Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚར་གཏམ་འདྲ་བའི་དོན་དངོས།

Posted on 2009-12-03 By ཀླུ་ 10 Comments on མཚར་གཏམ་འདྲ་བའི་དོན་དངོས།

e0bd82e0beb2e0bc8be0bd96སྨིན་དབུས་པོ།

ཉེ་བའི་ཆར་བོད་ཀྱི་ས་གནས་ག་གེ་མོའི་གྲྭ་བ་ཞིག་དང་སྐྱེས་པ་ཕོ་སར་གཉིས་མཉམ་དུ་རྒྱ་ནག་ཁྲིན་ཏུ་ནས་རི་བོ་རྩེ་ལྔར་གནས་མཇལ་དུ་སོང་ཟེར། གྲྭ་བ་དེས་གྲྭ་ཆས་ཚུལ་ལྡན་སྒྲོས་དག་ཅིག་གྱོན་ཡོད་པ་དང་། གསར་བུ་དེས་ནུབ་ལྭ་གསར་བ་ཞིག་གྱོན་ཡོད་འདུག ཁོ་གཉིས་ཁྲིན་ཏུ་ནས་ཐེ་བཡན་གྲོང་ཁྱེར་དུ་ཤར་གཏོང་གི་མེ་འཁོར་ལས་འགྲིམ་འགྲུལ་བྱེད་སྐབས། ཁོ་གཉིས་ཀྱི་འཁོར་སྒམ་ཁ་གཏད་དུ་རྒྱ་ནག་མི་རིགས་ཀྱི་གཟའ་ཟླ་ལོ་གཞོན་གཉིས་དང་ཁོ་གཉིས་ཀྱི་འཁྲིས་སུ་བུ་ཆུང་ལོ་ངོ་ལྔ་དྲུག་ཡས་མས་ཅན་ཞིག་བཅས་གཟའ་མི་གསུམ་གྱི་སྡོད་སར་ཁེལ་འདུག ཁོ་ཚོ་མཉམ་དུ་འཁོར་སྒམ་འདུག་སྟེགས་སུ་ཐོན་ཏེ་བསྡད་ནས་ཅུང་ཙམ་ན། རྒྱ་ཕྲུག་བྱིས་པ་དེས་བོད་ཀྱི་གྲྭ་བ་དེའི་གྲྭ་ལ་གྱོན་ཡོད་པ་མཐོང་མ་ཐག་མཛུབ་མོ་ཀེར་ཏེ། ཨ་ཕ། ཨ་མ། མྱུར་ཏུ་ལྟོས་དང་རྒྱལ་ཁབ་ཀྱིས་ད་དུང་མི་ངན་ཞིག་འཛིན་བཟུང་ཐུབ་མི་འདུག་ཅེས་འུར་བརྒྱབས་སྐབས་རྒྱ་ཕྲུག་གི་ཕ་མ་གཉིས་ཀྱིས་གདོང་གནག་སྟེ་བུ་ཆུང་ལ་དེ་ལྟར་ལབ་མི་རུང་བའི་ཉམས་སྟོན། ཚུལ་དེ་ཁོ་གཉིས་ཀྱིས་མཐོང་ཐོས་སྐབས་ གསར་བུ་དེ་གད་མོ་ཤོར། གྲྭ་བ་དེའི་སེམས་ལ་དོགས་མི་བའི་ཚོར་བ་སྔར་མེད་ཅིག་བསྣན་པ་དང་། དེར་མེ་འཁོར་ཤར་གཏོང་གི་དུང་བརྡ་བཏང་ནས་ལམ་ལ་བུད་པ་དང་མཉམ་དུ་བདེ་སྲུང་མི་སྣ་སོ་སོས་མགྲོན་པོ་མི་རེ་རེ་བཞིན་ཐོབ་དཔང་ལག་འཁྱེར་ལ་བརྟག་དཔྱད་བྱེད་པ་དང་། འགྲིམ་འགྲུལ་འཛིན་བྱང་ཐོ་འགོད་སྐབས་ཚང་མས་ཁོ་གཉིས་ཀྱི་ནང་ནས་གྲྭ་བ་དེའི་འཛིན་བྱང་སོགས་ལ་ཟབ་ནན་ཞིབ་ཚགས་བྱེད་པའི་གནས་ཚུལ་སོགས་ཀྱིས་གྲྭ་བ་དེ་ལ་སྔར་ལས་ཀྱང་རང་ཉིད་ནི་རྒྱལ་འབངས་དཀྱུས་མ་ཞིག་ཡིན་མོད་དེ་རིང་གང་ཐད་ནས་ཕྱི་བ་གླིང་འཁྱམས་པོ་ཞིག་གམ། ཡང་ན་དོགས་ཡོད་ཀྱི་མི་ཞིག་གི་ཚད་དུ་གནས་མི་འདུག་གམ་སྙམ་ནས་དོགས་མི་བདེ་བ་ལས་ཀྱང་མི་བདེ་བ་བྱུང་སྟེ། ཉིན་གང་བོར་འདང་རྒྱག་ཤོར་བ་དང་། ཐ་ན་གཙང་སྤྱོད་ཁང་དུ་འགྲོ་བ་ལ་ཡང་སེམས་ཁུལ་དང་དཀའ་ངལ་བྱུང་སོང་ཟེར་བའི་མཚར་གཏམ་ཞིག་མི་མང་པོས་བཤད་པ་ཐོས། ཧ་ཧ་ཧ།

མཚར་གཏམ་འདྲ་བའི་དོན་དངོས་འདི་རྒྱ་ནག་ཁྲིན་ཏུའི་ཇ་ཁང་ཞིག་ནས་ཐོས།

མཚར་གཏམ།

Post navigation

Previous Post: ཞལ་འདེབས་སློང་གི་འདུག་ཟེར།
Next Post: ཚེ་རིང་འོད་ཟེར་ལགས། ཁྱོད་བདེ་མོ་ཡིན་ནམ།

Comments (10) on “མཚར་གཏམ་འདྲ་བའི་དོན་དངོས།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-03 at 6:30 pm

    ད་ནི་བོད་ཡུལ་གྱི་བོད་ཀྱི་དགེ་འདུན་པ་དེ་ཚོ་དངོས་ནས་རྒྱའི་སྲིད་གཞུང་གི་མིག་ནང་གི་ཚེར་མར་གྱུར་ནས་ལོ་ངོ་མང་བོ་ཞིག་ཕྱིན་ཡོད་པ་ནི་བོད་ཡུལ་ལ་རྒྱུས་མངའ་ཡོད་མཁན་གྱི་བོད་མི་དག་གི་མཁྱེན་གསལ་ཡིན་ཡང་། ད་ལྟ་ནི་མི་སེར་དཀྱིས་མའི་ཁྲོད་ཀྱི་བྱིས་པ་དག་གི་སེམས་ཁོང་དུའང་བག་ཆགས་ངན་པ་དེ་དར་ཁྱབ་གཏོང་ཟིན་པ་དེ་ནི་ལྟས་ངན་རང་རེད།

  2. གཞིས་ལུས་བོད་པ། says:
    2009-12-04 at 12:03 am

    མ་གཞི་3,14སྐབས་སུ་དོན་དངོས་སམ་རྫུན་མ་གང་ལྟར་ཡང་གྲྭ་བ་རྣམས་བརྙན་འཕྲིན་ལས་ཁྱབ་སྒྲོག་བྱས་པའི་དབང་གིས་རྒྱའི་མི་དམངས་ཁྲོད་འདི་ལྟ་བུའི་ལྟ་ཚུལ་བྱུང་བ་རེད།

  3. ཁ་རུ་ཁ་ཐུག says:
    2009-12-04 at 7:38 am

    རྒྱ་གོག་དཔོན་ངན་དེ་ཚོས་བོད་ཀྱི་གྲྭ་བཙུན་ཚང་མ་གུང་ཁྲན་ཏང་གི་དགྲ་བོ་རུ་ངོས་འཛིན་བྱས་ནས་རྒྱ་ནག་གི་མང་གི་ཁྲོད་དུ་ཁྱབ་བསྒྲགས་ཤུགས་ཆེན་བྱས་པའི་ཉེར་ལེན་གྱིས། ཐ་ན་རྒྱ་ཕྲུག་ལོ་ཆུང་ཞིག་གིས་ཀྱང་མི་ངན་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་བཟོས་པ་རེད། དམར་ཕྱོགས་པ་འདི་ཚོར་ཡ་རབས་དང་དྲང་བདེན་ཟེར་བ་གང་ན་འདུག

  4. མགོན་དར། says:
    2009-12-04 at 11:41 am

    འདི་འདྲ་ནི་ནུབ་ཕྱོགས་སུ་ཡང་འདུག་གོ། །ང་རང་གྲྭ་ཆས་གྱོན་ནས་ཡར་མར་སྲང་ལམ་ཉུལ་སྐབས། རྒྱ་རིགས་ཤིག་གིས་མཐོང་ཚེ་ཁོ་རང་ཚོ་ཡང་དོག་མི་བདེ་བའི་ཚོར་སྣང་བྱེད་ཀྱི་འདུག བདུན་ཕྲག་གཅིག་ཙམ་གྱི་སྔོན་དུ་རྒྱ་མོ་ཞིག་གིས་འཛུམ་ཙམ་བྱས་པས་དེ་ཁོ་ནས་སེམས་གསོ་ཞིག་ཐེབས་སོང་། དེ་མིན་ང་ཡང་རྒྱ་རིག་ན་དོན་མེད་གྲྭ་ཆས་གྱོན་རྒྱུ་ཡང་འཚེར་སྣང་སྐྱེས་སོང་། ཡུ་རོབ་ན་འདི་ཚོ་མང་བ་ལའང་ཚོད་མི་འདུག གང་ལྟར་མི་སྐྱ་རྣམས་ནི་ངོས་འཛིན་ཁག་པས་གྲྭ་བ་མཐོང་ཚེ་དགྲ་རུ་འཛིན་མཁན་མང་པོ་ཡོད་ཁོ་ཐག་རེད།

  5. མགོ་ལོག་མགོན་ཐོ། says:
    2009-12-04 at 3:59 pm

    དེ་ད་རྒྱ་ནག་ཟེར་བའི་སྟོབས་ཆེན་རྒྱལ་ཁབ་དེ་ལག་ན་ཕྱག་ན་ཕྲེང་བ་ལས་ཅི་ཡང་མེད་པའི་ཞི་བའི་དགེ་འདུན་པ་དག་ལ་སྐྲག་ནས་སྐྱག་པ་ཤོར་གྲབ་བྱེད་ཀྱི་ཡོད་པའི་རྟགས་བཟང་པོ་ཞིག་རེད་ད།

  6. གཡག་ལྡོམ་། says:
    2009-12-04 at 4:27 pm

    མགོན་དར་ལགས་།
    གོང་གི་རྩོམ་པ་པོའི་རྩོམ་ཡིག་དེ་དོན་དངོས་རེད་། ད་དང་འབྲེལ་མཆན་ལོག་དེ་ཚོ་་སེམས་ཀྱི་རྣམས་རྟོགས་རེད་། རྒྱ་རིགས་ཡིན་ཚད་ལོར་བསམ་བློ་དེ་ཡོད་པར་འདོད་ན་། ཆེ་ཐལ་དྲགས་པས་། གཡག་བྱར་ཀྱི་རྩྭ་ཟ་སྟང་མ་བྱེད་།

  7. འཛེར་མ་ར་མགོ། says:
    2009-12-06 at 6:30 am

    གང་ལྟར་གྲྭ་བ་དེ་ཚོ་ལ་དཀའ་ངལ་རེད། རྒྱ་གཞུང་གིས་ཕྱོགས་གཅིག་ནས་དགོན་པ་ལ་ཡོང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུར་སྤེལ་བ་དང་། རྒྱ་ནག་མི་མང་ཁྲོད་དུ་བོདཀྱི་གྲྭ་བ་དེ་ཚོ་རྡུང་བཅོམ་འཕྲོག་བསྲེགས་ཀྱི་བྱ་བ་བསྒྲུབས་མཁན་ཞེས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་དེས་བོད་མི་མང་གི་སེམས་ཁོངས་ལ་ན་ཚ་ཆེན་པོ་ཞིག་བཟོས་ཡོད།

  8. བློ་བཟང་ཡོན་ཏན says:
    2010-02-19 at 2:17 pm

    བདེན་མཐའ་གསལ་བའི་སྨོན་ལམ་ཞུ། ཕྱི་སོག་བུ་ཆུང་ནས།

  9. ཀརྨ་ཡེ་ཤེས། says:
    2010-12-22 at 12:05 am

    ང་ཡང་རྟག་པར་ང་རང་གཅིག་པུར་ཆོས་ཚོགས་ལ་བསྡད་ཡུན་རིང་དྲག་པའི་རྐྱེན་གྱིས་གཟའ་ཉི་མའི་གུང་སེང་སྐབས་ང་ཡི་གྲོག་པོ་ཐུབ་བསྟན་དང་ངེད་གཉིས་ཉིན་གཅིག་ཨ་རིར་California རྒྱ་ནག་གི་ཁྲོམ་གཞུང་ལ་འགྲོ་རྒྱུའི་དུས་བཏབས་པ་ཡིན། ངས་ནམ་རྒྱུན་བོད་པའི་སེར་ཆས་གཟན་ཤམས་དང་མ་ཟད་སྟོད་འགག་སེར་པོ་བཅས་ཡིན་ལུགས་ཚད་ལྡན་ཞིག་བྱས་ནས་ལམ་ལ་ཆས་པ་ཡིན། ཁྲོམ་གཞུང་ནང་ལ་སླེབས་པའི་སྐབས་སུ་དངོས་གནས་རྒྱ་ནག་གྲོང་ཁྱེར་ཆེན་པོ་ཞིག་ནང་ལ་སླེབས་པ་འདྲ་བའི་ཚོར་སྣང་བྱུང་། ངེད་གཉིས་གང་སར་ལྟས་མོ་དང་ཙག་ཙིག་ཉོ་ཚོང་ཕྱིར་དུ་ཉིན་གང་འཁྱམས་ཉུལ་བྱས་པ་ཡིན།
    གང་འཚམས་ཞིག་ནས་ངོས་གཉིས་ཟ་ཁང་ཞིག་ནང་ལ་འཛུལ་བ་ཡིན། དེས་ནང་ལས་གཡོག་བྱེད་མཁན་བུ་མོ་ཞིག་ནས་མི་ག་ཚད་ཡོད་ཅེས་རྐུབ་སྟེག་ཐོ་འགོད་ཀྱི་དྲིས་བརྡ་གཏང་སོང་ངས་མི་གཉིས་ཞེས་ལབ་ཚར་མ་ཐག་ཟུར་ནས་རྒྱ་རྒན་ཞིག་སླེབས་སོང་། ཁོས་གདོང་འཚེར་སྣང་ཞིག་དང་ཁྲོ་ཉམས་ཀྱིས་ཁྱེད་རང་ཚོ་ཏྰ་ལའི་བླ་མའི་ཚོགས་པ་མ་རེད་པས་ལབ་སོང་། ངས་རེད་ང་ཚོ་བོད་རིགས་ཡིན་ཞེས་ལབ་པ་དང་མཉམ་དུ་རྐུབ་སྟེག་ཐོག་ཏུ་བསྡད་པ་ཡིན།
    ཁོས་ཏྰ་བླ་མས་ངན་ཇུས་འོག་ང་ཚོ་རྒྱ་ནག་གཞུང་གི་རྩེད་མོ་ཨོ་ལིན་ཕིག་ལ་བར་ཆད་བྱེད་མཁན་དེ་ཁྱེད་རང་ཚོ་རེད་ཅེས་བཤད་སོང་། ངས་ད་ཡིན་ན་ཟ་ཁང་གཞན་པ་ཞིག་ནང་ལ་འགྲོ་ཁ་ལག་དེ་སྐྱིད་པོ་ཞིག་ཡོང་ས་མ་རེད་ཅེས་ཐུབ་བསྟན་ལ་བཤད་པ་ཡིན། ཐུབ་བསྟན་ནས་དཀོན་མཆོག་གསུམ་གོམ་གང་ལ་མི་འགྲོ་དེ་རིང་ཁྱེད་རང་སྐུ་དྲིན་གྱིས་ཡང་རྒྱ་མི་ཞིག་ལ་བོད་ཀྱི་གནས་ཚུལ་ངོ་མ་དེ་འགྲེལ་བཤད་རྒྱག་ས་རག་པ་རེད་གོ་སྐབས་ཡག་པོ་རེད་ཅེས་ཟེར་བ་དང་མཉམ་དུ་ཁོ་རང་གཉིས་སྐད་ཆའི་མགོ་བཟུང་སོང་།
    ང་ཡི་གྲོགས་པོ་ཐུབ་བསྟན་ལགས་ནི་བོད་མི་རིགས་ལ་རྒྱ་ཅན་ཞིག་དང་མ་ཟད་དབྱིན་སྐད་ལ་ཧ་ཅང་བྱང་ཆུབ་པ་ཞིག་ཡིན་པས་ཁོང་གཉིས་ནས་ཕན་ཚུན་སྐད་ཆ་ངམ་པོ་བཤད་སོང་།
    རྒྱ་རྒན་དེས་ད་དུང་ཁས་ལེན་ཀྱི་མི་འདུག
    རྗེས་ནས་ཐུབ་བསྟན་ལགས་ནས་ང་ཚོའི་རྒྱ་མི་རིགས་ལ་འཁོན་འཛིན་གང་ཡང་མེད་པ་མ་ཟད་གྲོགས་པོ་བྱེད་ཀྱི་ཡོད་ཁྱེད་རང་བོད་ཀྱི་གནས་སྟངས་ངོ་མ་དང་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་སོགས་ངེས་པར་ཤེས་དགོས་ན་འདིར་གཟིགས་ཟེར་ནས་དྲ་རྒྱ་དང་ཁ་བྱང་སོགས་མང་པོ་ཞིག་སྤྲད་སོང་།

  10. ཀར་མ་འགྲུག་རྒྱལ says:
    2011-06-13 at 2:13 am

    བཀྲ་ཤིས་བདེ་ལེགས་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme