Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚོ་འགྲམ་གྱི་རྦ་རླབས

Posted on 2014-07-182014-07-18 By ཁ་བརྡ་ 4 Comments on མཚོ་འགྲམ་གྱི་རྦ་རླབས

ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།

མཚོ་འགྲམ་གྱི་རྦ་རླབས
དྲག་ཆར་གྱི་ཤུལ་ཏུ
དྲག་རླུང་གིས་འདེགས་པའི
ལྷོ་མཐའི་རྒྱ་མཚོའི་རྦ་རླབས
ངར་ངར་ཤུགས་ཀྱིས་མཚོ་འགྲམ་དུ་མཆོང་པར
སུ་ཞིག་ཧུབ་གང་གིས་མིད་པའི་ཚུལ་ཏུ
ཡང་ཡང་མཚོ་འགྲམ་དུ་མཆོང་པར
བྱེ་མ་ཁྲི་ཕྲག་གི་ཚེ་སྲོག་དུས་དེ་ནས་བཟས་ཞིང
ཁུ་སིམ་གྱི་ཁོར་ཡུག
ངར་སྒྲ་ཡིས་བཅོམ་པར
ལྷིང་འཇགས་ཀྱི་ཉིན་མཚན་རེ་རེར
འཇིགས་སྣང་གིས་དཀྲོགས་སོང

མཚོ་འགྲམ་གྱི་རྦ་རླབས
ཚེ་སྲོག་ཁྲི་སྟོང་གིས་ངུ་འབོད་ཁྲོད་དུ
སྙིང་རྗེའི་དྲི་ཙམ་གྱིས་མ་གོས་པར
ངར་ཤུགས་ཀྱིས་བཟི་ཞིང
འདོད་རྔམས་ཀྱིས་སྨྱོ་ཞིང
མཚོ་འགྲམ་ལ་འཐབ་པའི་ངང་ཚུལ་ནི
ཅི་འདྲ་བའི་འཇིགས་སུ་རུང་བ་ཞིག་མ་ཡིན་ནམ

མཚོ་འགྲམ་གྱི་རྦ་རླབས
ཁྱོད་ནི་ཇི་ལྟར་སྙིང་རྗེ་མེད་པ་དང
ཁྱོད་ཀྱི་ངར་ཤུགས་ཇི་ལྟར་ཆེ་རུ་སོང་མོད
ཉོམ་ཆུང་གི་བྱེ་མ་ཁྲི་ཕྲག་མང་པོས
ཚེ་སྲོག་གི་བློས་གཏོང་བྱུང་མོད
ཞུམ་མེད་ཀྱི་སྙིང་སྟོབས་རེ་རེས
སླར་ཡང་ཚེ་སྲོག་ཁྲི་སྟོང་མང་པོ་བསྐྱེད་བསྲིངས་ཀྱིས་
ནམ་ཡང་མཚོ་འགྲམ་ལ་སྐམ་ས་བསྐྲུན་ལ
རྦ་རླབས་ལ་འཐབ་འཛིང་བྱེད་
བགྲང་བྱ་ཁྲི་སྟོང་གི་ལོ་ཟླའི་ནང
རྦ་རླབས་རིམ་གྱིས་མཚོ་འགྲམ་དུ་མཆོང་མོད
བྱེ་མ་གཏན་ཏུ་ཞུམ་མེད་དུ་གནས

༡༧/༠༧/༢༠༡༤ཉིན་རྒྱ་གར་གྲོང་ཁྱེར་ཀེ་རེ་ལའི་མཚོ་འགྲམ་དུ་བྱུང་བའི་སེམས་ཚོར་ཞིག

སྙན་ངག

Post navigation

Previous Post: ངའི་དཀར་ཡོལ་ནང་གི་རྩམ་དྲི་ཡལ་འདུག
Next Post: མ་ལེ་ཤ་ཡའི་གནམ་གྲུ་འཐོར་ཞིག་ལ་བསྔོ་སྨོན་གསུང་རོགས་ཞུ།

Comments (4) on “མཚོ་འགྲམ་གྱི་རྦ་རླབས”

  1. ཁྲིམས་ལུགས་སློབ་མ།བློ་བཟང་གྲགས་པ says:
    2014-07-18 at 4:05 am

    དྲ་གྲོགས་ཚོ

    འདི་ནི་ངས་བྲིས་པའི་རང་མོས་སྙན་ངག་ཡིན་ཁུལ་ཡིན་མོད། ངའི་གྲོགས་པོ་ཁ་ཤས་ཀྱིས་འདི་ནི་རང་མོས་སྙན་ངག་མ་རེད་ཟེར། རྣམ་པ་ཚོས་དགོངས་ཚུལ་གསུང་རོགས་ཞུ།

  2. དཔལ་དོན། says:
    2014-07-19 at 7:24 am

    རང་མོས་ཡིན་ཚེ་སྙན་ངག་ཡིན་ཆོག་རྒྱུ་རེད།

  3. གནམ says:
    2014-07-19 at 11:29 am

    རང་མོས་ཡིན་རྒྱུ་རེད། མགོ་སྔ་ཞིག་མེད་ཀི། སྙན་ངག་ཡིན་རྒྱུ་མ་རེད། སྡེབ་སྦྱོར་ཞིག་མེད་ཀི། ཧ་ཧ་རྩེད་མོ་ཡིན། དཔེ་དོན་གྱི་བར་ན་བརྗོད་འདོད་པའི་གབ་ཚིག་ཞིག་བསྒྲིགས་ཡོད་རྒྱུ་རེད་འདོད་པ་ཙམ་ལས། འདི་འོ། གན་རེད་ཟེར་ས་ཞིག་མ་རག་ཐལ།

    དོན་པར་བྱིན་རླབས་ཤིག་མེད་ན།
    དཔྱད་ནས་ཤེས་ས་ནི་མ་རེད།
    རང་མོས་རང་དབང་ལ་ཤོར་བས།
    དོན་མེད་དུས་ཚོད་ནི་རྐུས་སོང་། ཧ་ཧ་ཧ། ཁྲིམས་ཆད་མ་གཅོད་རོགས།

  4. ཁྲིམས་ལུགས་སློབ་མ།བློ་བཟང་གྲགས་པ says:
    2014-07-19 at 12:59 pm

    དྲ་གྲོགས་དཔལ་དོན་ལགས་དང་གནམ་ལགས་གཉིས་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme