Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཛད་བརྒྱ་མཐོང་བ་དོན་ལྡན་ལས་འཕྲོས་པའི་གཏམ།

Posted on 2015-08-052015-08-06 By ཁ་བརྡ་ 26 Comments on མཛད་བརྒྱ་མཐོང་བ་དོན་ལྡན་ལས་འཕྲོས་པའི་གཏམ།

unnamed——-གངས་དཀར་རྒྱལ་སྲས།

 
ཉེ་སྔོན་གྱ་སྟོན་ཐང་གའི་དེབ་ཅིག་དེབ་དེའི་རྩོམ་སྒྲིག་པ་དག་ལ་སྤྲད་ཡོད་པ་གོ་ཐོས་བྱུང་ནས་བརྩད་གཅོད་བྱས་མཐར་དེ་ནི་ཚངས་དབྱངས་ཀྱི་ལག་ན་ཡོད་པ་ཧ་གོ་ནས་དགའ་སྤྲོ་དང་བཅས་ལེན་ཐབས་ལ་འབད་ཀྱང་དེབ་དེ་ལག་ལ་མ་རེག་མོད་གྲོགས་པོ་ཞིག་ལ་གཅིག་གཡར་རྒྱུ་བྱུང་བས་རོབ་ཙམ་བལྟས་པ་ཡིན།

ཡིན་ནའང་། དེབ་དེ་ལག་ལ་འབྱོར་དུས་དགའ་སྤྲོ་སྐྱེ་བ་ཕར་ཞོག་ཁོང་ཁྲོ་ལངས་དགོས་པ་ཞིག་བྱུང་སོང་བས་དེའི་བརྒྱུད་རིམ་རགས་ཙམ་མི་གླེང་ཐབས་མེད་བྱུང་སོང། རྒྱུ་མཚན་ནི། དེ་ནི་ངའི་ཨ་མར་ཕུལ་བའི་ལེགས་སྐྱེས་ཡག་ཤོས་དེ་ཡིན་པར་ང་རང་གིས་ངོས་འཛིན་བྱས་ཡོད་ལ། ཨ་མས་ཀྱང་དེ་ལ་བལྟ་འདོད་ཀྱི་འདུན་པས་བསྒུག་བསྡད་ཡོད་པས་ཡིན།

ཐང་གའི་དེབ་དེའི་རྨང་གཞི་ནི། ཨ་རིག་འགྱུར་མེད་དང་མེ་ལྗང་། ཨ་ལགས་བཟང་པོ་དང་ངེད་བཞི་ཡིས་བཏུས་བསྒྲིགས་བྱས་པ་ཞིག་ཡིན་པ་ནི་དངོས་ཡོད་གནས་ཚུལ་ཡིན། ཨ་ལགས་བཟང་པོ་འཚམས་ཤིག་ནས་བུད་སོང་བས་ཤུལ་དུ་ངེད་གསུམ་གྱིས་མུ་མཐུད་དུ་ལས་མཇུག་བསྐྱངས་ནས་བཟང་ན་ངན་ན་ཚར་ཐབས་བྱས་པ་ཡིན། བྱ་གཞུང་ཚེ་རིང་ཉི་མ་ཟེར་བ་ཞིག་ཀྱང་ཡོང་ནས་ལས་ཀ་བྱས་ཡོད་འདུག གོ་ཐོས་ལ་འགྱུར་མེད་དང་ཉི་མ་ཚེ་རིང་གཉིས་ནས་ང་ཚོས་བཏུས་བསྒྲིགས་བྱས་པའི་ཐང་གའི་འགྲེལ་བཤད་ཅུང་ཇེ་རྒྱས་ཇེ་རིང་ལ་བཏང་བ་རེད་ཟེར། དེ་དག་ནི་ངའི་སྐབས་ཐོག་གི་བཤད་བྱའི་དོན་དག་མིན་ལ་དེ་དག་ལ་ངས་རྩད་གཅོད་བྱེད་དགོས་དོན་ཡང་མེད།

ང་བོད་དུ་སོང་ནས་ཡུལ་མི་གཉེན་ཉེ་ཚོ་དང་ངོ་ཤེས་གྲོགས་པོ་ཚོས་སྣེ་ལེན་གཟབ་རྒྱས་སྣ་མང་བྱས་ཏེ། ཁ་བརྡའང་སྣ་ཚོགས་བྱས་ཤིང། གཉེན་ཉེ་སྤུན་མཆེད་ཚོས་དྲན་རབས་དང་སྒུག་རབས་བཤད་སོང། སློབ་གྲོགས་ཚོ་དང་རྩོམ་རིག་ལ་དགའ་མཁན་དེ་ཚོས་ཁྱོད་ཀྱིས་བྲིས་པའི་“ང་དང་སྤྱི་ཚོགས་ཀྱི་སྟོང་ཆ”ཞེས་པ་སོགས་རྩོམ་ཡིག་དེ་དག་ཡག་རབས་ཁྱོད་ཀྱིས་བྲིས་པའི་བརྩེ་དུང་གི་སྒྲུང་མང་ཆེ་བ་བཀླགས་མྱོང་། ངོ་མ་དངོས་ཡོད་དང་མཐུན་རབས་སོགས་ཇི་སྙེད་ཅིག་ལེགས་ཉེས་སྐྱིད་སྡུག་མང་བོ་གླེང་མྱོང་ཞིང་ཞོར་འཕྲོས་སུ། ༸་རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་མཛད་རྣམ་ཐང་ཁ་ཞིག་རྩོམ་སྒྲིག་བྱས་སོང་། ངའང་རྩོམ་སྒྲིག་བྱེད་མཁན་དེའི་གྲས་སུ་ཡོད་ཅེས་བཤད་དུས་ཨ་མ་ཧ་ཅང་དགའ་ནས། དེ་ངོ་མ་ཡག་པོ་འདུག དེ་ལྟར་བྱས་ཡོད་ན། ས་གར་སོང་ཟེར་ན་བཤད་རྒྱུ་ཞིག་དང་ལས་ཅི་བྱས་ཟེར་ན་སྟོན་རྒྱུ་ཞིག་ཡོད་སོང་བ་ཡིན་པས་ཁྱོད་ངོ་མ་ངར་གི ཁྱོས་ངོ་མ་ཡིན་ནཱ་ཞེས་ཡང་བསྐྱར་ང་ལ་ནན་འདྲི་ཞིག་བྱས་སོང་བས་ངས་ཀྱང་ཨ་མ་དགའ་གི་ཡོད་པ་ཤེས་ནས་ངོ་མ་ལོས་ཡིན། རྗེས་མ་དེབ་དཔར་ཚར་རྗེས་ངས་ཁྱེད་ལ་གཅིག་འཕྲོད་ཐབས་བྱེད་དགོས། དེ་དུས་ལྟོས་ར་རྩོམ་སྒྲིག་པའི་ཁོངས་སུ་ངའི་མིང་ཡོད་ནི་རེད་ཅེས་སྤོབས་ཉམས་དང་བཅས་བཤད་མྱོང་ལ། དེ་ནི་ང་རང་གིས་ཨ་མར་ཕུལ་བའི་ལེགས་སྐྱེས་ཡག་ཤོས་སུའང་བརྩི་བཞིན་ཡོད།

ཉེ་སྔོན་དེབ་དཔར་ནས་ལག་ལ་འབྱོར་དུས་དེབ་ཀྱི་སྒང་ན་ང་ཚོ་སྟེ་རྩོམ་སྒྲིག་པ་ཚོའི་མིང་མེད་པ་མ་ཟད་རྩོམ་སྒྲིག་པའི་གཏམ་ལའང་ཚངས་དབྱངས་ཀྱི་མིང་བརྒྱབ་འདུག་པས། མདོ་སྨད་ཚང་གི་མི་ཟད་ལྷམ་ལ་ཐུག་འདུག་པའི་སྣང་བ་ཞིག་ཀྱང་འཁོར། དེ་ནས་གང་མགྱོགས་རྩོམ་སྒྲིག་པའི་གཏམ་ཚར་གཅིག་བཀླགས་དུས། དེའི་ནང་ནའང་རིག་མྱོང་མྱོང་འདྲ་བའི་ཚན་པ་ཞིག་འདུག ཞིབ་འདང་ཅིག་བརྒྱབ་དུས་སྐབས་དེར་ཨ་རིག་འགྱུར་མེད་ཀྱིས་རྩོམ་ཡིག་དེ་གློག་ཀླད་ངོས་ནས་ཁ་པར་གྱིས་པར་བླངས་ནས་ང་ལ་བསྐུར་མྱོང་བ་ཡིད་ལ་འཁོར་བས་ང་དེ་བས་ཀྱང་ཡ་མཚན་སྐྱེས་ཤིང་། བསམ་བློ་བཏང་གིན་བཏང་གིན་དེབ་དེ་རྫུན་མ་ཞིག་ཡིན་པའི་སྣང་བའང་ངང་གིས་འཁོར་བྱུང།

སྤྱིར་ཡིན་ན་རྩོམ་སྒྲིག་པའི་གཏམ་ལ་ཨ་རིག་འགྱུར་མེད་དང་ཚངས་དབྱངས་གཉིས་ཀྱི་མིང་འགོད་དགོས་མོད་དེའང་མི་འདུག སྐབས་དེར་ཨ་རིག་འགྱུར་མེད་ཀྱིས་ང་ལས་ཁུངས་དེར་སྐད་གཏོང་སྐབས་ཁོ་རང་ཚངས་དབྱངས་ཀྱིས་ལག་བསྟར་རྩོམ་སྒྲིག་པ་རུ་སྐད་བཏང་སོང་བས་ལས་ཀ་བྱེད་མཁན་གཅིག་ང་ཡིན་ཞེས་ཁོས་ང་ལ་ཁ་པར་ལས་བཤད་པ་དེའང་ཡིད་ལ་ཝ་ལེར་ཤར་བྱུང་། འོན་ཀྱང་དེབ་ཀྱི་ཐོག་ཏུ་ལག་བསྟར་རྩོམ་སྒྲིག་པ་ཚངས་དབྱངས་རྒྱ་མཚོ་ཞེས་བྲིས་འདུག འདིའི་རྒྱུ་རྐྱེན་འགྱུར་མེད་ལ་བཤད་རྒྱུ་ཡོད་ཁོ་ཐག་ཡིན་རྒྱུ་རེད།འདི་སྤྱིར་བཏང་ནག་ཉེས་ཐེར་འདོན་ཙམ་ལས་ང་ལ་འབྲེལ་བ་མེད།

གནས་ཚུལ་རྒྱུས་ལོན་ཅུང་ཙམ་བྱས་དུས་ཁོ་ཚོ་སྟེ་༸སྐུའི་གྱ་སྟོན་བཀོད་སྒྲིག་པ་ཚོས་ཚོགས་འདུའི་ཐོག་ནས་རྩོམ་སྒྲིག་པ་ཚོའི་མིང་བཀོད་དགོས་མིན་གྱི་སྐད་ཆ་རེ་བྱུང་ཡོད་ཚོད། ཡིན་ནའང་མཐའ་མ་དེ་ལ་ཁོ་ཚོ་ལ་སྒོར་མོ་བྱིན་ཡོད་པས་མིང་མི་བཀོད་པའི་སྐད་ཆ་དེ་བྱུང་བ་འདྲ། འདིའང་ཡ་མཚན་ཞིག་ཡིན་ཏེ། ང་ཚོས་ལས་ཀ་བྱེད་སྐབས་ཉིན་གླའི་སྒོར་མོ་ཞིག་བྱིན་པ་བདེན་མོད་དེ་ནི་ལས་ཀ་བྱས་པའི་གླ་ཡིན་པ་ལས་རྩོམ་སྒྲིག་པའི་མིང་ཉོ་བའི་རིན་ཡིན་ཞེས་སུས་ཀྱང་བཤད་མ་མྱོང་།

དེས་ན་ང་ཚོ་ལ་སྒོར་མོ་བྱིན་པ་དེ་ང་ཚོའི་མིང་འགོད་དང་མི་འགོད་ལ་འབྲེལ་བ་ཞིག་གང་ན་འདུག བརྒྱ་བཤད་ཚིག་གི་རྩ་བ་མདོར་དྲིལ་ན་ངས་ན་ཟུག་ཅི་ཞིག་མ་ཐེགས་པར་ཡོད་པ་རེད་ཟེར་ན། ངས་ཨ་མར་འབུལ་རྒྱུའི་མིང་ཡིག་དེ་ཁོ་ཚོས་དབང་ཡོད་བྱས་ནས་མེད་པར་བཟོས་འདུག་པས་ཨ་མ་དྲིན་མོ་ཆེ་ཡིན་ནའང་ངོ་གནོངས་དགོས་པ་ཆགས་ཤིང། ཨ་མའི་ཐུགས་ལའང་ངས་སྐྱག་རྫུན་བཤད་གི་བསམ་སྲིད་ལ་ལབ་རྒྱག་གིའང་བསམ་སྲིད་པས་ཡིན།

ཡང་གཅིག་བཤད་ན། ང་ཚོའི་ལས་ཀ་བྱེད་མཁན་ཚོའི་མིང་ཞིག་བྲིས་བཞག་ན་ཁྱེད་ཚོ་ལ་དཀའ་ངལ་ག་རེ་འདུག མིང་འབྲི་སའི་ས་མིག་མ་རག་པའམ་འབྲི་དཀའ་བ་ཨེ་ཡིན་ན་ཟེར་ན། དེབ་དེའི་མཇུག་གི་ཤོག་ལྷེའི་ནང་ངོས་སུ་དམིགས་བསལ་ལམ་སྟོན་ཞུ་ཡུལ་ཞེས་པར་མི་ཉེར་གཉིས་ཀྱི་མིང་བྲིས་འདུག་པས་མིང་ཐོབ་དང་རིགས་རུས་སོགས་ལ་དབང་བཙན་པའི་གྲལ་རིམ་དབྱེ་བ་མིན་ན་ང་ཚོའི་དོན་དག་འདིའི་གནད་དོན་ངོ་མ་རྙེད་མ་སོང། སྐབས་དེར་ཁྱེད་ཚོ་ལས་གཞི་དངོས་དང་འབྲེལ་བའི་ལས་ཀ་བྱེད་མཁན་ཡིན་པས་ལུགས་མཐུན་གྱི་ལས་ཀ་ཞིག་བྱས་པ་ཡིན་ན་ཁྱེད་ཚོའི་གང་ཞིག་ནས་མི་བཟོད་གི ཁྱེད་ཚོས་དབང་ཆ་སྒེར་སྡོམ་བྱེད་དགོས་ས་མི་དགོས་ས་གང་ལའང་དེ་འདྲའི་བཤུ་གཞོག་ལྟ་བུ་རེ་བྱེད་དགོས་པ་འདི་ངན་གོམས་རྒྱུན་འབྱམས་ལ་དབང་བཙན་པ་ཨེ་རེད།

དེབ་ཀྱི་སྟེང་ལ་རྩོམ་སྒྲིག་འགན་འཛིན་གྱི་མིང་བླངས་ཡོད་པའི་སྤྱི་འཐུས་ལས་ཐོག་པ་བསོད་ནམས་རྒྱལ་མཚན་དང་རྩོམ་སྒྲིག་པའི་གཏམ་གྱི་མིང་སྒེར་བདག་བྱེད་མཁན་ཚངས་དབྱངས་རྒྱ་མཚོ་གཉིས་ཀྱིས་རྩོམ་སྒྲིག་གི་བརྒྱུད་རིམ་གསལ་བོར་ཤེས་བཞིན་དུ་དབང་ཡོད་འདི་འདྲ་བྱས་ན་འབུ་ཡིན་རུང་རང་ཚོད་ཀྱིས་འཕགས་ཚགས་རེ་རྒྱག་ངེས་པ་ནི་ཆོས་ཉིད་ཅིག་རེད།

སྤྱིར་བཏང་ངས་ཨ་མ་ལ་གཏམ་དེ་འདྲ་ཞིག་བཤད་མེད་ན་དེབ་འདིའི་མགོ་མཇུག་བར་གསུམ་ལ་ང་ཁོ་ནའི་མིང་བཀོད་རྒྱུ་ཟེར་ནའང་ང་དགའ་རྒྱུ་རྩ་བ་ནས་མེད། ང་ལ་མཚོན་ན་དེ་ལ་བེད་སྤྱོད་མེད། དེ་ནི་བཟང་ཕྱོགས་ཤིག་ཡིན་མིན་བཤད་དཀའ་ཡང་གང་ལྟར་ང་མཐོ་སར་འཚང་ཁ་རྒྱག་རྒྱུར་མི་དགའ་ལ་མིང་ཐོབ་དང་བཏགས་མིང་ལ་དེ་ཙམ་དོ་སྣང་མེད་མཁན་ཞིག་ཡིན།

འོ་ན་ཅིའི་ཕྱིར་འདི་ལྟར་སྐད་རྒྱག་གི་ཡོད་པ་རེད་ཟེར་ན། དང་པོ། འདི་ནི་གཞན་དང་མི་འདྲ་བར་ཨ་མའི་སེམས་ཁམས་དང་འབྲེལ་བའི་སྐད་ཆ་ཞིག་ཤོར་ཚར་བས་ཡིན། ཨ་མའི་ཐུགས་དགྱེས་བྱེད་ཀྱི་ལས་དེ་མེད་པར་བཟོས་པས་ཡིན།ཁོང་ཚོའི་ངོས་ནས་ངའི་ཨ་མ་སྤྱིར་བཏང་བ་ཞིག་ཡིན་མོད་ང་ལ་ནི་འཇིག་རྟེན་འདིར་ཆེས་འདང་ཆེ་ཤོས་ཡིན། མི་སུ་ཡིན་རུང་འདང་ཆེ་ཤོས་དེ་ལ་མ་སྐྱིད་པའམ་བློ་ཕམ་གྱི་རིགས་བྱུང་ན་དེ་བཟོད་དཀའ་ནི་རེད། གཉིས་པ། ཁོ་ཚོས་ང་ཚོ་མི་རུ་མི་བརྩི་ན་ང་ཚོས་ཁོ་ཚོ་ལྷ་རུ་བཀུར་དགོས་དོན་གཏན་ནས་མེད། མོ་མདོ་མེད་ལག་ལ་ངོ་ལྟ་ཤོར་ན་མི་མཛའ་ཟེར་བ་ལས་ཕོ་འཇོན་མེད་ལག་ལ་གོ་སྐབས་ཤོར་ན་མི་མཛའ་ཟེར་ན་ཧ་ཅང་འཕྲོད།

ངོ་སྤྲོད།

Post navigation

Previous Post: ༄༅། །དྲན་ཐོ་རྡོ་རིང་མ་བཀླགས་པའི་མྱོང་ཚོར་ཐར་ཐོར་མ།
Next Post: བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།

Comments (26) on “མཛད་བརྒྱ་མཐོང་བ་དོན་ལྡན་ལས་འཕྲོས་པའི་གཏམ།”

  1. སྲིན་པོ་རྫ་རྒན་ says:
    2015-08-05 at 6:23 pm

    འཛམ་གླིང་ན་རྩོམ་པ་པོ་དང་རྩོམ་སྒྲིག་པར་ངོས་འཛིན་དང་ཁེ་དབང་སྣ་ཚོགས་ཡོད་ནའང་། སུས་དཀའ་ལས་བརྒྱབ་ན་དེའི་མིང་དེབ་ཀྱི་ནང་དུ་འགོད་པ་ལ་ཚང་མས་གཅིག་གྱུར་གྱིས་གཙིགས་ཆེན་བྱེད། མདོ་སྨད་ཀྱི་གནད་ཡོད་མི་སྣ་ཡིན་ཟེར་མཁན་ཚོས་སོ་སོའི་མང་ཚོགས་དང་། དེ་ལས་ཀྱང་ཤེས་ཡོན་པ་རྣམས་ལ་རྩེད་མོ་རྩེ་སྟངས་འདི་ཡ་མཚན་པོ་རེད། གངས་དཀར་རྒྱལ་སྲས་ཀྱིས་ཐེར་འདོན་གནང་བར་རྗེས་སུ་ཡི་རང་ཡོད། རྗེས་མ་ནས་འདི་ལྟ་བུ་མི་ཡོང་བར་ཕན་གྱི་རེད།

  2. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2015-08-05 at 9:48 pm

    དངོས་གནས་དེ་འདྲ་ཡིན་ན། གངས་དཀར་རྒྱལ་སྲས་བློ་ཕམ་ཡོད་ངེས་མ་ཟད། ནུས་མེད་སྨྱུག་ཐོག་ཀུན་བློ་ཕམ་ཚད་མེད་ཡོང་བར་གོར་མ་ཆགས། འདི་ནི་མིའི་རིགས་ལ་གྲལ་རིམ་དབྱེ་འབྱེད་དང་། མི་གྲལ་ནས་དབྱུང་སྟངས་ཤིག་རེད་ལ། སྒེར་གཅོད་པའི་གདོང་རིས་ངོ་མ་དེ་འདྲ་ཡིན་པས་རེད། ངོ་མ་ཐབས་སྐྱོ་བ་ལ། ཁྱེད་གདུང་སེམས་མཉམ་སྐྱེད་ཞུ་བ་ཙམ་བྱེད།

  3. ཀརྨ་བློ་གསལ་ says:
    2015-08-05 at 9:52 pm

    མདོ་སྨད་གྱ་སྟོན་ཚོགས་པ་ཟེར་བས་གླེང་རྙོག་འདི་འདྲ་ཞིག་བཟོས་པ་ནི་མ་རབ་ཐ་ཤལ་གྱི་བྱ་སྤྱོད་ངོ་མ་ཞིག་རེད། དངོས་དོན་འདི་ལྟར་མང་ཚོགས་ཁྲོད་བསྒྲགས་པ་ཤིན་ཏུ་ལེགས། མང་ཚོགས་ཀྱིས་འདེམས་ཤོག་གིས་མི་ཧམ་པ་ཅན་འདི་དག་མེད་པར་གཏོང་ཆོག་གི་རེད། ཐུགས་ཕམ་ཁྱོན་ནས་མ་གནང་། ཨ་མ་ལའང་སྐད་ཆ་དྲང་མོར་ཤོད།

  4. རང་བྱུང་རིག་པའི་རྡོ་རྗེ says:
    2015-08-05 at 10:33 pm

    གངས་དཀར་རྒྱལ་སྲས་ལགས། ཁྱོད་ཀྱིས་ཕྱག་ལས་གནང་བར་གསོལ་ཕོགས་གྱ་ནོམས་པ་ཞིག་སྤྲད་ཡོད་ན་ཁྱོད་ཚོའི་མིང་འཇོག་དང་མི་འཇོག་སྒྲིག་འཛུགས་དེའི་དབང་ཆ་རེད། སོ་སོའི་མིང་འཇོག་པར་དོ་སྣང་ཡོད་ན་སླད་ཕྱིན་ཚང་མ་རང་གི་མིང་ཐོག་ནས་འགོད་དགོས་པ་རེད། རྩོམ་པ་པོ་ཞིག་ལ་ཆ་བཞག་ན་མང་ཆེ་བ་དྲུང་ཡིག་གིས་ཕྱག་ལས་གནང་བ་རེད། འོན་ཀྱང་དྲུང་ཡིག་གི་མིང་འཇོག་དང་མི་འཇོག་རྩོམ་པ་པོས་དབང་ཚད་རེད་སྙམ། །

  5. བློ་བཟང་། says:
    2015-08-05 at 11:59 pm

    ངས་གོ་བའི་སྐད་ཆ་ཞིག་ལ་<>ཞེས་པའི་སྐུའི་གྱ་སྟོན་སྐོར་གི་ཐང་ཀ་དེར་མགན་འཁུར་མཁན་ཚངས་དབྱངས་རྒྱ་མཚོ་ཟེར་བ་ཞིག་ཡིན་འདུག་པ་དང་། ཐང་ཀ་དེ་བརྒྱ་ཆ་ ༩༠ ལེགས་འགྲུབ་བྱུང་ནས་ཡོང་སྐབས། ཚངས་དབྱངས་རྒྱ་མཚོ་ཟེར་བ་དེས་སྐུའི་མཛད་ཐང་ནང་ཇོ་ནང་སྐོར་ཉ་ཉོག་མང་པོ་ཞིག་འཁོད་ཡོད་སྟབས། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ཐུགས་ཧ་ཅང་ཕམ་ཏེ་བཀའ་བཀྱོན་མང་པོ་བཏང་མཐར་མཛད་ཐང་བསྐྱར་འབྲི་བྱས་པ་རེད་ཟེར་བ་ཞིག་གོ་སོང་། འདི་བདེན་པ་ཡིན་དང་མིན་མདོ་སྨད་མི་མང་ལ་ངེས་པར་དུ་གསལ་བཤད་ཅིག་དགོས་ངེས་རེད།

  6. རོང་པོ་འཇོ་ན་ནས says:
    2015-08-06 at 1:13 am

    ཁྱེད་དེ་རིང་རང་རྨོང་གཉིད་ལས་སད་པ་རེད་དེ་ཡག་པོ་རེད། གཞིས་གཞུག་བོད་ཆོལ་གསུམ་ནས་ཆེས་རླབས་ཆེ་བའི་མི་སྣ་དག་མདོ་སྨད་རེད། བཙན་བྱོལ་ནས་ཆེས་ཐལ་ཤ་ལས་བྱས་མཁན་མང་ཤོས་མདོ་སྨད་སྤྱིད་སྡུག་མིང་འཁུར་བ་རེད། དེར་བདེན་མིན་ཞིབ་འཇུག་གནང་དང་གསལ་ཡོང་གི་རེད། དོག་གནས་མ་སེལ་ན་ཁ་གསལ་དང་ར་སྤྲོད་ཞུ་ཆོག།

  7. གངས་ཕྲུག། says:
    2015-08-06 at 2:01 am

    བཙན་བྱོལ་མདོ་སྨད་ཚང་ལ་མི་རྩ་མ་ཚང་བའི་སྨྱུག་ཐོག་པ་དང་རྩོམ་པ་པོ། ཟ་ལེ་རྒྱལ་སོགས་མང་ནི་རེད། ད་དུང་ཆོས་གཟུགས་ཀྱིས་ལོག་འཚོལ་སྤྱོད་མཁན་ཡང་ཇི་རྙེད་ཡོད་འདུག།

  8. རྣམ་བཟང་། says:
    2015-08-06 at 4:04 am

    ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་གྱི་མཛད་ཐང་སྟེང་དུ། ཚངས་དབྱངས་རྒྱ་མཚོ་ཟེར་བ་དེའི་ཇོ་ནང་ཆོས་རྒྱུད་སྐོར་འདྲ་མིན་སྣ་ཚོགས་ཤིག་འཁོད་པར་བརྟེན་ཏེ། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་སྐྱོན་བཏང་སྟེ་བསྐྱར་འབྲི་བྱེད་དུ་བཅུག་པ་རེད་ཟེར་བ་དེ་ངས་ཀྱང་གོ་སོང་། ད་དུང་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བསྡུས་པའི་གསེར་མདོག་གི་བཞུད་ལམ་ཞེས་པའི་རིག་གཞུང་འཁྲབ་སྟོན་དགོང་ཚོགས་དེ་ཡང་ཚངས་དབྱངས་རྒྱ་མཚོ་ཟེར་བ་དེས་འགན་འཁུར་ཏེ། ལྐོག་ཟ་རུལ་སུངས་བྱས་པ་རེད་ཟེར་ན་ཁུངས་སྐྱེལ་བདེན་དཔང་མེད་ནའང་ཧིན་སྒོར་འབུམ་མང་པོ་ཞིག་གི་འགྲོ་སོང་ཕྱིན་ཡོད་སྐོར་བཤད་ཡོད་ཀྱང་། རྗེས་སུ་གྲ་སྒྲིག་དང་འཆར་འགོད་སོགས་གང་ཐད་ནས་སྤུས་ཚད་ཧ་ཅང་སྐྱོ་བོ་ཆགས་ཏེ་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནང་རྙོག་གླེང་བྱུང་ཡོད་པ་མ་ཟད། དགོང་ཚོགས་དངོས་གཞིའི་སྐབས་རྩེད་མོ་བ་སོགས་དང་ཚངས་དབྱངས་རྒྱ་མཚོའི་བར་དུའང་འཁྲུག་རྩོད་ཤོར་བ་རེད་ཟེར་བའི་ལབ་གླེང་ཞིག་ཡོང་གི་འདུག གང་ལྟར་བོད་ཕྱི་ནང་གཉིས་ཀྱི་དད་ལྡན་མི་མང་ཚོར་རྒྱལ་བ་ཡིད་བཞིན་ནོར་བུ་དགུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་ཟེར་ནས་ཞལ་འདེབས་ཕོན་ཆེན་བསྡུས་པ་འདི་ལྟར་ནག་ཁུངས་སུ་ཕྱིན་པ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་རེད་དོ།།།

  9. ལོ་མ says:
    2015-08-06 at 12:42 pm

    ཞབས་མཆན་བཞི་བ་དེ་ལ་རྒྱབ་བསྐྱོར་ཡོད།

  10. ཚེ་བཀྲ། says:
    2015-08-06 at 12:43 pm

    གངས་དཀར་རྒྱལ་སྲས་ཀྱི་སེམས་པར་ནག་བསུབ་བཏང་སོང་། བློ་ཕམ་རེད།

  11. བཀྲ་ཁོ་འབུམ། says:
    2015-08-06 at 12:43 pm

    བློ་མཐུན་རྣམ་པ། ད་མ་བཤད། བཤད་ན། ཚང་དབྱང་བུ་གུ་་འདྲ་བོ་རེད་ཤག གཞན་བསོད་ནམས་རྒྱལ་མཚན་ཡོད། དེ་མིན་ད་དུང་་་་་་་འགའ་ཞིག་ཡོད། རང་རང་གིས་ཤེས་ན་ཧྲ། བཤད་དགོས་ན་ག་ལེ་བཤད་གི་ཡིན་ད།

  12. ཚེ་བཀྲ། says:
    2015-08-06 at 12:51 pm

    སྤྱིར་བཏང་མདོ་སྨད་ཀྱི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་འདི་ཀླན་ཀ་ཅན་ཞིག་རེད་འདུག གངས་སྲས་ཀྱི་གནས་ཚུལ་མཚོན་པའི་གཏམ་གླེང་རིང་ཐུང་སྣ་ཚོགས་ཤིག་རེད།
    གོ་ཐོས་སུ། ༧གོང་ས་མཆོག་ལ་ཕུལ་བའི་གཟེངས་བསྟོད་ཐོག་མདོ་སྨད་གྱ་སྟོན་ཚོགས་ཆུང་ཞེས་པའི་ཁྱབ་ཆུང་བའི་ཡི་གེ་བཀོད་ཅིང་། རྒྱལ་ལོ་དོན་གྲུབ་ཏུ་ཕུལ་བའི་གཟེངས་བསྟོད་ཐོག་གཞིས་བྱེས་མདོ་སྨད་མི་མང་གིས་ཕུལ་ཞེས་སོགས་གོ་ལྡོག་གི་ཡི་གེ་འཁོད་སྐོར་འདུག
    དེ་དག་ཅི་ཞིག་གིས་ལན་པ་རེད། རང་ལྟ་ཕྱོགས་འཛིན་དང་། མནའ་གནོན་གྱི་སེམས་ཁམས་དབང་གིས་བྱུང་བ་བསྙོན་མེད་རེད་དོ།

  13. བཀྲ་ཁོ་འབུམ། says:
    2015-08-06 at 1:03 pm

    རྗེས་མར་ཟབ་དགོས་ནི་རེད། མྱི་རྫུན་དེ་ཚོ་ལ་གོ་སྐབ་སྟེར་མི་འགོ་

  14. ཚ་ཕྲུག་རྒྱལ། says:
    2015-08-06 at 4:30 pm

    དེང་སྐབས་སྨྱུག་ཐོག་པ་འདི་ཚོར་སྨྱུག་རྩེ་ཙམ་ལས་དྲང་རྩེ་དེ་མེད་པས་ཁོང་ཚོའི་བྱ་བ་ཆུང་ཚག་རེའི་རྗེས་སུ་ལབ་རྒྱུ་གླེང་རྒྱུ་རྫོས་མཐའ་མེད་པ་ཞིག་རྒྱུན་དུ་ཡོང་བཞིན་པ་རེད། དེས་བོད་ཀྱི་སྨྱུག་ཐོག་ཤེས་ཡོན་པ་དག་གིས་ཁ་ཕྱི་ལྟོས་རྐྱང་པས་སྦྱངས་པ་བྱས་འབྲས་རེད། སློབ་སྦྱོང་གནང་སྐབས་བློ་ཁ་ནང་དུ་ཕྱོགས་ནས་མི་ཚེའི་བཟང་སྤྱོད་དུ་འབྱུང་ཐབ་ཞིག་ལ་འབོད་ནས་སློབ་གཉེར་དགོས་རྒྱུ་དེ་གལ་ཆེ་རེད། ཤེས་ཡོན་ཅན་ཞུ་ཡ་ནི། མིའི་སྤྱི་ཚོགས་སུ་རྣམ་དཔྱོད་ཀྱིས་བཟང་ཕྱོགས་ཀྱི་བྱ་བར་ལམ་སྣེ་སྟོན་མཁན་ཞིག་དགོད་རྒྱུ་རེད། གླེང་རྩོད་ཀྱི་གཞི་མ་གྱུར་པའི་མི་བུ་ཞིག་ལ་ཤེས་ཡོན་པའི་མིང་དེ་འདོགས་རྒྱུར་མི་འཚམས་པས་ཤེས་ཡོན་པ་ཞེས་པའི་མིང་ཚིག་དེར་དང་འདོད་ཡོད་ན་སྤྱི་ཚོགས་སུ་དགོས་མེད་གླེང་གཞི་རིགས་མི་འབྱུང་བ་གནང་རོགས།

  15. ཅོ་རི་ཉི་མ། says:
    2015-08-06 at 5:09 pm

    ལྷ་ཆོས་མ་ཤེས་བན་རྒན་བྱ་མགོ་ཅན།
    མི་ཆོས་མ་ཤེས་ངོ་སྐུ་ཕག་གྲོད་ཅན།
    དེ་གཉིས་གཡོག་པོ་རྡ་སའི་སྨྱུག་འཛིན་པར།
    ཤེས་ཡོན་ཅན་གྱི་མཚན་ཞིག་ག་ནས་བྱུང་།

    ཨ་ལ་མི་ཟེར་ཀུ་རེ་རྩེད་མོ་ཡིན།
    བྲན་གཡོག་སྨྱུག་འཛིན་པ་ཚོ་མེད་གྱུར་ན།
    བྱ་མགོ་ཕག་གྲོད་གཉིས་ཀྱི་དབང་ཤེད་ཀྱིས།
    ཉམ་ཆུང་མགོ་བོ་མནན་ཐབས་ག་ལ་ཡོད།

    ཀུན་དགའ་དོན་འགྲུབ་འདི་ཡི་སྟོབས་ཀྱིས།
    གངས་དཀར་རྒྱལ་སྲས་ཆེན་མོའི་སྨྱུག་གུ་ཡང་།
    ཚངས་དབྱངས་རྒྱ་མཚོའི་བྲན་གཡོག་གྱུར་པ་འདིར།
    ནོར་འཁྲུལ་རང་གི་རེད་དམ་གཞན་གྱི་རེད།།

  16. ཅོ་རི་ཉི་མ། says:
    2015-08-06 at 5:14 pm

    མི་ཆོས་མ་ཤེས་སྐུ་ངོ་ཕག་གྲོད་ཅན།་་་ཞེས་བཅོས་རོགས་བྱོས་ཨ་་་་ཧཧཧ

  17. རྟ་བདུན་དབང་བོ says:
    2015-08-06 at 10:48 pm

    པར་ཤིང་བརྐོ་མཁན་ཚོའི་མིང་དཔེ་ཆ་གང་ཞིག་ཡིན་ཀྱང་དེའི་མཇུག་ལ་འགོད་ཀྱི་མེད། རྒྱུ་མཚན་ནི་ཁོང་ཚོར་གླ་ཕོགས་ཡོད་པས་སོ། །

  18. རྣམ་བཟང་། says:
    2015-08-06 at 11:44 pm

    ཕོགས་སྤྲད་ན་རང་གི་བརྩམས་ཆོས་ཀྱི་འོག་ཏུ་མིང་འགོད་མི་དགོས་པའི་སྒྲིག་སྲོལ་ཞིག་གང་དུ་ཡོད་པ་རེད། འོ་ན། ཚངས་དབྱངས་རྒྱ་མཚོ་ཟེར་བ་དེས་ཕོགས་མེད་དང་བླངས་བྱས་པ་རེད་དམ། ཁོ་མིང་ཅིའི་ཕྱིར་བཀོད་པ་རེད། ཐེངས་འདིའི་གྱ་སྟོན་གྱི་དཔེ་དེབ་དང་ཐང་ག ལག་རྟགས། ཐ་ན་རྒྱབ་ཁུག་ཚུན་གྱི་སྟེང་དུ་༼མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་།༽ཞེས་ཡི་གེ་ཆེ་ཐག་ཆོད་ཅིག་བྲིས་འདུག འདི་ཞབས་འདྲེན་མ་རེད་དམ། མདོ་སྨད་གཞིས་བྱེས་མི་མང་གིས་མི་རྒྱུ་གཉིས་ཐོག་ནས་གྱ་སྟོན་ཐོག་ཤུགས་བསྐྱོན་པ་རེད་མ་གཏོགས་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་པ་ཁུག་ནང་ནས་དངུལ་བཏོན་པ་རེད་དམ། ཚངས་དབྱངས་རྒྱ་མཚོ་ཟེར་བ་དེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་ཐང་གི་སྟེང་དུ་རང་འདོད་ལྟར་ཇོ་ནང་ཆོས་བརྒྱུད་ཁྱབ་བསྒྲགས་ཀྱི་ཡིག་ཉོག་གང་བྱུང་བྲིས་པ་དེ་ནོར་འཁྲུལ་ཧ་ཅང་ཚབ་ཆེན་རེད། བོད་མི་མང་ལ་དགོངས་སེལ་ཞུ་དགོས་པའི་གནད་དོན་ཞིག་རེད།

  19. ཀརྨ་བློ་གསལ་ says:
    2015-08-07 at 12:01 am

    ད་རེའི་བཙན་བྱོལ་མདོ་སྨད་མང་ཚོགས་ཀྱིས་འོས་ཤོག་བཀོལ་ནས་གྱ་སྟོན་གོ་སྒྲིག་ཟེར་བར་སྣེ་ཁྲིད་མཁན་གྱི་མི་ངན་འདི་དག་གཅིག་ཀྱང་སྤྱི་འཐུས་ནང་མི་ཡོང་བ་གནང་རོགས། དེ་ནས་སྤྱོད་ངན་འདི་རིགས་ག་ལེར་མེད་པ་བཟོ་ཐུབ་ཀྱི་རེད། གོང་ས་མཆོག་ལའང་མགོ་བསྐོར་ཐེབས་ཀྱི་མ་རེད།

  20. ངག་དབང says:
    2015-08-07 at 1:14 am

    གོང་གི་མཆན་པ་རྣམས་ ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམ་ལ་བཞུགས་པར་ཞུ་ལགས

  21. བྲན་གཡོག says:
    2015-08-07 at 2:39 am

    གང་ངན་གང་བཟང་ག་ལེར་མཐོང་ཡོང་བས།།
    དྲང་མོ་དག་གིས་ཁྲུན་ཐག་གཅོད་པ་ལས།།
    འདི་ཉེས་འདི་བདེན་ཟེར་ནས་ཐག་མ་གཅོད།།
    ས་ཕྱར་རྡོ་འདི་འདི་ལྷང་ལ་འབུད་ཚོད་རེད།

    ཚངས་དབྱངས་ལ་སོགས་ཁ་རོག་འདུག་ལུགས་ལ།།
    གོང་གི་བཤད་པ་དག་ཀྱང་བདེན་ཤས་ཆེ།།
    དོན་དག་འདི་ལ་གསལ་བཤད་མ་བྱུང་ཚེ།།
    བདེན་པ་ཡོང་ནས་རྫུན་མ་བྲོས་རྟགས་རེད།།

  22. དགེ་འདུན་རྒྱ་མཚོ། says:
    2015-08-07 at 9:06 am

    –
    གངས་དཀར་རྒྱལ་སྲས།
    ཟེར་བ་འདིས་སྐད་ཆ་ལ་ཆ་འཇོག་ཅང་ཨེ་ཡོད་དམ། མ་གཞི་ནས་མི་འདི་རྙོག་དྲ་ལ་ཧ་ཅང་དཀའ་མོས་བྱེད་མཁན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། མཆན་འགོད་མཁན་ཚོས་ཀྱང་གོ་སྐབས་འདི་དང་བསྟུན་ནས་ནམ་རྒྱུན་སེམས་ནས་མི་དགའ་མི་སྨད་དང་མདོ་སྨད་རྩོམ་པ་པོ་ལ་ཕྲག་དོག་གི་ཚེར་མ་མང་བོ་འཛུགས་པའི་གོ་སྐབས་རག་སོང་ང་། 
    -གངས་དཀར་རྒྱལ་སྲས།
    ཁོ་རང་གིས་ལས་ཀ་ཕྲན་ཙམ་ཞིག་བྱས་ཡོད་སྲིད་ཀྱང་ཁོངས་ཆོད་པ་ཞིག་བྱས་ཨེ་ཡོད་དམ། 
    ལས་ཀ་འདིའི་རིགས་ལ་དྭངས་ལང་བྱེད་དགོས་པ་ལས་གླ་བླངས་པ་ཙམ་གྱིས་ཞབས་འདྲེན་རེད། སྤྱིན་བདག་དང་ཞལ་འདེབས་ཕུལ་བ་ཚུན་ཆད་ཀྱི་མིང་ཚང་མ་དེབ་ངོས་ལ་བཀོད་དགོས་ན་དེབ་དེ་ལ་རྒྱུ་མཚན་དང་རིན་ཐང་ག་རེ་ཡོད་པ་རེད་དམ།

  23. དགེ་འདུན་རྒྱ་མཚོ། says:
    2015-08-07 at 9:08 am

    མདོ་སྨད

  24. བཙན་པོ། says:
    2015-08-07 at 12:44 pm

    དེ་ཐེངས་གླེན་རྒན་ཁྱོད་ལ་ཁག་མི་འདུག ཉེ་སྔོན་ཨ་རིག་འགྱུར་མེད་ངུ་ལ་ཁད་ཡོད་ཐ། དོན་དག་འདི་ཡིན་པ་འདྲ། མ་གཞི་གྱ་སྟོན་གྱི་ལས་གཞི་འདི་རྒྱ་ཆེན་པོ་ཡིན་དུས་ཐམས་ཅད་པོའི་འདོད་ཐོག་ཏུ་ཡོང་བ་ཞིག་ཁག་པོ་རེད། ཁག་པོ་ཡིན་པ་དེ་རང་རང་གིས་འགན་བླངས་དུས་ད་གཟོད་གཞི་ནས་ཤེས། གང་ལྟར་ཐེངས་འདིའི་མགོ་རྔ་དབང་ཅན་སུ་གསལ་ན་དེས་ཁྱོད་ལ་དགོངས་དག་ཞུས་སོང་དེ་གས་འགྲིག་པ་བྱོས། མ་རྒན་མ་ལ་སྟོན་རྒྱུའི་བདེན་དཔང་ཞིག་དེ་ཚོའི་ལག་ནས་ལོངས། ངའི་བསམ་ཚུལ་ཅི་འདྲ་རེད། ཧཧཧ

  25. ཀློང་ཆུང་ says:
    2015-08-07 at 10:52 pm

    ད་དེབ་འདིར་རྩ་བ་ནས་ལྟ་འདོད་མིན་འདུག མི་ངན་མ་རབས་འབའ་ཞིག་གི་མནར་གཅོད་དང་ཐུབ་ཚོད་ཀྱི་ལག་ཆ་རེད་འདུག

  26. དགེ་བསྟན། says:
    2015-08-11 at 11:00 am

    འབྲེལ་ཡོད་ཅིག་གིས་གསལ་བཤད་བྱས་ན་ཡག་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme