Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚོ་ཁའི་ཆང་ཁང་།

Posted on 2023-05-182023-05-18 By ཁ་བརྡ 2 Comments on མཚོ་ཁའི་ཆང་ཁང་།

བསྟན་པའི་དངོས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༠༥ ཚེས་ ༡༧ ལ་ལས་ཀའི་བར་གསེང་དུ་རང་ཉིད་ལ་ཚོར་བ་གང་བྱུང་བ་རྣམས་ཡི་གེར་བསྡེབས་པའོ། །

དཔྱིད་ཀྱི་དཔལ་མོས་འཛུམ་གྱིས་བསུས་པས་མཚོ་ཁའི་ཆང་ཁང་མགྲོན་གྱིས་གང་།།
ནས་ཆང་མངར་མོས་བཟི་ཁ་ལྡན་པས་མགྲོན་རྣམས་སྐྱིད་པའི་དཔལ་ལ་རོལ།།
ངག་དབང་ལྷ་མོའི་དྲུག་འགྱུར་དབྱངས་ཀྱིས་ལྷ་ཆེན་ཚངས་པ་མགྲོན་དུ་བསུས།།
ཞལ་ཟས་རོ་བརྒྱའི་བཅུད་ལ་རོལ་བཞིན་སྙན་ངག་མཁན་པོས་སྨྱུག་རྩལ་ངོམ།།

༡༽ རེ་ཞིག་སྐལ་བ་བཟང་བོའི་དྲ་ཚོམས་ཤིག་གི་ནང་དུ་སླེབས་རྒྱུ་བྱུང་། དྲ་ཚོམས་འདིའི་མིང་ལ་”མཚོ་ཁའི་ཆང་ཁང་”ཟེར་ཞིང་རྒད་པོ་ཆང་འཐུང་འགའ་རེ་ཡང་ཡོད་ཚོད་འདུག ཆང་ཁང་ནང་དུ་ནས་ཆང་དང་རྒུན་ཆང་སོགས་ཧ་ཅང་མང་བ་དང་། སྲས་མོ་ཞབས་ཞུ་མ་དེའང་ཡ་རབས་བཟང་སྤྱོད་དང་ཞི་དུལ་ཅན་གྱི་བུ་མོ་དཔེ་བཟང་ཞིག་ཡིན་པ་མ་ཟད། ད་དུང་རང་གི་སྐད་ཡིག་ལ་དུངས་ཞེན་ཆེ་ཞིང་སྙན་ངག་གྱེར་འདོན་སོགས་ལ་ཧ་ཅང་མཁས་པས། ཆང་ཁང་དེའི་ནང་གི་ཆང་འཐུང་ཚོ་ཡང་ལུས་སེམས་གཉིས་ཀ་བག་ལ་ཕབ་ནས་བསྡད་ཡོདཔ་མཐོང་དུས་ངང་ངམ་ཤུགས་ཀྱིས་དགའ་ཚོར་བརྗོད་མི་ཤེས་པ་རེ་སྐྱེ་ཡོང་།

མཚོ་ཁའི་ཆང་ཁང་གི་སྦྱིན་བདག་ནི་རྒད་པོ་མྱི་བཟང་ཞིག་ཡིན་པ་མ་ཟད་སེམས་རྒྱ་ཡངས་ལ་གནས་ལུགས་རྟོགས་པའི་གཞན་ལ་བསམ་ཤེས་གནང་ཐུབ་མཁན་ཞིག་་ཡིན་པ་མ་ཟད། ལྷག་པར་དུ་སྐད་ཡིག་དང་རིག་གཞུང་སྙན་ངག་སོགས་ལ་མངའ་བརྙེས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལྡན་པའི་སྐྱེས་བུ་ཞིག་ཡིན་པ་ལས། ཚོང་དོན་གྱི་ཕྱོགས་སུ་མཁྱེན་རྒྱ་དང་ཐུགས་སྣང་དེ་ཙམ་མེད་པ་དང་། སྦྱིན་བདག་ཁོང་གིས་མུ་མཐུད་དུ་ཆང་ཁང་ནང་གི་རྒད་པོ་ཆང་འཐུང་ཆ་ཁ་ཡར་རྒྱས་དང་ཡོན་ཏན་ཅུང་ཟད་རེ་འབྱོར་ན་སྙམ་སྟེ་མུ་མཐུད་བདག་སྐྱོང་བྱེད་བཞིན་འདུག ཆང་འཐུང་མི་སྣའི་ནང་དུ་བོད་ཀྱི་སྲོལ་རྒྱུན་དབྱངས་རྟ་ལ་ཆེད་མཁས་པ་དང་། སྙན་ངག་པ། གཞས་པ། གཞས་མ། ཁ་རྒོད་ཀུ་རེ་སོགས་མཚར་གཏམ་བཤད་མཁན་སོགས་ཀྱང་ཡོད།

 ༢༽ ཉིན་ཞིག་མཚོ་ཁའི་ཆང་ཁང་ནང་དུ་དབྱངས་རྟ་རྩོམ་པར་ཁྱད་དུ་འཕགས་པའི་རྩོམ་པ་པོ་ཚེ་རིང་དོན་འགྲུབ་ཕེབས་ཡོད་པ་མཐོང་། ཁོང་ནི་དགུང་ལོ་ཅུང་ཙམ་ཆེ་བའི་རྒད་པོ་ཞིག་ཡིན་པ་དང་། སྐད་གདངས་སྙན་མོའི་ལམ་ནས་ཁ་བརྡ་རེ་ཟུང་བཤད་ཞོར་ངོ་མཚར་ཆེ་བའི་གནའ་དེང་ཟུང་འབྲེལ་གྱི་དབྱངས་སྙན་རེ་བརྩམས་ཏེ་ཆང་འཐུང་རྒད་པོ་ཚོར་རིན་མེད་ངང་བྱིན་ན་ཡང་།ཆང་འཐུང་རྒད་པོ་ཚོས་དེའི་རིན་ཐང་ཤེས་མཁན་ནི་ཧ་ཅང་དཀོན་ཚོད་རེད། ཁོང་ཚོ་ནི་དབྱངས་རྟ་ལ་ཁྱད་མཁས་དང་དོན་གཉེར་ཅན་དེ་འདྲ་མིན་པས་སོ།།

 ༣༽ དེ་ལས་ཅུང་གཞོན་པའི་མི་བུ་ཞི་དལ་ཅན་ཞིག་ཉིན་རྟག་པར་མཚོ་ཁའི་ཆང་ཁང་ནང་ཡོང་བསྡད་པ་མཐོང་། ཁོང་གི་མཚན་ལ་འཁོར་ལྷ་ཚང་རྡོ་རྗེ་འམ་རྡོ་རྗེ་ཚེ་རྒྱལ་ཡང་ཟེར། ངས་བསམ་པར། ཁོང་གིས་ཆང་རག་མང་པོ་མི་འཐུང་ནའང་ཉིན་རྟག་པར་མཚོ་ཁའི་ཆང་ཁང་ནང་དུ་ཕེབས་དགོས་པ་ཅི་ཡིན་ནམ་སྙམ། ཁོང་ནི་རང་གི་སྐད་ཡིག་ལ་དུང་བ་ཧ་ཅང་ཟབ་ཅིང་རྒྱུན་དུ་རྩོམ་ཡིག་འབྲི་རྒྱུར་སྤྲོ་བ་ཡོད་པ་མ་ཟད། མཚོ་ཁའི་ཆང་ཁང་གི་མགྲོན་པོ་རྙིང་གྲས་ཤིག་ཀྱང་ཡིན་འདུག ཁོང་མཚོ་ཁའི་ཆང་ཁང་ནང་གི་རྩོམ་ཡིག་འབྲི་མཁན་རྒྱུན་རིང་ཤོས་གཅིག་པུ་དེ་ཡིན་པ་དང་། ཉིན་རེར་རྩོམ་ཡིག་ཁ་ཤས་མ་བྲིས་པ་ཧ་ལམ་མེད་པ་རེད། ཁོང་མཚོ་ཁའི་ཆང་ཁང་ནང་དུ་ཡང་ནས་བསྐྱར་དུ་ཕེབས་པ་དེ་ཡང་ཆང་ཁང་ནང་གི་ཆང་འཐུང་རྒད་པོ་དེ་ཚོ་སྙན་ངག་དང་རྒྱལ་རབས་ལོ་རྒྱུས། རྩོམ་རིག་སྒྱུ་རྩལ་ལ་དགའ་མཁན་དང་དེའི་སྐོར་གྱི་ཁ་བརྡ་ཧ་ཅང་མང་བས་རེད།

 ༤༽ མཚོ་ཁའི་ཆང་ཁང་ནང་གི་མི་སྣ་གྲགས་ཅན་གཅིག་ནི་ཆང་སྐྱེས་སམ་གསེར་ཆེན་ཉི་མ་ཟེར་བའི་བརྗིད་ཉམས་དང་ལྡན་པའི་ཕོ་གསར་རྫིག་པོ་དེ་ཡང་རྟག་པར་ཆང་ཁང་ནང་ནས་སྙན་ངག་འབྲི་ཞོར། ལ་གཞས་དང་ཆངགཞས་སོགས་ལེན་པ་མ་ཟད། མཚམས་རེ་ར་བཟི་སྐབས་ཞབས་ཞུ་མ་སྲས་མོ་སྨིན་དྲུག་ཆེད་དུ་ཆང་འཐུང་རྒད་པོ་ཚོ་དང་ཁ་རྩོད་འཁྲུག་འཛིང་ཡང་ཤོར་མྱོང་།གང་ལྟར་ཁོ་ནི་གང་བསམ་པ་དེ་བཤད་ཕོད་པ་དང་། སྒྲུབ་ཕོད་པའི་དཔའ་ཡ་མེད་དེ་”ལང་ཧྲིན་མཚོ་གླིང་”གི་དཔའ་རྒོད་ཝོའུ་སཱུང་དང་ཧ་ཅང་འདྲ།

འཁོར་ལྷ་རྡོ་རྗེས་ཆང་ཕོར་བ་གང་འཐུང་ཞོར་སྙིང་རླུང་སྟོད་ལ་འཚངས་ནས་མིག་ཟུང་ཆང་སྐྱེས་ལ་ཧྲིག་ཧྲིག་བལྟས་ནས་ ”ཁོ་རེ་་་་དཔའ་བློ་ཁོག་ཡོད་ན་ཐོན་ཤོག་”ཟེར་བཞིན་མགོ་ལག་པས་བསྐྱོར་ནས་བསྡད། ཆང་སྐྱེས་ཀྱིས་་ཧ་ཧ་ཧ་་་ “གསེར་སེར་པོ་་་་ཁྱོས་ངོ་མ་བཤད་པ་ཡིན་ནམ”ཞེས་དྲི་བ་དང་ལྷན་དུ་ཆང་ཕོར་ས་ལ་བརྡབས། ཁོང་གཉིས་ཀྱིས་སྙན་ངག་གི་སྨྱུག་རྩལ་ངོམས་ཏེ་མུ་མཐུད་དུ་གནས།

 ༥༽ གཞན་ཡང་འགའ་ཞིག་དུས་ཡུན་རིང་བོར་སློབ་སྦྱོང་གནང་མྱོང་ཡོད་པ་དང་། ཁག་ཅིག་སློབ་ཆུང་ནས་སློབ་ཆེན་མཐར་སོན་པ། ཡང་རེ་ཟུང་ཞིག་དགོན་སྡེ་ཁག་གི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་ཁག་ལ་གང་འཚམ་་སློབ་གཉེར་གནང་འདུག་པ་སོགས་མཚོ་ཁའི་ཆང་ཁང་ཆུང་ཆུང་འདིའི་ནང་དུ་བོད་ཀྱི་རིག་གཞུང་གི་སྐོར་ནས་བགྲོ་གླེང་རྒྱུན་ཆད་མེད་པར་གནང་དང་གནང་མུས་རེད། ཆང་ཁང་འདིའི་ནང་གི་རྒད་པོ་ཚང་མས་ཆང་འཐུང་ནས་ར་བཟི་སྐབས་གཞས་གཏོང་བ་དང་། དེ་ཡང་གཞས་པ་གྲགས་ཅན་དང་། རྡུང་ལེན་པ་”དབྱངས་གངྒཱ་།” སྐད་གཉིས་སྨྲ་བའི་(ལོ་ཙཱ་བ་) “རྟ་དབྱངས་” སོགས་ཕེབས་ནས་སྒྲ་སྙན་རྡུང་ལེན་དང་། ལ་གཞས། རྣམ་ཐར་སོགས་རྣ་བར་སྙན་ཞིང་ཡིད་ལ་འཇེབས་པས་ཆང་ཁང་ནང་གི་དྲ་གྲོགས་རྣམས་སྐྱིད་པའི་དཔལ་ལ་རོལ་བཞིན་འདུག མཚམས་རེར་དྲ་གྲོགས་ཚོའི་སེམས་ཚོར་དང་བསྟུན་ནས་སྐད་ཆ་བཤད་མཁས་པའི་ “མེ་ཏོག་བཅུད་ལེན” ཕེབས་ཏེ་ངོ་མཚར་ཆེ་བའི་སྙན་ངག་འབྲི་བ་དང་། ཀུ་རེ་དང་མཚར་གཏམ་རེ་ཤོད་ཞོར་”དགུ་ཚིགས་ཕོ་ཉ”་དང་ལྷན་ཏུ་ཚིག་རྒྱག་རེ་བྱས་ནས་སྡོད་པ་ནི་རྒྱུན་ལྡན་སྣང་ཚུལ་ཞིག་རེད།

གནའ་མི་བོད་ཀྱི་ཁ་དཔེར”འབྲོག་རྒན་མུ་གེས་འཆི་རུང་། ད་དུང་འབྲོང་ཤ་ཁལ་གཅིག་ཡོད།” ཅེས་བཤད་སྲོལ་ལྟར་ནམ་མཁའི་གློག་ཞགས་འཁྱུག་པ་དང་མཚུངས་པའི་རྒད་པོ”སུམ་པ་ཚང”ཡང་ཁོམ་སྐབས་དང་བསྟུན་ནས་བདུད་རྩི་ཧམ་འཐུང་བྱེད་ཞོར་སྙན་རྩོམ་དྲག་ཆར་འབབ་འབབ་དང་། སྐབས་རེར་བྱང་ཆ་ལྡན་པའི་ངང་ནས་ཁ་འཚར་དང་རྒོད་གཏམ་བཤད་དེ་དྲ་གྲོགས་ཚོར་གད་མོ་སློང་བཞིན་ཡོད།

ཡང་མགྲོན་པོ་ལ་ལ་ཞིག་རྒྱུན་དུ་ཆང་ཁང་དུ་ཕེབས་ཡོད་ནའང་མི་སྨྲ་བའི་སྟུལ་ཞུགས་བཟུང་སྟེ་ཁུ་སིམ་མེར་བཞུགས་འདུག་པས། ཁོ་བོའི་སེམས་སུ་ཅིའི་ཕྱིར་ཁོང་ཚོ་དྲ་ཚོམས་འདིར་ཕེབས་པ་ཡིན་ནམ་སྙམ་པའི་བསམ་བློ་ཡང་སྐབས་འགར་འཁོར་མྱོང་། ཐོག་མར་ངས་”མཚོ་ཁའི་ཆང་ཁང་”འདི་ཆང་ཁང་གསར་བ་ཅིག་ཡིན་འདོད་ཀྱང་། ཆང་གྲོགས་ཚོས་སྐད་ཆར་ཉན་ཡོང་དུས་ཆང་ཁང་འདི་ལོ་མང་རིང་གནས་ཡོད་པའི་ལོ་རྒྱུས་ལྡན་པའི་ཆང་ཁང་ཞིག་ཡིན་པ་གཞི་ནས་ཤེས།

༦༽ གོང་དུ་བརྗོད་ཟིན་པ་ལྟར་མཚོ་ཁའི་ཆང་ཁང་ནང་གི་རྒད་པོ་རྒོད་པོ་ཚོས་ཀུ་རེ་དང་རྩེད་མཚར་ལ་ནང་དོན་ཕུན་སུམ་ཚོགས་པས་ཉན་ན་རྣ་བར་འཇེབས་པ་དང་བསམ་ན་ཡིད་ལ་སྤྲོ་བ་སྟེར་པས་མཚོ་ཁའི་ཆང་ཁང་ནི་ཁོ་བོར་མཚོན་ན་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཏུ་སེམས་སོ། །

སྤྲོ་སྐྱིད་ལྡན་པའི་ཆང་ཁང་འདི་རུ་བདུད་རྩིའི་རོ་བཅུད་ཕུན་སུམ་ཚོགས། །
འཛམ་གླིང་ཤར་ནུབ་གང་སར་གནས་ཀྱང་ཆང་ལ་དགའ་རྣམས་འདི་རུ་འཛོམས།
ངག་རིག་སྒྱུ་མའི་རྩལ་ལ་གོམས་པས་ཀུ་རེ་རྩེད་མོའི་རྒོད་གཏམ་མང་། །
མཛངས་མཛེས་གཉིས་ལྡན་སྲས་མོ་སྨིན་དྲུག་གཞན་ཡིད་འཕྲོག་པའི་ལྕགས་ཀྱུ་ཉིད།།

ལྷུག་རྩོམ།

Post navigation

Previous Post: གཡུལ་ས་ལྟ་བུའི་ཨ་རི་བ། 
Next Post: སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་པའི་བསྐོར་ལ་དཔྱད་པའི་གཏམ།

Comments (2) on “མཚོ་ཁའི་ཆང་ཁང་།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2023-05-19 at 6:35 am

    དུས་རབས་ཉི་ཤུ་རྩ་གཅིག་འདིར་ ༼ ཁང ༽ མང་པོ་འདུག་ལ་གོ་རྒྱུ་ཡང་འདུག།
    དོན་དངོས་མི་གི་འཚོ་བའི་འཕྲོད་ཟ་ཁང་དང་ཇ་ཁང། སྨན་ཁང་དང་ཉལ་ཁང། སློབ་ཁང་དང་འཛིན་ཁང། མགྲོན་ཁང་དང་གནས་ཁང། ཆང་ཁང་དང་ཞང་ཁང། ཤ་ཁང་དང་ཇག་ཚང་སོགས་མང་པོ་ཡོད་ས་རེད་ལ་དེ་ཚོ་མང་ཆེ་བ་མི་གི་འཚོ་བ་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་ས་རེད།

  2. མཐིང་ཟླ། says:
    2023-05-19 at 10:46 am

    ཆང་ཁང་།
    བདུད་རྩི་དང་མཛེས་མས་གཏམས་པའི་མི་ཧྲེང་གི་སྙིང་ཆུང་འཁོར་ས།
    སེམས་པ་དང་སྙིང་གཏམ་རྒུན་ཆང་ལ་སྦངས་པའི་བྱམས་པའི་དགོད་སྒྲ་ཚོར་ས།
    ངལ་དུབ་དང་སྡུག་ཡུས་རླུང་ལ་བསྐུར་སའི་མཚན་གཞུང་གི་ལྷ་ཡི་ཞིང་ཁམས།
    རེ་བ་ཁྱོར་གང་། བདུད་རྩི་ཕོར་གང་། རླུང་རྟ་རྒྱུགས་ན་སྨིན་དྲུག་མིན་ཡང་སྨིན་དྲུག་ལྟ་བུའི་སྙན་ངག་གསོན་པོ་རེ་ལའང་རོལ་མྱོང་བྱེད་ཐུབ་ལེ་ཆེ།
    དེ་དུས་གསུམ་སྒྲོན་ཞབས་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme