Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཛོད་དགེ་འབྲིང་བ་ཡུལ་ཚོར་འབྱུང་བཞིན་པའི་གནས་ཚུལ།

Posted on 2015-08-202015-08-20 By ཁ་བརྡ No Comments on མཛོད་དགེ་འབྲིང་བ་ཡུལ་ཚོར་འབྱུང་བཞིན་པའི་གནས་ཚུལ།

གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།

dingwa 07ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༩ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལ། འདི་ཟླའི་ཚེས་༡༠ ཉིན་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་གནས་རི་བྲག་རྫོང་དུ་རྒྱ་གཞུང་གི་གཏེར་འདོན་ཚན་པ་ཞིག་གིས་བཙན་ཤེད་ཀྱིས་གཏེར་ཁ་སྔོག་རྩིས་བྱེད་བཞིན་ཡོད་ཅིང་། ས་གནས་མང་ཚོགས་ཀྱིས་གནས་རི་བྲག་རྫོང་བསྔོག་ན་ཡུལ་ལ་བཀྲ་མི་ཤིས་ཤིང་། ཁོར་ཡུག་ལ་གནོད་པ་ཆེ་ཚུལ་སོགས་བསྙད་ནས་མི་འགྲིག་ཚུལ་ནན་བརྗོད་བྱས་ཏེ། གནས་རི་བྲག་རྫོང་ལ་འགྲོ་སའི་ལམ་ཁར་མི་མང་འདུ་འཛོམས་ཀྱིས་ནུས་པ་གང་ཡོད་སྒོས་གཏེར་རྐོ་པ་དག་བཀག་འགོག་བྱས་ཀྱང་། གཏེར་བརྐོ་རུ་མ་བཅུག་ན་སྲིད་གཞུང་ནས་དམག་མི་གཏོང་རྒྱུ་ཡིན་ཚུལ་སོགས་མི་མང་ལ་འཇིགས་སྐུལ་སྣ་ཚོགས་དང་བཙན་ཤེད་ཀྱི་སྒོ་ནས་མང་ཚོགས་ཀྱི་རེ་བ་རྩིས་མེད་རྡོག་རོལ་བཏང་མཐར། གཏེར་འདོན་ཚན་པས་གནས་རི་བྲག་རྫོང་འདབ་ཏུ་གཏེར་ཁ་སྔོག་བྱེད་ཀྱི་འཕྲུལ་ཆས་མང་པོ་འོར་འདྲེན་བྱས་ཏེ་གྲ་སྒྲིག་ཨང་གསར་བྱས་ནས་ལས་ཀའི་འགོ་འཛུགས་ཆོག་ཆོག་བྱས་ཡོད་འདུག

dingwa 01གནས་རི་འདི་ནི་ས་གནས་འབྲིང་བ་ཤོག་ཀ་སྤྱིའི་ཡུལ་ལྷ་སྐྱེས་ལྷར་མཆོད་ཅིང་བཀུར་བཞིན་པའི་ཨ་མྱེ་བྲག་རྫོང་གི་གནས་རི་ཡིན་ཞིང་རི་ངོས་སུ་གནས་མཇལ་ཞུ་ཡལ་གྱི་བྲག་ཕུག་གཉིས་ཡོད་པར་ཡང་གནས་མཇལ་པ་རྒྱུན་དུ་ཡོད་འདུག་པས། དེར་ས་རྐོ་རྡོ་སློག་བྱས་ན་ཡུལ་ལ་ཡམས་ནད་དང་ཐན་པ་འབྱུང་ཞིང་བཀྲ་མི་ཤིས་པའི་བཤད་སྲོལ་ཡོད་ལ། གནའ་ནས་ད་བར་སྲུང་སྐྱོབ་འབའ་ཞིག་བྱས་པ་མ་གཏོགས་གནས་དེར་ཡུལ་མི་རང་ངོས་ནས་ས་རྐོ་རྡོ་སློག་བྱས་མྱོང་མེད་ཀྱང་། དེང་སྐབས་རྒྱ་གཞུང་གིས་ལག་པ་གསུམ་པ་ཞིག་གནས་རི་བྲག་རྫོང་ལ་རྐྱོང་བཞིན་ཡོད་པས་ས་གནས་ཡུལ་མི་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

dingwa 08གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། གནས་རི་བྲག་རྫོང་ལ་ཡོད་པའི་གཏེར་རྫས་ནི་རྒྱ་སྐད་དུ་ཡུ་ཞེས་པ་དེ་ཡིན་འདུག་ཅིང་། ཞིབ་ཕྲ་ཟུར་སྦྱར་གྱི་པར་སྟེང་དུ་གསལ་བ་ལྟར་རོ། ད་བར་གཏེར་འདོན་ཚན་པ་དེའི་མིང་དང་ལས་ཁུངས་གང་ཞིག་ཏུ་གཏོགས་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་ཡང་རིམ་པས་རྩད་གཅོད་བྱུང་མཚམས་གནས་ཚུལ་འཕྲལ་གཏོང་ཞུ་རྒྱུ་དང་།
གཞན་ཡང་དེ་སྔ་ཕྱི་ལོ་༡༩༦༠ རེ་གྲངས་ཤིག་ནས་ཕྱི་ལོ་༡༩༩༥ བར་དུ་ལོ་༣༠ ལྷག་གི་རིང་རྐྱང་ཚ་དང་ཐེ་བོའི་ཁོག་ལ་རྟེན་གཞི་བྱས་པའི་གཏེར་འདོན་ལས་ཁུངས་ཚབ་མིང་ལ་ ༧༩༢ ཟེར་བ་དེ་དང་མཉམ་དུ། ཚབ་མིང་༤༠༥ དང་༤༠༧ ཟེར་བའི་གཏེར་འདོན་ཚན་པ་གཉིས་ཀྱིས་འབྲིང་བའི་ཁོག་ལའང་ལོ་ ༣༠ ལྷག་རིང་གཏེར་ཁ་སྔོག་འདོན་བྱས་ཏེ་འཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པར་མ་ཟད། ས་གནས་ཀྱི་སེམས་ཅན་མང་པོ་ཤི་གོད་བྱུང་བ་སོགས་མང་ཚོགས་ལ་དཀའ་ངལ་མང་པོ་བྱུང་མྱོང་ཡོད་འདུག་པ་བཅས།

dingwa 02dingwa 03

dingwa 04

dingwa 05

dingwa 06

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༨ ཚེས་༢༠ ལ།

གསར་འགྱུར།

Post navigation

Previous Post: ལོ་རྒྱུས་ཀྱི་གོ་དོན།
Next Post: སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྔ་རོལ་གྱི་ཀ་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme