Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚན་ཉིད་རིག་པའི་སྐོར་གྱི་དཔྱད་རྩོམ། ༼༢༽

Posted on 2016-07-172016-07-17 By ཁ་བརྡ་ 5 Comments on མཚན་ཉིད་རིག་པའི་སྐོར་གྱི་དཔྱད་རྩོམ། ༼༢༽

གོང་དཀར་ངག་རྣམ། ས་རཱ།
 

མཚན་ཉིད་རིག་པའི་སྐོར་གྱི་དཔྱད་རྩོམ།
< Analysis Of Philosophy >

(༣) དངོས་གཙོ་དང་སེམས་གཙོའི་རིང་ལུགས་ཀྱི་འགལ་ཟླ་དངོས།

མག་སེས་དངོས་པོའི་འཕེལ་འགྲིབ་ཀྱི་ཁྱད་པར་ནི་དཀོན་མཆོག་ལྟ་བུ་ཕྱིའི་ནུས་ཤུགས་ཀྱི་དབང་ལས་མིན་པར་དེ་ནི་དངོས་པོ་རང་ཉིད་ལ་རང་ཆས་སུ་གྲུབ་པའི་འགྱུར་བ་ཞིག་ཡིན་པར་འདོད་པ་དེ་རེད། མག་སེའི་རྩོད་གྲུབ་ཀྱི་རིག་པ་འདི་འཇར་མན་གྱི་མཚན་ཉིད་རིག་པ་བ་སྐུ་ཞབས་Hegel ལས་བྱུང་བ་ཡིན་ནའང་དོན་དངོས་ཐོག་ལྟ་གྲུབ་དེ་གཉིས་འགལ་ཟླར་འགྲོ་གི་ཡོད། ཧི་གྷལ་གྱིས་འཛམ་གླིང་གི་འཁྲུག་རྩོད་ནི་དོན་དངོས་ཐོག་བསམ་བློའི་འཁྲུག་རྩོད་ཅིག་ཡིན་པ་དང་། མག་སེས་དེ་དང་འགལ་བར་མིའི་བསམ་བློའི་འགལ་ཟླ་ཞེས་པ་ནི་ཕྱི་དངོས་པའི་ནུས་ཤུགས་དང་དཔལ་འབྱོར་གྱི་གནས་སྟངས་བྱུང་བས་ཁོང་གཉིས་ཀྱི་ལྟ་ཚུལ་ནི་མི་འདྲ་བ་ཙམ་མ་ཟད་དངོས་སུ་འགལ་བ་ཡིན་པར་ཁས་ལེན་བྱས་ཡོད།

ཁོང་གཉིས་དབར་འགལ་བ་ཡོང་གཞི་གཅིག་ནི་ཧི་གྷལ་གྱིས་རྩོད་སྒྲུབ་སེམས་གཙོའི་རིང་ལུགས་ནང་(Abslolute spirit)ཞེས་པ་ལྟ་བུའི་དེབ་བྲིས་ཏེ་ཡེ་ཤུའི་ཤུགས་རྐྱེན་ཐེབས་ཡོད་པ་དེ་རེད། མག་སེ་རང་ཉིད་ཀྱིས་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་ནི་དཀོན་མཆོག་དང་བདག་རང་རྐྱ་བ་མེད་པར་ལྟ་བའི་ཚུལ་ལས་བརྩམས་པ་ཞིག་ཡིན་པར་འདོད་པ་སྟེ། ཡེ་ཤུའི་ཆོས་ལུགས་ཀྱིས་བདག་རང་རྐྱ་བ་དང་ལུས་ཀྱི་ཁྱད་པར་ཕྱེས་ཏེ། མི་ལ་ཚེ་དུ་མ་ཡོད་པར་བཤད་ནས་བསམ་ངོའི་བདེ་བའམ་དོན་ལ་མེད་པའི་བདེ་བ་ཞིག་ཡོད་ཁུལ་བཤད་པ་ལ་བརྟེན་ནས་མག་སེས་(The opium of People)ཞེས་ཆོས་ལུགས་ནི་མི་མང་ལ་གནོད་རྒྱུའི་དུག་ཏུ་བརྩིས་ཡོད། དེ་བས་སྤྱི་ཚོགས་ལེགས་བཅོས་ཆ་ཚང་བ་ཞིག་ཡོང་བར་ཆོས་མེད་རིང་ལུགས་ཤིག་དགོས་གལ་ཆེ་བར་བཤད་ཡོད།

རྒྱུ་མཚན་དེར་བརྟེན། དངོས་གཙོ་སྨྲ་བ་རྣམས་ཀྱིས་དཀོན་མཆོག་གམ་འཇིག་རྟེན་བཀོད་པ་པོ་ཞེས་པ་ཞིག་མི་འདོད་པའི་དེ་ཡོད་པར་སྒྲུབ་པའི་སེམས་གཙོའི་རིང་ལུགས་ལ་དགག་པ་བྱེད། སེམས་གཙོའི་རིང་ལུགས་སྨྲ་བས་འཇིག་རྟེན་བཀོད་པ་པོ་སྒྲུབ་ཚུལ་ནི། དཔེར་ན། བྷི་ཤོབ་བྷར་ཁེ་ལིས་(Bishop Berkeley(1685-1753) སྤྱིར་བཏང་གི་ཡུལ་ལྗོན་ཤིང་གཅིག་དཔེར་བཞག་ནས་བརྗོད་གསལ། (དངོས་པོ་རྣམས་ང་ཚོས་མཐོང་བའམ་མྱོང་བའི་སྒོ་ནས་འཕྲལ་དུ་ཤེས་རྟོགས་ཡོང་གི་ཡོད། ལྗོན་ཤིང་ཡང་འཆར་སྣང་ལས་གྲུབ་པ་དང་། ལྗོན་ཤིང་དེ་ང་ཚོས་མ་མཐོང་བ་དང་མ་མྱོང་བ་དེ་སྲིད་དུ་ལྗོན་ཤིང་སྟེང་དུ་བདེན་པའི་ཆ་ཅུང་ཟད་ཙམ་ཡང་མེད་པའི་ཁས་ལེན་བྱེད་ཀྱི་ཡོད། ང་ཚོས་མིག་བཙུམས་པའམ་ཡང་ན་ལྗོན་ཤིང་གི་ཉེ་འཁྲིས་སུ་མི་སུ་གང་ཡང་མེད་ཀྱང་དེ་མུ་མཐུད་དེ་གནས་དགོས། འོན་ཏེ། དེའི་རྒྱུན་གནས་ཐུབ་པའི་དོན་དངོས་ཀྱི་རྒྱུ་མཚན་ནི་དཀོན་མཆོག་གིས་དེ་དག་གཟིགས་ཀྱི་ཡོད་པས་ཡིན། ང་ཚོས་གཟུགས་ཅན་གྱི་ཡུལ་དུ་འདོད་པའི་ལྗོན་ཤིང་དངོས་གནས་དེ་དཀོན་མཆོག་གི་སེམས་ནང་དུ་གྲུབ་པའི་འཆར་སྣང་ཡིན། )ཞེས་པ་ལྟ་བུ་རེད།

འདིར་ཤེས་དགོས་རྒྱུ་ཞིག་ནི། གོང་ས་མཆོག་གིས། སྤྱི་ཚོགས་ཀྱི་ཆབ་སྲིད་རིག་པའི་ཐོག་ནས་བཤད་ན་ངོས་རང་མག་སེའི་མཚན་ཉིད་རིག་པ་སྨྲ་བ་ཡིན། “As far as social-economic theory is concerned I am still a Marxist” ཞེས་གསུངས་པ་དེ་ནི་མག་སེའི་སྲིད་དོན་མཚན་ཉིད་རིག་པའི་གཞི་རྩའི་ཀུན་སློང་དང་འཆར་གཞིར་གཞིགས་ནས་གསུངས་པ་ཞིག་ལས་ཁོང་གི་དྲག་པོའི་འཐབ་རྩོད་ཀྱི་ཐབས་ལམ་དང་མིའི་དཀའ་ངལ་ཡོངས་རྫོགས་དཔལ་འབྱོར་ཁོ་ནར་ཐུག་ཡོད་པའི་ལྟ་ཚུལ་ལ་གཟིགས་ནས་གསུངས་པ་དེ་འདྲ་མིན་སྙམ།

འདིའི་སྐོར་ ༸གོང་ས་མཆོག་གིས་མཛད་པའི་<<ཤེས་ཡོན་ལམ་སྟོན།>>ཞེས་པའི་དཔེ་དེབ་ཏུ།

“མར་ཁེ་སི་ནི་བརྒྱ་ཕྲག་བཅུ་དགུ་པའི་ནང་བྱུང་སྟེ། ཁོ་རང་གི་དུས་སྐབས་ལ་བཟོ་ལས་འཛུགས་སྐྲུན་ཡར་རྒྱས་ཡོང་སྐབས་བཟོ་པ་ཚོ་དངོས་གནས་དཀའ་ངལ་ཆེན་པོ་ཞིག་གི་འོག་ལ་བསྡད་པ་ཞིག་དང་། བཟོ་པས་དཀའ་ངལ་བྱས་པའི་གྲུབ་འབྲས་དེ་བཟོ་པའི་སྦྱིན་བདག་ཉུང་ཤས་ཤིག་གིས་བེད་སྤྱོད་བྱེད་པའི་གནས་ཚུལ་འདི་འདྲ་ཞིག་ཆགས་ཡོང་བར་བརྟེན། གནས་ཚུལ་འདིའི་ཆེད་དུ་སྦྱིན་བདག་དེ་དག་ལ་མཐེ་བོང་ཀེར་ནས་གཟབ་གཟབ་བྱེད་རོགས། བྱམས་པོ་བྱེད་རོགས་ཞེས་བརྗོད་ན་ཉན་གྱི་མ་རེད། འོ་ན། གང་ཞིག་བྱེད་དགོས་སམ་ཞེ་ན། འདིའི་ཆེད་དུ་ཐབས་ཤེས་བཙལ་དགོས་ལ། ཐབས་ཤེས་དེ་གང་འདྲ་ཞིག་དགོས་ཟེར་ན། སེམས་ཅན་ཐམས་ཅད་མ་ཡིན་ནའང་། ཉམ་ཐག་མི་མང་པོ་ཞིག་བཙན་གནོན་གྱི་འོག་ཏུ་གནས་ཡོད་པའི་གནས་སྟངས་འདིའི་འོག་ནས་བསམ་བློ་ཞིག་གཏོང་སྐབས། སྤྱིར་བཏང་བྱ་བ་གང་འདྲ་ཞིག་ཡིན་རུང་ཐོག་མར་སྐད་ཆའི་འོག་ནས་གོ་བསྡུར་ལམ་སྟོན་དང་། དེ་ནས་དངོས་སུ་ལག་ལེན་གྱི་ཐོག་ནས་འགྲོ་དགོས། དེའི་སྔོན་ལ་རང་གི་སེམས་ལ་གསལ་པོ་བྱས་ནས་བསམ་བློ་གཅིག་འཆར་དགོས་ཀྱི་ཡོད།

བསམ་བློའི་འཁྱེར་སོའམ་ལྟ་བ་ཞིག་མེད་པར་བྱ་བ་ཡོང་ཐབས་མེད། འདི་ལ་བརྟེན་ནས་མཚན་ཉིད་རིག་པ་ཡོང་གི་ཡོད་པ་རེད། མཚན་ཉིད་རིག་པས་རང་གི་འཚོ་བར་ཕན་པ་མེད་ཀྱང་། མཚན་ཉིད་རིག་པར་བརྟེན་ནས་མང་ཚོགས་ཀྱི་འཚོ་བར་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད། མར་ཁེ་སིའི་མཚན་ཉིད་རིག་པས་ལམ་སྟོན་ཇི་འདྲ་བྱས་ཡོད་ཅེ་ན། གོང་སྨོས་གནས་སྟངས་འདིའི་འོག་ལ་མང་ཚོགས་ཀྱི་བསམ་བློའི་ནང་ལ་ལམ་ལུགས་སྒྱུར་བཅོས་བྱེད་པའི་བློ་སྟོབས་སྐྱེ་དགོས་ལ། བློ་སྟོབས་མེད་ན་སྒྱུར་བཅོས་བྱེད་ཐབས་མེད། བློ་སྟོབས་སམ་སྤོབས་པ་ཇི་ལྟར་བཟོ་དགོས་སམ་ཞེ་ན་བདེ་སྡུག་ཚང་མ་སོ་སོའི་ལག་པར་ཡོད་པར་འདི་བསྟན་དགོས་པ་རེད། ངས་མར་ཁེ་སིའི་ལམ་ལུགས་ལ་སློབ་སྦྱོང་མ་བྱས་པས་ཡག་པོ་ཤེས་ཀྱི་མེད་ཀྱང་། ཚང་མ་སོ་སོའི་ལག་པར་ཡོད་པ་འདི་སྟོན་གྱི་ཡོད།” ཅེས་གསུངས་འདུག

དཔྱད་རྩོམ།

Post navigation

Previous Post: འཚོ་གནས་སྙིང་པོ་མེད་པའི་བསམ་བློས་རང་གཞན་ཕུང་།
Next Post: {བཀའ་དྲིན་རྗེས་དྲན་སློབ་ཡོན།}

Comments (5) on “མཚན་ཉིད་རིག་པའི་སྐོར་གྱི་དཔྱད་རྩོམ། ༼༢༽”

  1. ལྷ་སྒང་ཆོས་གྲགས། says:
    2016-07-18 at 12:20 am

    མར་ཁེ་སའི་རིང་ལུགས་འཕྲོ་བརླག་ཏུ་གཏོང་མཁན་ལི་ཉེན་དང་མོའོ་ཙེ་ཏུང་སོགས་སྒེར་གཅོད་ལ་དགའ་མཁན་གྱི་ཤེན་པ་དག་རེད།

  2. ཀརྡོ་གཉེར་ཕྱག་པ་་ says:
    2016-07-18 at 9:33 am

    དངོས་གཙོ་སྨྲ་བ་མར་ཁེ་སེའི་དཔལ་འབྱོར་འདྲ་མཉམ་ཐོབ་དགོས་ཀྱི་འཆར་སྣང་ལྟ་བུ་ལག་ལེན་དུ་འཁེལ་བ་ལ། ཐེག་ཆེན་ལྟ་གྲུབ་ནང་གི་རང་གཞན་གཉིས་ཀ་བདེ་བ་འདོད་པ་མཚུངས་པ་དང་། སྡུག་བསྔལ་མི་འདོད་པ་མཚུངས་པར་ཤེས་ཐུབ་པའི་སྤོབས་པ་དང་། ལྷག་བསམ་ཀུན་སློང་བཟང་པོ་དེ་དགོས་པ་དང་། དེ་སེམས་གཙོ་སྨྲ་བའི་ལམ་ལུགས་ལ་མ་བརྟེན་པར་འོངས་ས་མི་འདུག་སྙམ་ལགས།

  3. ཀརྡོ་གཉེར་ཕྱག་པ་་ says:
    2016-07-18 at 9:55 am

    ཆེད་རྩོམ་འདི་ལྟ་བུ། བོད་སྐད་དུ་བྲིས་པ་ནི། དུས་སུ་དགོས་པའི་ཆར་པ་རེད། རྗེས་སུ་ཡི་རང་ཞུའོ།།

  4. བསྟན་འཛིན་པདྨ། says:
    2016-07-18 at 11:53 am

    གོང་དཀར་ངག་རྣམ་ལགས་ཀྱིས་ཆེད་རྩོམ་སྤུས་ལེགས་ཤིག་སྤེལ་བར་ཡི་རངས་ཞུ།

    འདི་ལྟ་བུའི་ཞིབ་འཇུག་རང་བཞིན་ཅན་གྱི་ཆེད་རྩོམ་ནི་བོད་སྐད་དུ་དགོས་གལ་ཆེ་ཞིང། དུས་ཐོག་ཆར་པ་རང་རེད། རྒྱུན་ལྡན་རྩོམ་ཉག་ཉོག་འབྲི་མཁན་མང་དག་ཅིག་གིས་ནུབ་ཕྱོགས་མཚན་ཉིད་སྨྲ་བ་རྣམས་ཀྱིས་བཤད་པ་རྣམས་ལུང་འདྲེན་དུ་དགོས་རྒྱུར་ལྷག་པར་དགའ། འོན་ཀྱང་ཁོང་ཚོར་སུ་ཡིས་བཤད་པ་ཙམ་ལས། ཡུལ་དུས་གང་ཞིག་ཏུ་རྒྱུ་མཚན་གང་གིས་བཤད་པ་སོགས་ཀྱི་ཁུངས་རྩ་བ་ནས་མེད།

  5. གོང་དཀར་ངག་རྣམ། says:
    2016-07-18 at 12:31 pm

    ལྷ་སྒང་ཆོས་གྲགས་ཀྱིས་གསུངས་པ་བདེན་པ་རེད།
    ལེ་ཉིན་གྱིས་མག་སེའི་རིག་པའི་གཞུང་ལུགས་ནག་བསུབ་བཏང་བ་དེ་བདེན་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme