Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚོ་སྔོན་ཉེན་རྟོག་པས་འཕགས་པར་ནག་མེད་ཉེས་འཛུགས་བྱས་འདུག

Posted on 2013-01-252013-01-25 By ཤར་ཕྱོགས་ཁུག་རྟ། 6 Comments on མཚོ་སྔོན་ཉེན་རྟོག་པས་འཕགས་པར་ནག་མེད་ཉེས་འཛུགས་བྱས་འདུག

རེབ་གོང་མདོ་བ་མཁར་རྐྱ་སྡེ་བའི་འཕགས་པའམ། མིང་གཞན་ལ་གྲགས་པ་དར་རྒྱས་ཞུ་བ་སྒྲོལ་མ་སྐྱབས་ལ་རང་སྲེག་ངན་སྐུལ་བ་ཡིན་ཚུལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་བར་དེ་རིང་ཕྱི་ཚེས ༢༥ ཉིན་བཀོད་འདུག འཕགས་པས་རྒྱ་གར་དུ་སློབ་གཉེར་བྱེད་སྐབས་ཚོགས་པ་འདྲ་མིན་གྱི་ཚོགས་མི་ཁྱོན་ནས་བྱས་མྱོང་མེད་པ་མ་ཟད། མཐའ་གཅིག་ཏུ་སློབ་སྦྱོང་ལ་འབད་བརྩོན་བྱེད་མཁན་གྱི་མི་ཉམས་ཆུང་ཞིག་རེད་འདུག ཐ་ན་འཕགས་པས་སློབ་སྦྱོང་ལ་གཅིག་ཏུ་བརྩོན་ནས་ཁུ་སིམ་མེར་བསྡད་སྟབས། ཁོང་གི་ཕ་ཡུལ་གཅིག་པ་རེབ་གོང་པ་ཚོས་ཀྱང་ཁོང་ངོ་ཤེས་ཀྱི་མི་འདུག ཁོང་གི་གྲོགས་པོ་ཚོས་བཤད་ན་ཁོང་གིས་ནམ་རྒྱུན་དུས་ཚོད་ཆ་ཚང་སློབ་སྦྱོང་དང་༧གོང་ས་མཆོག་གི་བཀའ་སློབ་ཀློག་རྒྱུའི་ཐོག་གཏོང་གི་འདུག་པས། ༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཚུལ་བཞིན་སྒྲུབ་མཁན་གྱི་བོད་མི་ཞིག་ཡིན་ན་གཏན་ནས་རང་སྲེག་ངན་སྐུལ་བྱེད་མི་སྲིད་པས། འཕགས་པ་རྒྱ་གར་དུ་སོང་བ་ཙམ་ལ་ཁ་གཡར་ནས་རང་སྲེག་ངན་སྐུལ་བ་རེད་ཟེར་བ་ནི་གཉོམ་ཆུང་ལ་ཐུབ་ཚོད་རང་རེད་འདུག་པས། ཁོང་ལ་ནག་མེད་ཉེས་འཛུགས་ཀྱི་བྱ་སྤྱོད་རྣམས་ཕྱིར་འཐེན་གྱིས་རིག་གནས་ཞབས་ཞུ་རྣམས་མུ་མཐུད་སྒྲུབ་འཇུག་རོགས་དང། དེ་བཞིན་སྒྲོལ་མ་སྐྱབས་ཀྱིས་རང་སྲེག་བྱ་གྲབས་ཟེར་བ་སོགས་ཀྱང་རྫུན་སྒྲིག་རང་མིན་ན། རང་སྲེག་གཏོང་རྒྱུར་བློ་ཐག་ཆོད་པ་ཞིག་ལ་རྒྱ་དམག་ལག་ཏུ་མི་ཤོར་རྒྱུའི་ཐབས་ཤེས་ཆ་ཚང་ཡོད་སྟབས་སྐྱག་རྫུན་དེ་རིགས་ཀྱིས་ཉིན་མི་འཁྱོལ་བ་གསལ་བོ་རེད་འདུག་པས། འཇུ་བཟུང་རྡུང་རྡེག་གི་ཐབས་ཟད་ལས་ཀ་ཕྱིར་འཐེན་བྱས་ན་འོས་འཚམས་སུ་མཐོང།

༢༠༡༣། ༡། ༢༥། ཉིན།

མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་རང་སྲེག་ལ་ངན་སྐུལ་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས།  2013-01-25 10:28:29       ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་རང་སྲེག་བྱེད་མ་ཐུབ་པའི་གྱོད་དོན་ཞིག་རྩད་ཆོད་དེ། རང་སྲེག་བྱེད་གྲབས་ཡོད་པའི་སྒྲོལ་མ་སྐྱབས་དང་རང་སྲེག་ལ་ངན་སྐུལ་བྱེད་པའི་དོགས་ཡོད་ཉེས་ཅན་འཕགས་པ་གཉིས་འཛིན་བཟུང་བྱས།
2012ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན མཚོ་སྔོན་ཐུན་རིན་ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཐུན་རིན་རྫོང་ཡོན་ཆིན་ཧི་མགྲོན་ཁང་གི་ཁང་མིག་ཅིག་ཏུ་རླངས་སྣུམ་བླུག་ཡོད་པའི་འགྱིག་ཟོ་དང་སྲིང་བལ་སོགས་དངོས་རྫས་ཉར་ཡོད་པ་མཐོང་ནས། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་བྱེད་ཐབས་སྤྱད་པ་དང་། རང་སྲེག་བྱེད་གྲབས་ཡོད་པའི་སྒྲོལ་མ་སྐྱབས་དུས་ཐོག་ཏུ་ཚོད་འཛིན་བྱས་པ་དང་། སྒྲོལ་མ་སྐྱབས་རང་སྲེག་གཏོང་བར་ངན་སྐུལ་བྱེད་པའི་དོགས་ཡོད་ཉེས་ཅན་འཕགས་པ་འཛིན་བཟུང་བྱས།
རྩད་ཆོད་པ་ལྟར་ན། སྒྲོལ་མ་སྐྱབས་ཕོ་ལོ་ཉེར་ལྔ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་མདོ་བ་དགོན་པའི་གྲྭ་བ་ཡིན། འཕགས་པ་ཕོ་ལོ་ཉེར་བདུན་ཡིན་ལ། མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་མདོ་བ་ཞང་གི་མི་ཡིན། 2005ལོའི་ཟླ་དྲུག་པར་ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་ཏེ་རྒྱ་གར་དུ་སོང་ནས། བོད་རང་བཙན་གྱི་རྐང་འཛིན་པ་སྐྱེད་སྲིང་བྱེད་སའི་གསོག་སྒེར་སློབ་གྲྭ་ནས་གསོ་སྦྱོང་བྱས་མྱོངས། 2011ལོའི་ཟླ་དགུ་བར། འཕགས་པ་ཕྱིར་རྒྱལ་ནང་དུ་ལོག་རྗེས། གཅན་ཚ་རྫོང་བྲག་ཁང་སྣ་ཁ་ཞང་དྭ་ཕྲུག་ཁང་གི་དགེ་རྒན་དུ་བྱས་ཏེ་དབྱིན་ཡིག་དང་གློག་ཀླད་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པར་ཁ་གཡར་ནས། སློབ་མ་ཚོར་བོད་རང་བཙན་གྱི་བསམ་བློ་བསྒྲགས། དེའི་སྐབས་སུ། འཕགས་པས་མཉམ་འབྲེལ་དྲ་བ་བརྒྱུད་དེ་རྒྱ་གར་བོད་ན་གཞོན་ཚོགས་པའི་རྐང་འཛིན་གངས་བཙན་པོ་སོགས་ལ་འབྲེལ་འདྲིས་དམ་པོ་བྱས་ཏེ། བཀས་སྐུལ་དང་ལེན་དང་ཆ་འཕྲིན་བརྒྱུད་སྒྲོག་བྱས། སྒྲོལ་མ་སྐྱབས་ཀྱིས་ངེས་ལེན་བྱས་པ་ལྟར་ན། 2012ལོའི་ཟླ་དྲུག་པ་དང་བདུན་པའི་སྐབས་སུ། འཕགས་པས་སྔ་གཞུག་ཏུ་ཐེངས་གསུམ་ལ་ཁོ་རང་རང་སྲེག་བྱེད་པར་ངན་སྐུལ་བྱས་མྱོང་ཟེར། འཕགས་པས་རང་ཉིད་རྒྱ་གར་ལ་སོང་མྱོང་བ་དང་། རྒྱུན་པར་གནས་དེར་ཡོད་པའི་བོད་ན་གཞོན་ཚོགས་པ་དང་ལྷན་དུ་བོད་རང་བཙན་སྐོར་གྱི་གནད་དོན་གླེང་མོལ་བྱས་པ་ཡིན་ལ། སི་ཁྲོན་གྱི་རང་སྲེག་པས་བོད་རང་དབང་རང་བཙན་ཐོབ་པའི་ཆེད་དུ་རང་ཉིད་ཀྱི་རིན་ཐང་བྲལ་བའི་ཚེ་སྲོག་བློས་བཏང་བ་ཡིན་པས། རང་རེའི་བོད་མི་རིགས་ཀྱི་དཔའ་བོ་ཡིན་ལ། རང་སྲེག་བཏང་བ་དེས་བོད་རང་བཙན་ཐོབ་པར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་ངན་སྐུལ་བྱས། འཕགས་པས་སྒྲོལ་མ་སྐྱབས་ལ། གལ་ཏེ་ཁྱོད་རང་རང་སྲེག་བཏང་ན། བོད་མི་རིགས་ལ་དོན་བཟང་ཞིག་སྒྲུབ་པ་ཡིན་ལ། རང་སྲེག་གཏོང་མཁན་ཇེ་མང་དུ་སོང་ཚེ། རྒྱལ་སྤྱིའི་སྟེང་དུ་དོན་དེར་དོ་སྣང་བྱེད་སྲིད་ཟེར། འཕགས་པས་ངན་སྐུལ་འོག་ཏུ། སྒྲོལ་མ་སྐྱབས་ལ་རང་སྲོག་གཏོང་བའི་བསམ་ཚུལ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། 2012ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་སྒྲོལ་མ་སྐྱབས་ཀྱིས་རླངས་སྣུམ་དང་སྲིང་བལ་སོགས་ཁྱེར་ཏེ། ཐུན་རིན་རྫོང་ཡོན་ཆིན་ཧི་མགྲོན་ཁང་ནས་རང་སྲེག་བྱེད་གྲབས་ཡོད་པའི་སྐབས་དེར་དུས་ཐོག་ཏུ་བཀག་འགོག་བྱས།
ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་ཏེ་རྩད་ཆོད་པ་ལྟར་ན། འཕགས་པ་ཐུན་རིན་རྫོང་མདོ་བ་ཞང་གི་གངས་སྲོལ་རྒྱུན་རིག་གནས་ཞབས་ཕྱི་ཚོགས་པ་ཞེས་པའི་ཁྲིམས་འགལ་རྩ་འཛུགས་སུ་ཞུགས་པ་དང་། ཉེ་ལམ། ཐུན་རིན་རྫོང་མདོ་བ་ཞང་ནས་རང་སྲེག་གྱོད་དོན་ཐེངས་མང་བྱུང་རྗེས། འཕགས་པ་དང་ཁྲིམས་འགལ་རྩ་འཛུགས་དེའི་མི་སྣ་སྔ་གཞུག་ཏུ་ཐེངས་དྲུག་ལ་རང་སྲེག་མཁན་གྱི་འདས་འཇུག་ལ་ཞུགས་པར་མ་ཟད། ཡུལ་དངོས་ནས་རང་སྲེག་ནི་རང་རེའི་བོད་རིགས་ཀྱི་ཁེ་ཕན་གྱི་ཆེད་དུ་ཡིན་པས། ང་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན་ཞེས་པའི་ངན་སྐུལ་རང་བཞིན་གྱི་འཆལ་གཏམ་བསྒྲགས་པ་དང་། རང་སྲེག་མཁན་གྱི་གཉེན་མིར་སྒོར་མོའི་ཞལ་འདབས་ཕུལ། 2012ལོའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། འཕགས་པས་ཁོ་རང་དགེ་རྒན་ཡིན་པའི་ཐོབ་ཐང་བེད་སྤྱད་དེ། ཐུན་རིན་རྫོང་མདོ་བ་ཞང་གི་སློབ་ཆུང་སློབ་མ་དང་ཡུལ་དེའི་འབྲོག་དམངས་ལྔ་བཅུ་ལྷག་རྩ་འཛུགས་ཀྱིས་མདོ་བ་ཞང་སྲིད་གཞུང་མདུན་དུ་འཛོམས་ཏེ། བོད་རང་བཙན་གྱི་འབོད་སྒྲ་བསྒྲགས།
ད་ལྟ། འཕགས་པ་དང་སྒྲོལ་མ་སྐྱབས་གཉིས་སོ་སོར་བསམ་བཞིན་དུ་མི་བསད་པའི་ནག་ཉེས་དང་། སྤྱི་པའི་བདེ་འཇགས་ལ་གནོད་སྐྱེལ་བའི་ཁྲིམས་དང་འགལ་ཏེ་ཁྲིམས་ལྟར་འཛིན་བཟུང་བྱས།
http://www.qhtb.cn/news/social/2013-01-25/16575.html

གསར་འགྱུར།

Post navigation

Previous Post: ངོ་དེབ་སྟེང་''རང་བཙན་གསལ་བསྒྲགས''་ཐད་ཀྱི་ཁ་བརྡ།
Next Post: རྒྱ་རིགས་རྩོམ་པ་པོ་ཚོའོ་ཁྲང་ཆིན་ངོ་སྤྲོད། ཙ་ཡུས་ཕུན་ཚོགས།

Comments (6) on “མཚོ་སྔོན་ཉེན་རྟོག་པས་འཕགས་པར་ནག་མེད་ཉེས་འཛུགས་བྱས་འདུག”

  1. ཅོག་རོང་གི་མྱི། says:
    2013-01-25 at 12:42 am

    བདེན་ལུང་བ་གཉིས་ཀྱི་ཕུ་ཐག་རིང་།
    རྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་།

  2. ཤར་ཕྱོགས་ཁུག་རྟ། says:
    2013-01-25 at 5:05 am

    དབུས་བོད་མིའི་སྒྲིག་འཛུགས་ནས་གསལ་བསྒྲགས་སྤེལ་འདུག

    རེབ་གོང་ནས་བོད་མི་གཉིས་ལ་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པར་བསྙད་དེ་འཛིན་བཟུང་བྱས་པ།
    ༢༠༡༣ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།

    ༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༥ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ། སྔ་རྗེས་གནས་ཚུལ་ཐོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ཉེན་རྟོག་པས་རེབ་གོང་མདོ་བ་དགོན་གྱི་དགེ་འདུན་པ་སྒྲོལ་མ་སྐྱབས་ལགས་དང༌། མདོ་བ་ཞང་ནས་ཡིན་པ་འཕགས་པ་ལགས་ཞུ་བ་གཉིས་རང་ལུས་མེར་སྲེག་གཏོང་འཆར་དང་འབྲེལ་བ་ཡོད་པར་བསྙད་དེ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༩ ཉིན་རེབ་གོང་རྫོང་ཁོངས་ནས་འཛིན་བཟུང་བྱས་ཡོད་འདུག
    སྒྲོལ་མ་སྐྱབས་ལགས་ནི་ད་ལྟ་རང་ལོ་ ༢༥ ཡིན་པ་དང༌། མཚོ་སྔོན་ཞིང་ཆེན་རེབ་གོང་ཐུན་རིང་རྫོང་མདོ་བ་དགོན་གྱི་དགེ་འདུན་པ་ཡིན་འདུག འཕགས་པ་ལགས་ནི་ད་ལྟ་རང་ལོ་་ ༢༧ དུ་སོན་པ་དང༌། རེབ་གོང་རྫོང་མདོ་བ་ཞང་ནས་ཡིན་འདུག་ཅིང༌།

    ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༩ ཉིན་དགེ་འདུན་པ་སྒྲོལ་མ་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་འཆར་གྱིས་རེབ་གོང་རྫོང་ཡོན་ཆིན་ཧི་མགྲོན་ཁང་ནས་རང་སྲེག་བྱེད་གྲབས་ཡོད་སྐབས་དུས་ཐོག་བཀག་འགོག་བྱས་ཡོད། ཅེས་ཉེས་འཛུགས་བྱས་འདུག་པ་མ་ཟད། འཕགས་པ་ལགས་ཀྱིས་སྒྲོལ་མ་སྐྱབས་ལགས་རང་ལུས་མེར་སྲེག་གཏོང་རྒྱུར་ངན་བསྐུལ་བྱས་པའི་ཉེས་འཛུགས་བྱས་ཡོད་འདུག འཕགས་པ་ལགས་ཀྱིས་གཅན་ཚ་རྫོང་བྲག་ཁང་སྣ་ཁ་ཞང་དྭ་ཕྲུག་ཁང་གི་དགེ་རྒན་བྱེད་རིང་སློབ་མ་ཚོར་རང་བཙན་གྱི་བསམ་བློ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དང༌། རེབ་གོང་རྫོང་དུ་སྲོལ་རྒྱུན་རིང་གནས་ཞབས་ཕྱི་ཚོགས་པ་སོགས་ནང་ཞུགས་པ་ནི་ཁྲིམས་འགལ་གྱི་རྩ་འཛུགས་སུ་ཞུགས་པ་ཡིན་སྐོར་སོགས་ཉེས་མེད་བསྙོན་འཛུགས་མང་དག་ཅིག་བྱས་ཡོད་པ་དེ་དག་ནི་རྒྱ་ནག་གཞུང་གིས་རྒྱུན་གཏན་ནས་བོད་མི་ཞིག་འཛིན་བཟུང་བྱས་རྗེས་ཉེས་མེད་ཉེས་འཛུགས་བྱ་རྒྱུའི་ཆེད་ལས་དོན་གང་བྱས་ཀྱང་ཁྲིམས་དང་མ་མཐུན་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་གི་ཡོད་པའི་ཉེས་འཛུགས་བྱས་ཏེ་བོད་མི་ཚོར་རྡུང་རྡེག་དང་མནར་གཅོད་དང་བཙོན་འཇུག་བྱེད་སྲོལ་ཡོད་པ་ཞིག་རེད།

    ་ལན་བོད་མི་དེ་གཉིས་ཀྱང་ཐོག་མར་འཛིན་བཟུང་སྐབས་རང་ལུས་མེར་སྲེག་གཏོང་རྒྱུར་ངན་བསྐུལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་རྗེས་བསམ་བཞིན་དུ་མི་བསད་པ་དང༌། སྤྱི་པའི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་འཛུགས་བྱས་ཏེ་ཁྲིམས་ཆད་ལྗིད་མོ་གཅོད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས།།

  3. འཛུམ་ཤུལ་ཐབས་མཁས། says:
    2013-01-25 at 11:35 pm

    རྒྱ་གར་ནས་བོད་ལ་ལོག་མཁན་ཚང་མར་མི་གསོད་ཀྱི་ཉེས་འགལ་བྱེད་སྲིད།

  4. འཛུམ་ཤུལ་ཐབས་མཁས། says:
    2013-01-25 at 11:35 pm

    རྒྱ་གར་ནས་བོད་ལ་ལོག་མཁན་ཚང་མར་མི་གསོད་ཀྱི་ཉེས་འགལ་བྱེད་སྲིད།

  5. འཛུམ་ཤུལ་ཐབས་མཁས། says:
    2013-01-25 at 11:38 pm

    རྒྱ་གར་ནས་བོད་ལ་ལོག་མཁན་ཚང་མར་སྤྱི་བའི་བདེ་འཇགས་ལ་གནོན་སྐྱོན་དང་མི་གསོད་ཀྱི་ཉེས་མིང་སྣ་ཚོགས་འདོགས་སྲིད།

  6. འཛུམ་ཤུལ་ཐབས་མཁས། says:
    2013-01-25 at 11:38 pm

    རྒྱ་གར་ནས་བོད་ལ་ལོག་མཁན་ཚང་མར་སྤྱི་བའི་བདེ་འཇགས་ལ་གནོན་སྐྱོན་དང་མི་གསོད་ཀྱི་ཉེས་མིང་སྣ་ཚོགས་འདོགས་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme