Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མནོ་བསམ།

Posted on 2018-01-15 By ཁ་བརྡ 1 Comment on མནོ་བསམ།

འགྱུར་མེད་ཚེ་རིང་།

 

རབ་འབར་བྱིན་རླབས་ཀྱི་ཚན་ཁ་རྒོད་པའི་གནས་མཆོག་ཏུ།།
རབ་མང་མི་ཚོགས་ཀྱི་འཚང་ཁའི་རྦ་རླབས་ཆེ་ཆེ་འདྲ།།
རབ་ཞི་དམ་ཆོས་ཀྱི་ཉིང་ཁུ་རླབས་པོ་ཆེ་ཆེ་དེ།།
རབ་མྱུར་འགྲོ་ཚོགས་ཀྱི་སྙིང་ཁར་གྲང་ཆར་སིམ་སིམ་བཞིན།།

གཟུང་བ་གཞི་ཡུལ་ལ་འགྱུར་ལྡོག་རྣམ་འགྱུར་མོད།།
འཛིན་པ་ཡུལ་ཅན་གྱི་རྣམ་རྟོག་ཆུ་གཉེར་འདྲ།།
རྣམ་རྟོག་ཆུ་གཉེར་གྱི་རང་གཟུགས་རེ་རེ་དེ།།
སོ་བཞི་དབྱངས་གསལ་གྱི་སྲད་བུར་སྤེལ་བར་བྱ།།

སྲིད་པ་རྣམ་རྟོག་གི་གྲོང་ཁྱེར་ཆེན་པོ་ན།།
འདི་ཡིན་འདི་མིན་གྱི་ཁོ་ཐག་མི་ཆོད་པའི།།
འཕྲུལ་སྣང་སྒྱུ་མ་བཞིན་ཟློས་གར་གང་སར་སྣང་།།
རང་སེམས་སྣང་བ་ལ་རང་གཅུན་བྱ་གལ་ཆེ།།

སྐྱ་མིན་སེར་མིན་གྱི་ཕུང་གསུམ་བྱོལ་སོང་འགས།།
འདི་སྣང་འཚོ་བ་ཡི་མགོ་སྐོར་བསླུ་བྲིད་འོག།
ཕྱི་མ་གཡང་ས་ལ་གཡུགས་པའི་ཐ་ཤལ་ལས།།
འཛེམ་མེད་བྱུང་རྒྱལ་དུ་སྤྱོད་པ་ཡ་རེ་ང་།།

དོན་མེད་ཕ་རོལ་གྱི་འདས་མ་ད་གསུམ་གྱི།།
བྱ་སྤྱོད་ཅི་ཡིན་ལ་གཤེ་གཤེ་མང་མང་ལས།།
ཚུ་རོལ་རང་ཕྱོགས་ཀྱི་དཀར་ངན་བྱ་བ་ལ།།
བརྟག་པ་རྟོག་དཔྱོད་ཀྱི་གོམས་པ་མེད་འདི་སྐྱོ།།

འདི་སྣང་ཚུ་རོལ་གྱི་ལྟོ་གོས་གཏམ་གསུམ་ལ།།
རྣམ་དཔྱོད་རིག་རྩལ་གྱི་མཚོན་ཆ་བསྐོར་བསྐོར་པས།།
ཕྱི་མ་ཕ་རོལ་གྱི་ཕ་ས་སྟོང་པར་ལུས།།
བླུན་པོ་ཧོན་ལོག་གི་སྣང་ཚུལ་ཞེ་རེ་མུག།

ཤ་ཁྲག་རུས་པ་ནས་མཆེད་པའི་བུ་ཕྲུག་གིས།།
གཅེས་པའི་ཕ་མ་གཉིས་འཁོགས་ལ་རྒས་པའི་དུས།།
དགོས་མེད་ཟོག་རོ་དང་ཕན་མེད་ཁྱི་རྒན་བཞིན།།
སྙིགས་དུས་སེམས་ཅན་གྱི་བྱེད་སྟངས་ཡིད་རེ་མུག།

སྦྱང་བྱ་མཐའ་མེད་ཀྱི་ཟབ་ཡངས་ཆུ་གཏེར་ལ།།
སྦྱང་པ་བརྩོན་འགྲུས་ཀྱི་ཆུ་རྒྱུན་རྟ་རྔ་ཙམ།།
སྦྱངས་པ་ཏིལ་འབྲུ་ལ་ཁེངས་པའི་ལྟོ་བ་ནི།།
རི་རྒྱལ་ལྷུན་པོ་དང་མཉམ་པ་ངོ་རེ་ཚ།།

རྒྱུ་དངུལ་འབྱོར་བ་ལ་ཞེན་འཛིན་གྱི་འདུ་ཤེས་དེ།།
རྦབ་རྡོ་གཡང་གཟར་ནས་ལྷུང་བ་ཇི་བཞིན་དུ།།
བཙན་དྲག་ཨ་འཐས་ཀྱི་རང་བཞིན་ཆེས་ཆེ་བས།།
འདྲེན་བྱེད་མིག་ཟུང་ལ་མཐོང་དུས་ཡ་རེ་ང་།།

སྙན་ངག

Post navigation

Previous Post: ཙག་སྒྲ་འཚོང་མཁན་གྱི་བུ་མོ་ཆུང་ཆུང་།
Next Post: སྤུན་ཟླའི་ཆོད་སེམས།

Comments (1) on “མནོ་བསམ།”

  1. ཀརྡོ་རབ་འབྱམས་པ་ says:
    2018-01-16 at 1:14 am

    དབྱངས་གསལ་སོ་བཞི།
    བོད་ཀྱི་ཡི་གེ
    བོད་རིགས་གཞོན་ནུས།
    གང་ནུས་སྦྱོངས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme