Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

"མི་གྲངས་ཉུང་བའི་རྫོང་གི་དབུལ་སྐྱོར་ལས་དོན་ཆེན་མོ།"ཟེར་བ་འདི་ཅི་རེད།

Posted on 2010-11-09 By 2 Comments on "མི་གྲངས་ཉུང་བའི་རྫོང་གི་དབུལ་སྐྱོར་ལས་དོན་ཆེན་མོ།"ཟེར་བ་འདི་ཅི་རེད།

བོད་ཀྱི་ས་ཁུལ་འགའ་ཞིག་ཏུ་མཉམ་ལས་ཁང་བཙུགས་ཡོད་པ་རེད་དམ། གསར་འགྱུར་འདི་འདྲ་མཐོང་བྱུང་ངམ།

གཤམ་དུ་གཟིགས། ཡོང་ཁུངས།
ཡང་ འདི་ལ་གཟིགས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་སྡེ་བ་བཞི་བཅུས་ཞིང་ཕྱུགས་ལས་་གཅིག་བསྡུས་ཅན་གྱི་བདག་གཉེར་བྱ་བ་ལག་བསྟར་བྱེད་མགོ་བརྩམས་པ།
རོང་འབྲོག་པ་མི་གྲངས་ཁྲི་གཉིས་མི་ལོངས་པ་དང་། དེའི་དབུལ་ཕོངས་མི་གྲངས་བརྒྱ་ཆའི་ང་ལྔ་ཟིན་པའི་རྫོང་ཆུང་ཆུང་ཞིག་སྟེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་ལོ་ལྔའི་ནང་སྡེ་བ་ཧྲིལ་བོ་བྱས་ནས་དབུལ་སྐྱོར་བྱེད་པའི་ལས་གཞི་སྤེལ་བ་དང་། ས་གཞན་དུ་གནས་སྤར་དུ་བཅུག་ནས་དབུལ་སྐྱོར་བྱེད་པ། ངལ་རྩོལ་པར་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་བྱས་ནས་ལས་ཀ་གཞན་དུ་སྐོར་བ། ཐོན་ལས་ཅན་གྱི་དབུལ་སྐྱོར་དང་། སྤྱི་ཚོགས་ཀྱིས་དབུལ་སྐྱོར་བྱེད་པ་སོགས་བྱས་ནས། སྔ་གཞུག་ཏུ་སྡེ་བ་ཧྲིལ་བོ་བྱས་ནས་དབུལ་སྐྱོར་བྱེད་པའི་ལས་གཞི་བཅོ་བརྒྱད་སྤེལ་བ་དང་། ས་གཞན་དུ་གནས་སྤོར་བའི་ལས་གཞི་དྲུག་སྤེལ་ཏེ། ཁྱིམ་ཚང་ཉིས་སྟོང་བདུན་བརྒྱ་བཅུ་དྲུག་དང་མི་ཁྲི་གཅིག་དང་སྟོང་གཅིག་གི་ཁ་རྒྱབ་ཀྱི་གནད་དོན་ཐག་བཅད། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་མི་རེའི་ཆ་སྙོམས་ཡོང་འབབ2004ལོའི་སྒོར་མོ་བདུན་བརྒྱ་གོ་བརྒྱད་ནས་2009ལོའི་སྒོར་མོ་ཆིག་སྟོང་སུམ་བརྒྱ་རེ་བཞིར་འཕར་ཞིང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་བཞི་འཕར།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ནི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་ཞིང་ཕྱུགས་གཉིས་འཛོམས་ཀྱི་རྫོང་ཁག་ཆུང་ཆུང་ཞིག་རེད། ལོ་རེར་སེར་བ་དང་། བད། ཐན་སྐམ། བྱེ་རླུང་སོགས་ཀྱི་གནོད་འཚེ་མང་བོ་བྱུང་གིན་ཡོད། 2004ལོའི་ལོ་མཇུག་ལ། རྫོང་ཡོངས་སུ་དབུལ་ཕོངས་སྡེ་བ་བཅོ་བརྒྱད་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་ཉིས་སྟོང་ལྔ་བརྒྱ་ལྷག་དང་དབུལ་ཕོངས་མི་གྲངས་ཆིག་ཁྲི་ཆིག་སྟོང་ཡོད། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་ནི། ས་མཐོ་ཞིང་གྲང་ངར་ཆེ་བའི་ས་ཆར་གནས་པའི་ཧེ་ཡན་རྫོང་གི་རོང་འབྲོག་པ་དབུལ་ཐར་བྱེད་དུ་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་རེད། ལོ་འགའི་རིང་ལ། རྫོང་ཡོངས་ཀྱིས་རིམ་བསགས་སྒོས་ཕྱུགས་ཟོག་ལ་དྲོད་ཁང་སྟོང་གཅིག་དང་བདུན་བརྒྱ་སུམ་ཅུ་ལས་པ་དང་། དེའི་སྤྱིའི་གཞི་ཁྱོན་ལ་མུས་གྲུ་བཞི་མ་འབུམ་གཅིག་དང་ཁྲི་བརྒྱད་ཡོད། རིམ་བསགས་ཀྱིས་མི་སྟོང་བཞི་དང་ལྔ་བརྒྱ་ལྷག་དང་ཕྱུགས་ཟོག་འབུམ་གཅིག་དང་ཁྲི་གསུམ་གྱི་འཐུང་ཆུའི་གནད་དོན་ཐག་བཅད་པའི་མི་ཚད། རོང་འབྲོག་པ་ཁྱིམ་ཚང་ཆིག་སྟོང་དྲུག་བརྒྱ་ང་བདུན་ལ་གློག་འཐེན། རྫོང་ཡོངས་ཀྱི་རོང་འབྲོག་ཕྱོགས་སུ་དྲོད་ཁང་ལས་རྒྱ་དང་། བདེ་འཇགས་ཀྱི་ཆུ་འཐུང་རྒྱུ་ཡོད་ས། གློག་འཐེན་ཡོད་པའི་ཚད་བཅས་སོ་སོར་བརྒྱ་ཆའི་དོན་དྲུག་ལྷག་དང་། བརྒྱ་ཆའི་རེ་གཉིས་ལྷག། བརྒྱ་ཆའི་གོ་དྲུག་ལྷག་རེད། དབུལ་ཕོངས་མང་ཚོགས་ཁྱིམ་ཚང་བདུན་བརྒྱ་སོ་ལྔས་རོང་འབྲོག་ཕྱོགས་ཀྱི་ཉེན་ཁ་ཆེ་བའི་ཁང་བ་སྒྱུར་བཀོད་ལས་གཞི་དང་གཏན་སྡོད་ལས་གཞི་བརྒྱུད་དེ་ཁང་བ་གསར་བའི་ནང་དུ་སྤར་ཐུབ་སོང་།
2008ལོ་དང་2009ལོ་གཉིས་ཀྱི་ནང་། ཧེ་ཡན་རྫོང་གིས་སྔ་གཞུག་ཏུ་མདའ་བཞི་གྲོང་རྡལ་ཞི་ཁྲ་སྡེ་བར་སྡེ་བ་ཧྲིལ་བོ་བྱས་ནས་ས་གཞན་དུ་གནས་སྤོ་བ་དང་། ཝ་འཇོག་ཞང་དེའུ་དྲུག་སྡེ་བའི་སྡེ་མི་སྐོར་ཞིག་ས་གཞན་དུ་གནས་སྤོ་བའི་བཟོ་བཀོད་སྤེལ། གསེར་ཐང་ཞང་ཅང་ལུའུ་ཧྲིན་སྡེ་བའི་ཁྱིམ་ཚང་ཉི་ཤུ་གནས་སྤར་བ་དང་། མདའ་བཞི་གྲོང་རྡལ་སན་ལེན་སྡེ་བ་སྡེ་བ་ཧིལ་བོ་ས་གཞན་དུ་གནས་སྤོ་བའི་བཟོ་བཀོད་ལག་ལེན་དུ་བསྟར། བསྡོམས་པས་མང་ཚོགས་ཁྱིམ་ཚང་ཉིས་བརྒྱ་གནས་སྤར་ཞིང་། ཁྱིམ་ཚང་རེ་ལ་ཁང་བ་མུས་གྲུ་བཞི་མ་དྲུག་ཅུ་ལས་པའི་དུས་མཉམ་དུ། ཆུ་དང་གློག སོལ་རླངས། ཕྱུགས་སྤྱིལ་སོགས་རྨང་གཞིའི་སྒྲིག་ཆས་ལས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཡོངས་ཁྱབ་ཏུ་ལེགས་བཅོས་ཐོབ། ཁྱད་པར་དུ་ཞི་ཁྲ་སྡེ་བའི་མང་ཚོགས་གཞུང་ལམ་འགྲམ་རྒྱུད་དུ་སྤར་རྗེས། རྨོ་ཞིང་དང་བཞོ་མར་ལེགས་བསྡུས་ཞིབ་གཉེར་བྱས་ནས། ཤུགས་ཆེན་པོས་བཞོན་མ་གསོ་བ་དང་ངལ་རྩོལ་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། མི་རེའི་ཆ་སྙོམས་ཡོང་འབབ་གནས་མ་སྤར་གོང་གི་སྒོར་མོ་སྟོང་གཅིག་དང་དྲུག་བརྒྱ་བཅོ་ལྔ་ནས་ད་ལྟའི་སྒོར་མོ་སྟོང་གཉིས་དང་བཞི་བརྒྱ་ང་དགུར་བུད། སྡེ་བ་ཡོངས་ཀྱི་མང་ཚོགས་ཕལ་ཆེ་བ་དབུལ་ཕོངས་ལས་ཐར་ཏེ་ཕྱུག་པོར་གྱུར། ད་ལོ་མཚོ་ཤར་སྡེ་བ་ཁྱོན་རྒྱས་མཉམ་ལས་ཁང་དང་པ་ཐེ་ཞོལ་མ་མཉམ་ལས་ཁང་། མཚོ་ཤར་མཉམ་ལས་ཁང་བཅས་ཀྱིས་ཁྱིམ་ཚང་དོན་གསུམ་དང་མང་ཚོགས་སུམ་བརྒྱ་དང་བཅུ། རྒྱལ་ལམ་315ཡི་འགྲམ་གྱི་ས་བབས་ཆ་རྐྱེན་ཅུང་བཟང་སར་གནས་སྤོར་དུ་བཅུག་ནས། ཁྱིམ་ཚང་རེ་ལ་མུས་གྲུ་བཞི་མ་དགུ་བཅུ་ཅན་གྱི་གྱོ་མོག་དང་ཤིང་གི་ཁང་བ་གྱན་ལྔ་རེ་ལས་པའི་མི་ཚད། ཆུ་དང་གློག ལམ། རྒྱང་སྒྲོག་བརྙན་འཕྲིན་སོགས་རྨང་གཞིའི་སྒྲིག་ཆས་ལས་ནས། ས་གཞན་དུ་གནས་སྤར་ཏེ་དབུལ་སྐྱོར་བྱེད་པའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་།
དབུལ་སྐྱོར་བྱེད་དགོས་ན་ཡོང་འབབ་འཕར་སྣོན་བྱེད་པའི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་དགོས། རྫོང་ཡོངས་ཀྱིས་སྔ་གཞུག་ཏུ་རྒྱུད་བཟང་བཞོན་མ་སྟོང་གཉིས་བརྒྱ་དང་རེ་བརྒྱད་ནང་འདྲེན་བྱས་པ་དང་། འོ་མ་ཉོ་བསྡུ་བྱེད་ས་གསུམ་བཙུགས། དེས་ཐད་ཀར་བཞོན་མ་གསོ་སྤེལ་ཁྱིམ་ཚང་སྟོང་གཅིག་དང་དྲུག་བརྒྱ་ང་དྲུག་ལ་སྐུལ་ཁྲིད་བྱས་པར་མ་ཟད། བཞོན་མ་གསོ་སྤེལ་ཆེད་ལས་སྡེ་བ་བཅུ་སྐྱེད་བསྲིང་བྱས། བོད་ལུག་མ་མོ་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་དང་ཁྲོམ་ཉིས་བརྒྱ་རེ་གཉིས་ཉོས་ཏེ། ཕྱུགས་ཟོག་རར་བཅུག་ནས་གསོ་པའི་ཁྱིམ་ཚང་ཆིག་སྟོང་དགུ་བརྒྱ་དང་། ནོར་ལུག་ལ་ཤ་ཤེད་འབུད་དུ་བཅུག་ནས་ཕྱིར་བཙོང་བའི་བདག་གཉེར་ཁྱིམ་ཚང་སྟོང་གཅིག་དང་བརྒྱ་དང་། ཕག་གསོ་མཁན་ཁྱིམ་ཚང་ལྔ་ལ་རྒྱབ་སྐྱོར་བྱས་ནས། ཞིང་ལས་ས་ཁུལ་གྱི་གསོ་སྤེལ་ལས་རིགས་མགྱོགས་མྱུར་སྒོས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་། ཉེ་བའི་ལོ་འགར། ཧེ་ཡན་རྫོང་གིས་སྔ་གཞུག་ཏུ་ཞིང་ཕྱུགས་ལས་དངོས་སྤྱོད་ལག་རྩལ་གསོ་སྐྱོང་མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་བདུན་བཏང་ནས། དབུལ་ཕོངས་རོང་འབྲོག་པ་ཁྱིམ་ཚང་སྟོང་གསུམ་དང་དགུ་བརྒྱ་བཅུ་གཅིག་ལ་གསོ་སྐྱོང་བྱས་ཤིང་། ལོ་རེར་ཆ་སྙོམ་གྱིས་རོང་འབྲོག་པ་མི་ཐེངས་སྟོང་ལྔའི་ཡན་ས་གཞན་དུ་ལས་ཀར་འགྲོ་བཞིན་ཡོད། ཞིང་ལས་མིན་པའི་ཡོང་སྒོ་ཡིས་རོང་འབྲོག་པའི་ཡོང་སྒོ་ཡི་བརྒྱ་ཆའི་སོ་ལྔ་ཡན་ཟིན་པས། ཁྱིམ་མི་ཞིག་ལ་གསོ་སྐྱོང་སྦྱོང་བརྡར་ཐོབ་ན་ཁྱིམ་ཚང་གང་བོ་དབུལ་ཕོངས་ལས་ཐར་དུ་འཇུག་པའི་དམིགས་ཡུལ་མངོན་འགྱུར་བྱས།
དེ་དང་མཉམ་དུ། ཉེ་བའི་ལོ་ཁ་ཤས་ནང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་མགོ་ཁྲིད་ལས་བྱེད་པས་དཀའ་ཁག་ཡོད་པའི་མང་ཚོགས་ཁྱིམ་ཚང་ཉིས་བརྒྱ་རེ་དགུར་གྲོགས་བསྒྲིག་པའི་རོགས་སྐྱོར་བྱས་ཏེ། སྔ་གཞུག་ཏུ་རིམ་བསགས་མ་དངུལ་སྒོར་མོ་ས་ཡ་བརྒྱད་དང་འབུམ་བདུན་ཁྲི་གཅིག་གི་མཐུན་སྦྱོར་རོགས་སྐྱོར་བྱས། ཞལ་འདེབས་སུ་ཕུལ་བའི་དངོས་ཟོག་སྒོར་མོར་བཅག་ན་སྒོར་འབུམ་བདུན་དང་ཁྲི་གཉིས་སུ་སླེབས། དབུལ་ཕོངས་སློབ་མ་བདུན་བརྒྱ་ང་གཉིས་ལ་རོགས་སྐྱོར་བྱས་པར་མ་ཟད། མཐུན་སྦྱོར་བྱས་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་སྐོར་ཞིག་དངོས་འབེབ་བྱས་ནས། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཉེར་དགུའི་མང་ཚོགས་སྟོང་བདུན་དང་བརྒྱད་བརྒྱ་སོ་དྲུག་ལ་དེའི་ཁེ་ཕན་ཐོབ།
སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་རྨང་གཞིའི་སྟེང་། ཧེ་ཡན་རྫོང་གིས་ད་རུང་དབུལ་སྐྱོར་རྣམ་པ་གསར་བ་འཚོལ་ཞིབ་བྱས། ཧ་ལེ་ཅིན་སོག་རིགས་ཞང་གི་ཡུན་ཧྥུན་དང་། ཧ་ལེ་ཅིན། བུའུ་ལན་ཧ་ཏ་བཅས་སྡེ་བ་གསུམ་གྱིས་སྔ་གཞུག་དུ་དབུལ་སྐྱོར་མཉམ་འབྲེལ་ཁང་བཙུགས་ནས། མཐུན་ཚོགས་ཀྱི་རྣམ་པས་ཞང་ཡོངས་ཀྱི་སྡེ་བ་གསུམ་གྱི་མང་ཚོགས་བརྒྱ་དང་ང་དགུ་རྩ་འཛུགས་བྱས་ནས་རང་གི་ཞང་དུ་ལག་བསྟར་བྱེད་བཞིན་པའི་བཟོ་བཀོད་ནང་ལས་ཀ་ལས་ཏེ། མང་ཚོགས་སྐོར་ཞིག་ལ་ཅུང་བརྟན་འཇགས་ཡིན་པའི་དཔལ་འབྱོར་ཡོང་འབབ་ཡོད་ཐུབ་སོང་། མཚོ་སྔོན་པོ་ཞང་གིས་སྔ་གཞུག་ཏུ་མཐོན་པོ་སྡེ་བའི་དབུལ་སྐྱོར་མཐུན་ཚོགས་དང་མདའ་བཞི་བུའུ་ཀུའུ་སྡེ་བའི་རྒན་པའི་དབུལ་སྐྱོར་མཐུན་ཚོགས་བཙུགས། དེ་ནི་སྡེ་བ་རང་གི་ཕྱུག་བསྒྱུར་ནུས་ལྡན་ཅན་དང་སྡེ་བའི་ལས་བྱེད་པ། ཏང་ཡོན་རྒན་པ་བཅས་ཀྱིས་གྲུབ་པ་ཡིན། ཕྱུགས་ཟོག་གཡར་ན་རྗེས་སུ་ཡང་ཕྱུགས་ཟོག་གིས་སྐྱིན་པ་སྟེར་བ་དང་། ཉུང་བ་ནས་རིམ་གྱིས་ཇེ་མང་དུ་གཏོང་བའི་འཕེལ་རྒྱས་བྱེད་སྟངས་ཀྱིས་དབུལ་ཕོངས་ཁྱིམ་ཚང་བཅུ་གཉིས་ལ་མོ་ཕྱུགས་ཉིས་བརྒྱ་གྱ་ལྔ་གཡར་ནས། དབུལ་ཕོངས་ཁྱིམ་ཚང་ལ་ཐོན་སྐྱེད་གོང་འཕེལ་དང་ཡོང་འབབ་འཕར་སྣོན་བྱེད་རོགས་བྱས། སན་ལན་སྡེ་བའི་ལས་གཞི་སྤེལ་མཁན་ཁྱིམ་ཚང་ཉིས་བརྒྱ་བཅུ་བདུན་གྱིས་རང་སོ་སོའི་རྒྱུད་བཟང་བཞོན་མ་དག་ཁེ་ལས་ལ་བོགས་མར་བཏང་། གཅིག་བསྡུས་ཀྱིས་བོགས་མར་བཏང་ནས་གསོ་སྤེལ་བྱེད་པ་དང་། བོགས་མར་གཏོང་ཡུན་ལོ་དྲུག་རེད། བོགས་མར་བཏང་བའི་དུས་ཡུན་ནང་འོ་མ་དང་བེའུ་ཁེ་ལས་ཀྱི་ཐོབ་བྱ་ཡིན་པ་དང་། གཟན་རྩྭ་དང་གཟན་ཆས། རིམས་འགོག རྒྱུད་འདེམས་པ་སོགས་ཐད་ཀྱི་འགྲོ་སོང་ཚང་མ་ཁེ་ལས་ཀྱིས་དང་དུ་ལེན་པ། ཁེ་ལས་ཀྱིས་ལོ་རེར་བཞོན་མ་རེ་རེ་ལ་བོགས་མར་བླངས་པའི་གྲོན་དངུལ་སྒོར་མོ་སྟོང་གཅིག་དང་སུམ་བརྒྱ་རེ་སྟེར་རྒྱུ་བྱས། བོགས་མར་གཏོང་ཡུན་ལོངས་རྗེས། ཁེ་ལས་ཀྱིས་ཞིང་བ་ཁྱིམ་ཚང་ལ་དང་ཐོག་བོགས་མར་གཏོང་བའི་ལོ་ཚོད་ཀྱི་རྒྱུད་གཅིག་འདྲ་ཡིན་པའི་བཞོན་མ་གཅིག་སྟེར་རྒྱུ་བྱས།
ལོ་ཙཱ་བ། གཟུངས་སྐྱིད།

གསར་འགྱུར།

Post navigation

Previous Post: “མི་གྲངས་ཉུང་བའི་རྫོང་གི་དབུལ་སྐྱོར་ལས་དོན་ཆེན་མོ།”ཟེར་བ་འདི་ཅི་རེད།
Next Post: བགྲོ་གླེང་གསལ་བསྒྲགས།

Comments (2) on “"མི་གྲངས་ཉུང་བའི་རྫོང་གི་དབུལ་སྐྱོར་ལས་དོན་ཆེན་མོ།"ཟེར་བ་འདི་ཅི་རེད།”

  1. ཇ་མ་ says:
    2010-11-09 at 9:58 am

    བླུན་པོ། རྒྱ་ནག་གི་དམིགས་ཡུལ་གསལ་བོ་མེད་པའི་སྲིད་ཅུས་ཁྱབ་བསྒྲགས་བྱེད་མི་དགོས། དེ་བས་མཚོ་བྱང་ས་ཆའི་བོད་སྐད་དང་བོད་ཡིག བོད་ཆས་རྩ་མེད་འགྲོ་བཞིན་པའི་གནས་ཚུལ་སྡུག་ཤོས་དེ་མི་བཤད་པ་གང་ཡིན་ནམ། སྐྲག་ཤོར། སྡར་མ།

  2. བོད་ཀྱི་མྱིག says:
    2010-11-10 at 12:55 pm

    རེབ་གོང་གི་ས་ཁུལ་ཁག་ཅིག་ནའང་མཉམ་ལས་ཁང་འཛུགས་ཀྱིན་འདུག་ཟེར། འདིའི་དམིགས་ཡུལ་ཅི་ཡིན་གསལ་པོ་ཞིག་མ་ཤེས་ན་ཡང་འུ་ཚོའི་ཁྱིམ་གཞིས་འདི་བརླག་བྱེད་ཅིག་ཡིན་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme