Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་གྲངས་ལྔ་བརྒྱའི་སྦས་སྐུང་༼གནས་བསྐོར་༽དང་དེའི་ནག་ཉེས།

Posted on 2011-11-28 By ཁ་བརྡ་ 3 Comments on མི་གྲངས་ལྔ་བརྒྱའི་སྦས་སྐུང་༼གནས་བསྐོར་༽དང་དེའི་ནག་ཉེས།

པ་དོན་ནས་ཕྱི་ལོ་༢༠༡༡ཟླ་༡༡ཚེས་༢༨ཉིན།

གླེང་གཞི་ཅན་དུ་གྱུར་དགོས་པའི་མི་གྲངས་ལྔ་བརྒྱའི་སྦས་སྐུང་གི་ནག་ཉེས་དེ་རིམ་བཞིན་ཇེ་ཆུང་དང་། ཇེ་ཆུང་ནས་ཡལ་བར་སེམས་ལ་ཐ་ན་སུ་ཞིག་གི་ཁས་ལེན་མི་བྱེད་པའི་ནག་ཉེས་ཤིག་ཏུ་གྱུར། འཛམ་གླིང་རྒྱལ་ཁབ་གང་ཞིག་ཏུའང་ཕྱི་བསྐྱོད་ལག་འཁྱེར་ཙམ་ཡང་མེད་པའི་ཕྱི་མི་ཞིག་འགྲོ་འོང་དང་འཚོ་གནས་བྱེད་པ་ནི་ཁྲིམས་འགལ་དང་། དེ་ལ་བརྩད་ཞིབ་ཀྱིས་སྐྱབས་བཅོལ་སོགས་ཆབ་སྲིད་དང་འབྲེལ་བ་མེད་ཚེ་བཙོན་འཇུག་དང་ཡང་ན་རང་གི་གནས་ཡུལ་རྒྱལ་ཁབ་གང་དེར་རྩིས་སྤྲོད་དགོས་པའི་རྩ་ཁྲིམས་གཅིག་བསྒྲགས་རེད། འོན་ཏེ་རང་གི་རྒྱལ་ཁབ་གང་དེའི་སྟོབས་འབྱོར་ལ་མ་ལྟོས་པར། ཆབ་སྲིད་དང་འབྲེལ་བའི་སྐྱབས་བཅོལ་ལེན་གྱིན་ཡོད་པ་ནི་རང་ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་གྲོགས་གི་འབྲེལ་བ་ཡུན་དུ་གནས་ཐབས་དང་གཡོ་ལྷད་མེད་པའི་རྒྱལ་ཁབ་དེའི་ཀྱི་བཟང་སྤྱོད་རྣལ་མ་བ་ཞིག་རེད། དེ་བཞིན་བོད་དང་སོག་པོ། མན་ཇུ། རྒྱ་རིགས་བཅས་ནི་མཚམས་རེ་དམག་རོགས་གཏོང་རེས་དང་། མཚམས་རེ་དགའ་ཟླར་གྱུར་པའི་རྒྱལ་ཁབ་དབར་བར་འཆིང་བྱེད་པའི་སྲོལ་ལུགས་ཞིག་སྔ་མོའི་དུས་ནས་མཆིས་བཞིན། རྒྱ་གར་དང་བལ་ཡུལ་བོད་དབར་ཀྱང་མཚམས་རེ་དམག་རྒྱག་དང་མཚམས་རེ་འཆིང་འགྲིག་ཀྱིས་ལོ་རྒྱུས་དང་།ལྷག་པར་རྒྱ་གར་དབྱིན་ཇིའི་དབང་བསྒྱུར་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཉེན་གཡོལ་དང་། ཆིག་དགུ་ལྔ་དགུ་ལོར་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་རྗེས་༸གོང་ས་མཆོག་གཙོས་བོད་མི་འབུམ་ཕྲག་ཙམ་རྒྱ་གར་དུ་སྐྱབས་བཅོལ་ཁས་ལེན་བྱས་པའི་ནང་མི་རབས་གཞོན་པའི་གྲས་ད་ལྟའང་འཚོ་བཞུགས་བཞིན། རྒྱ་དམར་གྱིས་དྲག་གནོན་དང་གདུག་རྩུབ་ལ་མ་བཟོད་པར་ད་ལྟའི་བར་བོད་མི་སྐྱབས་བཅོལ་བ་ཆད་མེད་དུ་ཡོང་གིན་ཡོད། ཆབ་སྲིད་ཀྱི་འཕོ་འགྱུར་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་ཁས་ལེན་མིན་གྱིས་སྐད་ཆའི་འགྲོས་ཙམ་ལས། ད་ལྟའི་བར་ཕྱི་རྒྱལ་མི་རིགས་གཞན་དང་མི་འདྲ་བར། བོད་མིར་དམིགས་དཀར་གྱིས་ལོ་རེར་འཕར་འགྱངས་ཐེངས་རེ་བྱ་དགོས་པའི་སྐྱབས་བཅོལ་ལག་དེབ་སྤྲོད་བཞིན་པ་དང་། ཉིས་སྟོང་གསུམ་ནས་བལ་ཡུལ་རྒྱལ་གར་གཞུང་ཚབ་ཀྱིས་བོད་མི་སྐྱབས་བཅོལ་བ་ཚོར་ལག་དེབ་དཀར་པོ་ཞིག་འགེངས་དགོས་ཀྱང་། སྐད་བསྒྱུར་དང་ཁ་ཚ་དགོས་གཏུགས་ཀྱིས་ལམ་སྟོན་དག་བལ་ཡུལ་སྣེ་ལེན་ཁང་ནས་བྱེད་ཀྱིན་ཡོད། དངོས་གནས་བྱས་ན་དེབ་དེའི་ནང་ལོགས་སུ་རྒྱ་གར་དུ་འགྲོ་དགོས་པའི་དམིགས་ཡུལ་སོགས་མི་རེ་རེའི་རྗེས་ཕྱོགས་མདུན་ལམ་དང་འབྲེལ་བའི་གལ་གནད་ཅན་ཁག་འཁོད་དགོས་ཀྱི་འདུག་ཀྱང་དེབ་དཀར་ནང་དབྱིན་ཡིག་ཁོ་ནས་གྲུབ བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་ནང་རྒྱ་ཡིག་དང་བོད་ཡིག་ཤེས་མཁན་ཁག་གཅིག་དང་། ཕལ་ཆེ་བ་གང་ཡང་མི་ཤེས་ཤ་སྟག་ལས་དབྱིན་ཡིག་ཤེས་མཁན་ནི་ཧ་ལམ་མེད་པ་འདྲ་བོ་རེད། དེར་བརྟེན་བལ་ཡུལ་སྣེ་ལེན་ལས་བྱེད་རྣམས་ཀྱིས་གང་དགའི་ལམ་སྟོན་མ་བྱུང་ཡང་། འགེངས་ཤོག་དཀར་པོའི་ནང་དོན་གང་ཡིན་གསལ་འགྲེལ་དགོོས་རྒྱུ་ནི་མ་མཐར་ཡང་ཁོ་རང་ཚོའི་ལྟོ་ཕོགས་དང་ཆེས་ཐག་ཉེ་ཤོས་རེད། ཉིས་སྟོང་གསུམ་ནས་གཞུང་སྒེར་གཉིས་ཕྱོགས་ནས་དེབ་དཀར་རང་གི་འཐུས་པ་བྱས་ཏེ། སྐྱབས་བཅོལ་ལག་དེབ་ཀྱི་དཀའ་རྙོག་ཅུང་ཁུ་སིམ་མེར་ཡང་། ཉིས་སྟོང་བརྒྱད་ལོར་དེབ་དཀར་གྱི་རིགས་སྐྱབས་བཅོལ་ལག་དེབ་བཟོ་རྒྱུའི་ཐོ་འགོད་བྱེད་སྐབས་སྒྱུ་མིའི་མིག་འཁྲུལ་ཇི་བཞིན་དེབ་དཀར་དེ་ལའང་སྐྱབས་བཅོལ་དང་། སློབ་ཕྲུག གནས་བསྐོར། གཞན་ཞེས་རིགས་སྣ་ཚོགས་སུ་གྱུར། ཁག་གཅིག་དགའ་ནས་གནས་སའི་བར་ལ་འཕར་མཆོངས་བྱེད་པ་དང་། འགའ་རེ་ནི་སྡུག་ནས་ངུ་འབོད་ཀྱིས་ཡར་ཞུ་མར་ཞུ་བར་ནས་ལོ་ངོ་གསུམ་ལ་ཉེ་བར་འགོར། དེ་ནི་ཁག་མེད་དེ་དགོང་གཅིག་གི་ཉལ་ས་གླ་དགོས་ཀྱང་ལག་དེབ་དེ་མེད་ན་གླ་ཐབས་བྲལ་ལ། ཐ་ན་སྐྱབས་བཅོལ་དུ་གནས་སྡོད་བྱེད་མཁན་ཞིག་གི་མི་ཚེའི་མདུན་ལམ་སྟེང་བརྒྱ་ཆ་དགུ་ཅུ་གོ་བདུན་གོ་བརྒྱད་ཙམ་ལག་དེབ་དེ་ཁོ་ནར་བརྟེན་དགོས་པ་རེད་མོད་རིམ་པ་བཞིན་ཡར་ལ་གཏུགས་སྐབས་འགའ་ཞིག་གིས་མི་གྲངས་དེ་དག་ཐོབ་ཐང་ཁོ་ན་རྩོད་མཁན་གྱི་འདུ་ཤེས་འཛིན། གང་ལྟར་གནས་ཚུལ་མཐའ་མ་བཀའ་བློན་གྱི་བར་དུ་མ་གོ་མ་ཤེས་མེད་པར་གྱུར། ཡང་དག་པའི་དམངས་གཙོ་དང་ཕྱི་གསལ་ནང་གསལ་གྱི་སྐྱབས་བཅོལ་སྲིད་གཞུང་གི་རྩ་ཁྲིམས་གང་ཞིག་དུའང་བོད་མི་རིགས་ཡིན་ཕྱིན་འདྲ་མཉམ་གྱི་ཐོབ་ཐང་ནི་ལོས་གསལ་ཡོད་ཀྱང་། གནས་བསྐོར་ཞེས་མི་གྲངས་ལྔ་བརྒྱའི་ཁྲོད་ནས་ཉེ་ཕྱོགས་ཀྱིས་འགའ་ཞིག་ལ་གཞུང་ངོས་ནས་སྐྱབས་བཅོལ་ལག་དེབ་འཕར་འགྱངས་བྱས་རབས་བཤད། དེ་ནི་མི་གྲངས་ལྔ་བརྒྱའི་འཐུས་འཚབ་དབང་གྲགས******༼མིང་གསལ་པོ་མི་ཤེས།༽མིང་ཅན་བརྗོད་དོན་གནས་བསྐོར་འཁོད་པའི་ཁོངས་ནས་ཀྱང་། ཆབ་སྲིད་བཙོན་ཟུར་བཅུ་དགུ ཉིས་ཤུ་ཞིག་ཡོད་པ་དང་། དེ་ནས་ཀྱང་ཁ་ཤས་ཤིག་སྐྱབས་བཅོལ་སྲིད་གཞུང་༼བོད་མིའི་སྒྲིག་འཛུགས༽ངོས་ནས་འཕར་འགྱངས་བྱས་པའི་མིང་དང་བཅས་པ་གསལ་ཁ་བརྗོད་རྒྱུ་ཡོད་ཟེར། ད་དུང་བདེ་སྲུང་དྲུང་ཆེར་མི་གྲངས་ལྔ་བརྒྱའི་བདེ་སྡུག་གིས་གནས་ཚུལ་ཞུ་སྐབས། དྲུང་ཆེས་ལྔ་བརྒྱའི་འཐུས་ཚབ་ལ་ཁྱེད་ལ་དྭོགས་པ་ཡོད་ཚུལ་བརྗོད་བྱུང་ཟེར། འཐུས་ཚབ་ཕུན་ཚོགས་ཆོས་སྡོང་གིས་གནས་བསྐོར་ཞེས་འཁོད་པའི་སྐྱབས་བཅོལ་ལག་དེབ་དེའི་ཐོག་མིའི་རྙོག་གླེང་དང་བར་གྱི་ཞུ་སྐུལ་སོགས་རིམ་པ་གསར་འགོད་པའི་མདུན་ནས་ལན་འདེབས་བྱེད་སྐབས་བལ་ཡུལ་སྣེ་ལེན་ཁང་ནས་ཆོས་སྡོང་ཁོ་པ་གཞུང་དང་མི་དམངས་བར་ལ་འགལ་ཟླ་བཟོ་མཁན་ཡིན་རབས་ཀྱིས་བརྡ་ལན་འབྱོར་བྱུང་ཟེར། ཡང་འཐུས་ཚབ་རྣམས་ཀྱིས་བཀའ་ཟུར་ཟམ་གདོང་མཆོག་ལ་སྙན་སེང་ཞུ་སྐབས་རིན་པོ་ཆེ་མཆོག་གིས་བལ་ཡུལ་སྣེ་ལེན་ཁང་གིས་ནོར་འཁྲུལ་མིན་པའི་ཡི་གེ་འབྱོར་སོང་ཟེར་ནས་ཅུང་དྲག་པོའི་ཚུལ་གྱིས་ཡི་གེ་ཞིག་སྒྲོག་ཙེའི་ཐོག་བཞག་སོང་བར། འཐུས་ཚབ་ནས་མི་གྲངས་ལྔ་བརྒྱའི་ཁྲོད་ཆབ་སྲིད་བཙོན་པ་བཅུ་དགུ་ཉི་ཤུ་ཞིག་ཡོད་པ་དེ་དག་རྒྱ་ནག་གི་རྩ་ཁྲིམས་འོག་སྡོད་མི་ཐུབ་པར་ཆབ་སྲིད་སྐྱབས་བཅོལ་དུ་ཡོང་བ་དག་གནས་བསྐོར་བྱས་ནས་བོད་དུ་ཕྱིར་ལོག་གམ་རིན་པོ་ཆེ་མཆོག་ནས་དགོངས་པ་བཞེས་རོགས་ཞུ་དུས། རིན་པོ་ཆེ་མཆོག་ནས་ཀྱང་ཅུང་འཇམ་པོའི་ཚུལ་གྱིས་གནད་དོན་དེའི་ཐོག་གཞུང་ངོས་ནས་གང་མགྱོགས་ཐབས་ཤེས་བཙལ་ཆོག་གསུངས་བྱུང་ཟེར། གནས་བསྐོར་འཁོད་པའི་མི་གྲངས་དེ་དག་གིས་གནས་བསྐོར་བརྗོད་མེད་པ་ནི་གསལ་པོ་རེད། གང་ཡིན་ཟེར་ན་མི་དེ་དེག་མང་ཆེ་བ་ལོ་བཞི་ལྔ་ལ་སློབ་སྦྱོང་བྱས་དང་བྱེད་བཞིན་དང་། ཆབ་སྲིད་བཙོན་ཟུར་ཁག་གཅིག་ལའང་གནས་བསྐོར་ཞེས་འཁོད་འདུག རྒྱ་གར་རྩ་ཁྲིམས་ཐོག་ནས་ལག་འཁྱེར་གང་ཡང་མེད་པའི་ཕྱི་མི་ཞིག་འཚོ་བསྡོད་བྱེད་བཅུག་པ་ས་གནས་ཉེན་རྟོགས་པའང་དེ་དང་དེ་འབྲེལ་གྱི་གྱིས་ནག་ཉེས་ཡིན་པ་ཤེས་བཞིན་དུ་ལོ་གསུམ་བཞིའི་རིང་ཟུར་ཙམ་ཡང་མི་བརྗོད་པའི་རང་འཁྲིའི་ལས་འགན་མི་འཁྱེར་བའི་ངོས་ལེན་ཙམ་ཡང་མེད་པར་ད་ཆ་ཁྱེད་ཚོ་གནས་བསྐོར་རེད་ཟེར་ནས་འཕར་འགྱངས་མི་བྱེད་པའང་ཧ་སངས་དགོས་པའི་གནད་དོན་ཞིག་ཅི་ལ་མིན།
ཡར་ཞུ་མར་ཞུ་བར་ནས་གཞུང་གིས་ཕར་འགྱངས་བྱེད་ཀྱི་ཡིན་ཚུལ་བརྗོད་བཞིན། དེ་འདྲའི་ངང་ནས་ལོ་ངོ་གསུམ་བཞི་འགོར། ཉིས་སྟོང་གསུམ་ཙམ་ནས་བརྩིས་ན་ལོ་བརྒྱད་ཏག་ཏག་འགོར་འདུག་ཅིང་མི་ཞིག་གི་མི་ཚེའི་ནང་ནས་མི་ལོ་བརྒྱད་ཀྱི་དུས་ཚོད་ནི་ཉུང་ཉུང་ཞིག་གཏན་ནས་མིན། དེའི་ནང་ནས་ཀྱང་མང་ཆེ་བ་མི་ཚེའི་ནང་ནས་ཆེས་དོན་སྙིང་ལྡན་པ་དང་། ཅི་ཡང་བསྒྲུབ་ཐུབ་པའི་ན་ཚོད་ཤ་སྟག་འཕྲོ་བརླག་ཏུ་སོང་བ་རེད།
དེ་འདྲའི་བསམ་གཞིགས་དང་དགོངས་བཞེས་ཀྱིས་སྐྱབས་བཅོལ་སྲིད་གཞུང་༼བོད་མིའི་སྒྲིག་འཛུགས་༽དང་དེ་འབྲེལ་གྱི་ཚན་པ་སོགས་ཀྱིས་མི་གྲངས་ལྔ་བརྒྱ་པོ་བོད་མི་སྐྱབས་བཅོལ་བ་གཅིག་པ་ཡིན་པའི་འདུ་ཤེས་དང་དེ་དག་གི་བདེ་སྡུག་ནམ་མཁའི་འཇའ་མཚོན་བཞིན་ཡལ་མི་འཇུག་པར་གང་མགྱོགས་སེལ་རོགས་ཞུ།

སྣ་ཚོགས།

Post navigation

Previous Post: ལང་ཚོའི་རྦབ་ཆུ་དང་སྦྱར་ཏེ་སྲིད་སྐྱོང་བློ་བཟང་སེང་གེར་ཕུལ་བའི་སྙན་ངག
Next Post: བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་ན་ང་ཚོས་ཧུར་བརྩོན་བྱེད་དགོས་པའི་དུས་ཡིན།

Comments (3) on “མི་གྲངས་ལྔ་བརྒྱའི་སྦས་སྐུང་༼གནས་བསྐོར་༽དང་དེའི་ནག་ཉེས།”

  1. མིག་བརྒྱད་པ། says:
    2011-11-28 at 4:24 pm

    དངོས་གནས་ཁག་མི་འདུག །དཀའ་ངལ་ལོས་ཡོད། དཀའ་ངལ་འདི་གཏན་ནས་སེལ་མི་ཐུབ་པ་ཞིག་ཡིན་ན་གནས་ཚུལ་ཁ་ཁ་རེད། བཙན་བྱོལ་བོད་པ་ཚང་དེ་འདྲའི་ཚད་ལ་ལྷུང་ཡོད་ཀྱི་མ་རེད། བོད་པ་སྐྱབས་བཅོལ་བའི་ཕྱོགས་ནས་མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་ཡིད་སྐྱོ་བ་དང་སྡུག་བསྔལ་རྐྱང་རེད། གཏམ་སྙན་པོ་ཞིག་གཅིག་ཀྱང་གོ་ཡ་མི་འདུག །དེ་བས་གོང་ས་མཆོག་གི་གསུང་སྐད་རེ་ཐོས་ན་སེམས་སྐྱིད་པ་དང་བློ་བདེ་བོ། ཚོར་བ་མ་འདྲ་བ་ཞིག་བསྐྲུན་ཡོང་གི་འདུག །

  2. པ་དོན། says:
    2011-11-29 at 7:47 am

    ཁ་བརྡ་དྲྭ་བདག་ལགས་ལ་ཐུགས་བརྗེ་ཆེ་ཞུ་རྒྱུ། སླད་དུས་བབ་ཐོག་བསམ་ཚུལ་འདི་བཏང་ཡོད་པས་དུས་བབ་ཚང་ནས་གང་མགྱོགས་དྲྭ་ཐོག་ཏུ་སྤེལ་གནང་རོགས།
    མི་གྲངས་ལྔ་བརྒྱ་དང་འཐུས་འཚབ་རྣམ་པར་ཞུ་རྒྱུར། དེ་འབྲེལ་གྱི་དཔངས་ཡིག་སོགས་དགོས་གལ་བྱུང་ན་མ་གཏོགས་དྲྭ་ཐོག་ཏུ་མ་གཏོང་རོགས་ཞེས་ནན་གྱིས་བརྗོད་རྒྱུ་ཡིན།

  3. ལྷག་པ། says:
    2011-11-30 at 6:41 am

    སེམས་ཁྲལ་མ་བྱེད། བཀའ་ཁྲི་བློ་སེང་གིས། ཕ་རན་སིར་གཏམ་བཤད་སྐབས། རྒྱ་གར་ནང་གི་བོད་མིའི་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་མ་འོངས་གནས་སྟངས་ད་ལྟ་གསལ་བོ་བཟོས་ཟིན། ཞེས་བཤད་འདུག་པ་མ་ཟད། ད་དུང་འོས་གཞིར་ལངས་སྐབས་བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་འཚོ་བའི་བཀོད་སྒྲིག་ཡག་པོ་བྱེད་ཀྱི་ཡིན། ཞེས་བཤད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme