ་ཏག་ཏག་འགོར་བའི་ཉིན་མོ་འདིར། ད་དུང་། ཉིད་ཀྱིས་ཞབས་རྗེས་གསེར་གྱི་རི་མོ་བོད་ཡུལ་ན་གསལ་ལེར་ཡོད་ལ། ཞབས་རྗེས་རེ་རེ་ལ་ཡིད་སྨོན་དང་གུས་བརྩི་བྱེད་མཁན་གྱི་མི་རིགས་འདིས་ཀྱང་། མི་ལོ་ཉི་ཤུའི་རྗེས་ཀྱི་དེ་རིང་སྐུ་ཉིད་སེམས་ཁོང་རུས་པའི་གཏིང་ནས་དྲན་བཞིན་ཡོད་ལགས། དྲན་པ་དེ་ཡང་མགོ་སྔ་དང་ཡོད་ལ། རྒྱུ་མཚན་དང་གནས་ལུགས་ལྡན་པ་ཡིན།

    པན་ཆེན་ལགས། རིན་པོ་ཆེ། སྐུ་ཉིད་ཁོ་ན་ནི་བོད་མི་རིགས་ཀྱི་སྙིང་སྟོབས་དང་མངོན་འདོད་ངོ་མ་བློ་སྟོབས་ཆེན་པོའི་རྒྱའི་སྲིད་གཞུང་གི་མི་སྐད་མི་གོ་བའི་དཔོན་ངན་དེ་དག་ལ་གནས་ལུགས་ཞུ་མཁན་དང་། བདེན་པའི་འབོད་སྒྲ་སྒྲོག་མཁན་དུ་གྱུར་བའི་ཉིན་མོ་དེ་ནས་བཟུང་། སྐུ་ཉིད་ཁོ་ན་རལ་གྲི་རྣོན་པོ་ཞིག་གི་ཁ་རུ་དབའ་མངར་ཞུམ་མེད་ཀྱིས་རང་གི་མི་རིགས་ཀྱི་བདེན་པ་དབྱངས་སུ་གྱེར་འཕོད་མཁན་དུ་གྱུར་བ་ཡིན་ལ། བོད་མི་རིགས་ཀྱི་རིག་གཞུང་དེ་ཡང་ཁ་ནང་གི་བཤད་ཤེས་པ་ཞིག་ལས་ལག་ལེན་དངོས་ཀྱི་ར་སྤྲོད་བྱེད་དགོས་པར་གཏིང་སྐུལ་བྱེད་མཁན་དུ་གྱུར་བ་ཡིན། འོན་ཀྱང་། ཡིད་འཕངས་པ་ནས་མིག་ཆུ་ཤོར་དགོས་པ་ཞིག་ནི། བསོད་ནམ་དམན་པའི་སྐུ་ཉིད་ཀྱི་མཐའ་སྐོར་གྱི་གཅན་གཟན་ལས་ཀྱང་གདུག་རྩུབ་ཅན་གྱིས་སྲིད་གཞུང་ངན་པ་དེས། སྐུ་ཉིད་ཀྱི་ཚེ་སྲོག་དེ་ཡང་རང་དབང་ངང་འཚོ་རུ་བཅུགས་མེད།

    པན་ཆེན་ལགས། རིན་པོ་ཆེ་མཇུག་འབྲས་དེ་ཡི་ཉེར་ལེན་གྱིས་དེ་རིང་ཡང་ང་ཚོའི་སེམས་ཁོང་དུ་ནམ་ཡང་གསོས་ཐབས་མེད་པའི་རྨ་ཁ་ཞིག་བཟོས་ཡོད་པ་མ་ཟད། ཐ་ན་སྐུ་ཉིད་ཀྱི་ཡང་སྲིད་དེ་ཡང་བོད་མི་རིགས་ཀྱི་མིག་མདུན་ནས་གློ་བུར་དུ་ཁྲིད་དེ་ཤི་གསོན་གང་ཡང་མི་ཤེས་པའི་གནས་ཤིག་ལ་བསྐྱལ་ཡོད་པ་འདིས་ཀྱང་། དེ་རིང་གི་ཉིན་མ་འདི་ནི་བོད་མི་རིགས་ཀྱི་སེམས་ཁོང་དུ་མུན་ནག་གི་ཉིན་མོ་ཞིག་དུ་བཏང་ཡོད་པ་རེད།

    པན་ཆེན་ལགས། རིན་པོ་ཆེ་ལགས། དོན་དངོས་སུ་དེ་རིང་ཡང་འདི་ནས་ངེད་ཅག་གི་ཁྱེད་རང་གླེང་བཞིན་ཡོད་ལ། གླེང་མཁན་ང་ཚོས་ཀྱང་སྐུ་ཉིད་ཀྱི་མཛད་པ་འཕྲིན་ལས་མཐའ་དག་གི་ཟུར་ཞིག་ལས་མཐོང་བའི་མིག་ཟུང་མེད་སྟབས། ལོ་རེ་ལ་དུས་ཚིགས་ཤིག་ལ་སྒུག་ནས་འཆར་ཅན་གྱི་གཏམ་བཤད་རེ་གནང་དེ་མི་ལོ་འདི་དག་གར་སོང་ཆ་མེད་དུ་གྱུར་བ་རེད་ལ། དེ་རིང་ཡང་དེ་ལྟར་འཆར་ཅན་གྱི་ལས་གཞི་དེ་ཉིད་རྒྱུན་སྐྱོང་བྱེད་ཀྱི་ཡོད་པ་ལས། བོད་མི་རིགས་ལ་དོན་དངོས་ཐོག་སྐུ་ཉིད་དགོས་ཀྱི་ཡོད་པའི་འབད་བརྩོན་ལྷོད་གཡེང་མེད་པ་ཞིག་བྱེད་ཐུབ་ཀྱི་མེད་པ་འདི་ནི། སྐབས་རེར་བདག་གི་སེམས་ཁོང་དུ་ཡང་ཐེ་ཚོམ་གྱི་དྲི་གཞི་ཞིག་སྐྱེ་ནས་འོང་གི་འདུག་ལགས།

    པན་ཆེན་ལགས། རིན་པོ་ཆེ་ལགས། ཆོས་ལུགས་པ་དག་གིས་སྐུ་ཉིད་མགོན་པོ་འོད་དཔག་སྐུ་ངོས་ཡིན་པར་ཡིད་ཆེས་བྱེད་ལ། མི་རིགས་རང་ལུགས་པ་དག་གིས་སྐུ་ཉིད་ནི་བོད་མི་རིགས་ཀྱི་དབའ་བོ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་ལགས། དོན་དངོས་ཐོག གནམ་འོག་འདི་ན་དྲང་བདེན་ལ་དགའ་བའི་སྐྱེ་བོ་དམ་པ་ཁྱེད་ཉིད་བཞུད་རྗེས་ཀྱི་ཞབས་རྗེས་རེ་རེ་ལ་ཉིན་མཚན་མེད་པར་སྙེགས་མཁན་ནི་དངོས་ནས་དཀོན་པོ་ཆགས་ཡོད་པ་དེར་སྐུ་ཉིད་ལ་ཐུགས་ཕམ་ཡོང་གི་འདུག་གམ་ལགས། ལྷག་པར་དུ་སྐུ་ཉིད་ཀྱིས་བོད་མི་རིགས་ལ{ངའི་མི་ཚེ་ནང་དུ་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་དག་ལ་གནོད་པའི་ལས་ཀ་ཕྲ་མོ་ཙམ་ཡང་མི་འཇོག་པའི་དམ་བཅའ་བཞག་ཡོད་}ཅེས་པ་ལྟར་ཤ་གསེང་རུས་གསེང་ནས་གཅེས་འཛིན་བྱེད་མཁན་ནི་བྱུང་གི་མེད་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་ཡིན་དུས། དེ་རིང་གི་ཉིན་མོ་འདི་ལ་ཉིད་ཀྱིས་ཡང་སྲིད་དེ་ཉིད་འཁྲུངས་ནས་མི་ལོ་ཉི་ཤུ་འགྲོ་བཞིན་ཡོད་ན་ཡང་། ངེད་ཅག་གིས་ཤི་གསོན་ཙམ་ཡང་རྩར་གཅོད་མི་ཐུབ་པའི་གནས་སྐབས་འདི་ནི་ང་ཚོའི་སྐུ་ཉིད་ལ་བཅིངས་པའི་ཡིད་ཆེས་དང་སྟོབས་ཤུགས་ཀྱི་མ་འདང་བར་དགོངས་ཀྱི་ཡོད་དམ་ལགས།

    པན་ཆེན་ལགས། རིན་པོ་ཆེ་ལགས། ད་ལྟ་དངོས་ནས་དྲང་གནས་ཀྱི་བོད་མི་དག་ལ་སྐུ་ཉིད་ལྟ་བའི་རླབས་ཆེན་གྱི་སྐྱེ་བུ་དེ་ཡི་ཞབས་རྗེས་འགྲེང་མཁན་ཞིག་གི་དགོས་མཁོ་ཆེན་པོ་འདུག་ལགས།

    དགེ་རབ་ལགས། འདི་དྲ་ཐོག་ལ་འགོད་རོགས་ཞུ།

  2. གཞོན་ནུ་ཟླ་མེད says:
    2009-12-25 at 7:15 pm

    རྒྱ་ནག་གི་ཤོག་དངུལ་ཐོག་བོད་ཡིག་འབྲི་མཁན་དེ་ནི་རྡ་རམ་ས་ལའི་དམངས་གཙོ་དང་མང་གཙོའི་རྩོད་པའི་འབྱུང་ཁུངས་དེ་རེད། དེའི་སྔ་རོལ་དུ་མི་མང་ལ་མི་དམངས་བྲིས་པའི་ཡི་གེ་ན་གཅིག་ཀྱང་མེད། འོན་ཀྱང་དེའི་རྗེས་ནས་བཟུང་ལོ་རྒྱུས་ཀྱི་ཡིག་སྙིང་ཁ་ཤས་དེབ་གཟུགས་དཔེར་སྐྲུན་སྐབས་སུ་བསྒྱུར་བཅོས་ཀྱིས་དམངས་བཅོས་པ་ཁ་ཤས་ཡོད། མི་དམངས་ཅེས་པ་དག་མོ་རེད་ཟེར་མཁན་ཚོས་གནད་འགག་དེ་དེང་སང་ཤེས་ཡོད་ན་ཡང་། རང་ཉིད་ལ་བདེན་ཁ་མེད་པ་ཤེས་ན་ཡང་། རང་ཉིད་ཀྱི་རྒྱབ་རྩ་ནི་དོན་ལ་ཤོག་དངུལ་སྒང་གི་ཡི་གེ་འདི་ལ་ཐུག་བསྡད་ཡོད་པ་ཤེས་ན་ཡང་། ཨུ་ཚུགས་བྱས་ནས་གདོང་པར་གཟི་རྒྱབ་ནས་བསྡད་ཡོད།

  3. ཉི་འོད། says:
    2009-12-25 at 7:38 pm

    བོད་ལྗོངས་ཉིན་རེས་ཚགས་པར་གྱི་འགོ་བརྗོད་༧གོང་ས་མཆོག་གིས་བྲིས་གནང་བ་རེད། དངུལ་ལོའི་སྟེང་བོད་སུས་བྲིས་པ་ཡིན་ནམ། ཤེས་མཁན་ཡོད་ན་གསུང་རོགས་གནང༌།

  4. དགེ་འདུན་རབ་གསལ says:
    2009-12-26 at 12:50 am

    ཨོ་ཡ། གཞོན་ནུ་ལགས་ཀྱིས་རྩོད་པའི་རྣམ་པ་ཞིག་གསུངས་འདུག ང་ལ་དགོས་པ་ནི་དངོས་གནས་མི་དེ་སུ་ཡིན་ནམ་སྙམ་པ་ཡིན། ཁྱེད་ཀྱིས་མཁྱེན་ན་མཚན་དེ་གསུངས་རོགས་གནང་། ༡༩༤༩ ལོར་གུང་ཁྲན་གྱིས་གཞི་ནས་བོད་ལ་དཔུང་འཇུག་གི་ཇུས་འགོད་བྱས་ཡོད་ན། དེ་གོང་ནས་བོད་ཡིག་འདི་སྒོར་མོའི་ཐོག་བཀོད་ཡོད་མེད་ཐད་དྭོགས་པ་ཞིག་བྱུང་བ་དེ་ཁོ་ན་ཡིན། ཨ་ལགས་ཞབས་དྲུང་གི་རྣམ་ཐར་ན། ཁོང་གིས་ ༼༡༩༥༤ ཙམ་ལ་ཡིན་པ་ཡོད།༽རྒྱ་ནག་གི་རྩ་ཁྲིམས་བོད་འགྱུར་ཐད་རོགས་རམ་བྱས་སྐོར་ཞིག་ཀྱང་འདུག སྐབས་འདི་དག་ནི་ཧ་ལམ་བོད་ཡིག་སྟེང་དུ་དེང་རབས་ཀྱི་བརྗོད་བྱ་སླེབས་པའི་ཐོག་མའི་དུས་སྐབས་ཡིན་པ་རེད། མ་གཞི་སྐབས་འདི་དག་ནི་བོད་རང་གི་དངུལ་ལོར་ཡང་འགྲོ་བཞིན་པའི་སྐབས་རེད། མཚར་སྣང་གི་དྲི་བ་ཞིག་ཡིན།
    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཡིག་གཟུགས་དེ་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཕྱག་བྲིས་ཡིན་པ་ཡང་དྲན་ངོ་ན་མི་འདུག དེའི་ཁུངས་དེ་གསལ་བཤད་ཅིག་གནང་ཐུབ་བམ། པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ཀྱི་ཡི་གེ་དུས་དེབ་ཁག་གི་སྟེང་ན་ཡོད་དྲན།

  5. ཀླུ་སྨྱོན། says:
    2009-12-26 at 12:56 am

    བོད་ལྗོངས་ཞིབ་འཇུག་གི་ཁ་བྱང་ང་ཕོད་ཀྱིས་བྲིས་པ་རེད་ལ། མཚོ་སྔོན་མང་ཚོགས་སྒྱུ་རྩལ་གྱི་ཁ་བྱང་ཚུགས་རིང་དེ་པཎ་ཆེན་མཆོག་གི་ཕྱག་བྲིས་རེད། དེ་བཞིན་སྦྲང་ཆར་གྱི་ཁ་བྱང་དེ་ཚེ་ཏན་ཞབས་དྲུང་ཚང་གི་ཕྱག་བྲིས་རེད།

  6. གཞིས་ལུས་བོད་པ། says:
    2009-12-26 at 8:07 am

    1960ཡར་སྔོན་དུ་མི་དམངས་ཤོག་སྒོར་སྟེང་བོད་ཡིག་ཡོད་པ་ཞིག་མ་མཐོང་བ་འདྲ། གང་ལྟར་དཔྱད།

  7. ལུང་རྟོགས says:
    2009-12-26 at 9:23 am

    མི་མང་ཤོག་སྒོར་རིམ་པ་མང་པོ་ཞིག་བརྗེ་བོ་རྒྱབ་ཡོད་དང་། རིམ་པ་དང་པོ་དེ་བཞིན་༡༩༤༨་ལོར་འགྲེམས་སྤེལ་བྱས་ཡོད་པ་དེའི་བོད་ཡིག་མི་འདུག
    རིམ་པ་གཉིས་པ་དེ་བཞིན་ཕྱི་ལོ་༡༩༥༥་ལོའི་ཟླ་༥་པའི་ནང་འགྲེམས་སྤེལ་བྱས་པ་དེ་ཐོག་བོད་ཡིག་དང་སོག་ཡིག་བཅས་འཁོད་འདུག
    དེ་བས་མི་མང་ཤོག་སྒོར་ཐོག་བོད་ཡིག་འབྲི་མགོ་ཚུགས་པ་དེ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྗེས་ཀྱི་གནས་ཚུལ་ཞིག་ཡིན་པ་ཧ་ཅང་གསལ་བོ་རེད།

  8. དགེ་འདུན་རབ་གསལ་ says:
    2009-12-26 at 10:16 am

    ད་ཡིན་ན། བོད་ཀྱི་དངུལ་ལོར་འདི་རང་བཙན་གྱི་ཁུངས་སྐྱེལ་ཞིག་ཡིན་པ་མ་ཟད། རྒྱ་སྒོར་ཡང་རང་བཙན་གྱི་ཁུངས་སྐྱེལ་ཞིག་ཡིན་པ་འདྲ། མུ་མཐུད་ནས་ལྟ་གི་ཡིན་དཱ།

  9. ཉི་འོད། says:
    2009-12-26 at 10:30 am

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་མགོ་བརྗོད་ཡིག་གཟུགས་དེ་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཕྱག་བྲིས་ཡིན་པ་དང༌། ༥༩ལོར་ཏ་ལའི་བླ་མའི་གོ་གནས་མེད་པབཟོ་བའི་ཁྱབ་བསྒྲགས་བྱས་རྗེས་དེ་ཡང་བརྗེ་མོ་བརྒྱབ་པ་རེད་ཟེར།

  10. མི་རྐང་གླིང་བུ། says:
    2009-12-26 at 10:45 am

    འོ་ད་དྲན་བྱུང་། ང་ལ་རྒྱ་སྒོར་གཉིས་ལོ་རྙིང་པ་ཞིག་ཡོད། དེ་ནི་༡༩༥༣ལོར་བཏོན་འདུག དེ་ལ་བོད་ཡིག་བྲིས་འདུག ལོ་རྒྱུས་ཀྱི་དཔང་པོ་འདྲ་རེད་འདུག་ན་སུས་འཇོན་ན་དེ་ལ་སྤྲད་རྒྱུ་ཡིན།་་་་་

  11. loten says:
    2009-12-26 at 4:29 pm

    The Tibetan script on the chinese yuan is written by Alak Tseten Shapdrong.
    Aku Sherap Gyatso tsang has commented “it should be “Bang-Mi” on the chinese yuan as according to him “mang” reflects low caste”. It says that there had also an argument between them. But Mao-tse-tong had chosen Alak Tseten Shapdrong.

    This information is generally known among many of us but there hasnt any documentary prove.

  12. རྩམ་དགའ་ says:
    2009-12-26 at 4:47 pm

    གྲོགས་པོ་ཚོས་གནད་དོན་ཅན་གྱི་ཁ་བརྡའ་ཡག་པོར་གནང་འདུག་ཐུགས་རྗེ་ཆེ། འདི་འདྲའི་རིགས་ཀྱི་ཁ་བརྡའ་ཡང་ཡང་གནང་ན་ཡག་པོ་རེད། མཐོང་ཐོས་ཕན་ཚུན་བརྗེ་རས་བྱས་པ་ཟེར་ན་འདི་འདྲ་ལ་ཟེར་དགོས་ནི་ལོས་ཡིན་ངོ་མ་ཧྲ་གི།

  13. གཞིས་ལུས་བོད་པ། says:
    2009-12-26 at 11:07 pm

    འོ་ན་ཡོན་རྒྱལ་རབས་སྐབས་ཀྱི་བོད་དངུལ་ལ་རྒྱ་ཡིག་བྲིས་འདུག དེ་ཅི་རེད།

  14. ཚེ་རིང་། says:
    2009-12-28 at 9:41 am

    第三套人民币(13枚)

    为了促进工农业生产发展和商品流通,方便群众使用,中国人民银行于1962年4月20日开始发行第三套人民币。第三套人民币和第二套人民币比价为1:1,并在市场上混合流通

  15. ཚེ་རིང་། says:
    2009-12-28 at 9:48 am

    རྒྱ་སྒོར་དཔར་ཐེངས་གསུམ་པ་སྟེ། ཕྱི་ལོ་ ༡༩༦༢ལོར་པར་བའི་རྒྱ་སྒོར་སྟེང་བོད་ཡིག་དང་གྲངས་ཉུང་མི་རིགས་གཞན་ཁག་གི་སྐད་ཡིག་གཞི་ནས་བཀོད་འདུག་ཀྱང་། ཡིག་འབྲི་བ་སུ་ཡིན་གསལ་བོ་ཤེས་མ་སོང་། རྒྱ་སྒོར་དཔར་ཐེངས་གསུམ་པའི་པར་རིས་ཡོད་ཀྱང་། ཁ་བརྡ་ཁ་འཁྱག་འདིའི་ནང་དུ་པར་འགྲོ་གིན་མི་འདུག

  16. ཚེ་རིང་། says:
    2009-12-28 at 9:58 am

    第一套人民币(12枚)

    1948年,随着人民解放战争的顺利进行,分散的各解放区迅速连成一片,为适应形势的发展,亟需一种统一的货币替代原来种类庞杂、折算不便的各解放区货币。为此,1948年12月1日,在河北省石家庄市成立中国人民银行,同日开始发行统一的人民币。至1951年底,人民币成为中国唯一合法货币,在除台湾、西藏以外的全国范围流通。
    第二套人民币(16枚)

    为了改变第一套人民币面额过大等不足,提高印制质量,进一步健全我国货币制度,中国人民银行自1955年3月1日起发行第二套人民币,收回第一套人民币。第二套人民币和第一套人民币折合比率为:1元等于1万元。
    第二套人民币成为国第一套完整、精致的货币,对健全我国货币制度,促进社会主义经济建设发挥了重要作用。

  17. ཚེ་རིང་། says:
    2009-12-28 at 10:04 am

    འོ། ངས་ཉམས་མ་བཞག་བཟིག རྒྱ་སྒོར་དཔར་ཐེངས་གཉིས་པའི་སྟེང་བོད་ཡིག་དང་གྲངས་ཉུང་མི་རིགས་གཞན་ཁག་གི་ཡི་གེ་བཀོད་འདུག་ལ། རྒྱ་སྒོར་དཔར་ཐེངས་དང་པོ་ ༤༨ ལོར་པར་བ་དང་། དེའི་ནང་བོད་བཀོད་མེད་ཁར། བོད་ནང་དུ་བེད་སྤྱོད་ཀྱང་གཏོང་ཐུབ་མི་འདུག སྐབས་དེར་བོད་སྡེ་བ་གཞུང་གི་དངུལ་སྒོར་ཁུལ་བསྡུ་བྱས་ཡོད་པ་མ་རེད།

  18. ྲརྫོང་སར་ལྷུན་གྲུབ། says:
    2009-12-28 at 1:10 pm

    འོ་ན་རྒྱ་ནག་གི་མི་རིགས་ཆེན་པོ་ལྔ་ཟེར་བ་དེ་གང་དང་གང་རེད། དེ་དང་རྒྱ་ནག་གི་དར་ཆའི་ཐོག་གི་སྐར་མ་ལྔ་ལ་འབྲེལ་བ་ཡོད་དམ། གལ་ཏེ་ཡོད་ན། དར་ཆ་བཟོ་དུས་བོད་དང་སོག་པོ་སོགས་དྲན་ལ་ཤོག་སྒོར་བཟོ་སྐབས་ལྔ་བཅུ་ང་དྲང་བར་དྲན་པ་མ་སོས་པ་ག་རེ་ཡིན་ནམ།

  19. ྲརྫོང་སར་ལྷུན་གྲུབ། says:
    2009-12-28 at 1:11 pm

    ང་དྲང་ང་གྲངས་ལ་བཅོས་རོགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (18)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme