Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་སྤྱི་འཐུས་ལ་འོས་པའི་མི།

Posted on 2010-09-302010-09-30 By ཁ་བརྡ་ 9 Comments on མདོ་སྨད་སྤྱི་འཐུས་ལ་འོས་པའི་མི།

རྡོར་རྗེ་ཚེ་རིང་།

ཀུན་ཐར་དོན་གྲུབ། ཕ་ཡུལ་མདོ་སྨད་བླ་བྲང་། བོད་དུ་སློབ་ཆུང་ནས་མཐོ་སློབ་བར་འགྲིམ་ཞིང་། ལན་ཀྲུའུ་དགེ་འོས་སློབ་ཆེན་གྱི་དངོས་ཁམས་རིག་པའི་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན། སྤྱི་ལོ༡༩༩༦ལོར་བཙན་བྱོལ་དུ་འབྱོར། དུས་སྐབས་དེར་༧གོང་ས་མཆོག་གི་བཀའ་སློབ་དང་དགོངས་གཞིའི་སྐོར་རྒྱ་ཡིག་ནང་མཐོང་དཀོན་པ་དང་། དེ་ནི་རྒྱ་རིགས་ཤེས་ཡོན་པ་དང་མི་མང་རྣམས་ཀྱིས་༧གོང་ས་མཆོག་གི་དགོངས་གཞི་གང་ཡིན་ཤེས་རྟོགས་ཡོང་བ་ལ་སྟོང་ཆ་ཆེན་པོ་ཞིག་ཡིན་པ་མཐོང་སྟེ། དཀའ་ངལ་མང་བོར་གདོང་ལེན་བྱས་ཐོག་བོད་ཀྱི་ཡིག་སྒྱུར་ཁང་གསར་འཛུགས་གནང་བ་དང་། ༧གོང་ས་མཆོག་གི་བཀའ་སློབ་དང་བཙན་བྱོལ་གཞུང་གི་ལངས་ཕྱོགས་བཅས་ཀྱི་སྐོར་དེབ་གྲངས་༢༥ལྷག་རྒྱ་ཡིག་སྟེང་བསྒྱུར་ཞིང་། དེབ་འཕྲེང་དེ་དག་ཐེ་ཝན་དང་ཧོང་ཀོང་། དེ་བཞིན་རྒྱ་ནག་བཅས་རྒྱལ་ཁབ་མང་པོར་འགྲེམ་སྤེལ་བྱས་ཏེ། རྒྱ་རིགས་ཤེས་ཡོན་པ་མང་པོས་༧གོང་ས་མཆོག་གི་དགོངས་གཞི་ཤེས་རྟོགས་དང་བོད་དོན་ལ་རྒྱབ་སྐྱོར་གང་ལེགས་ཡོང་བར་ཤུགས་རྐྱེན་ངེས་ཅན་བཟོས་ཡོད། གཞན་རྒྱ་ནག་གི་”མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་”སྐོར་ལ་ཉམས་ཞིབ་དང་ཆེད་རྩོམ་མང་པོ་འབྲི་བཞིན་ཡོད་ལ། རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྒྱ་ཡིག་སྟེང་བྲིས་པའི་<<གངས་སེང་གི་ངར་སྒྲ།>> ཅེས་པའི་དེབ་དེ་བོད་བསྒྱུར་བྱས་པ་དང་། རྒྱ་ནག་གི་ཤེས་ཡོན་པ་མང་པོར་འབྲེལ་བ་གནང་སྟེ་རྒྱ་ནག་གི་རྩོམ་པ་པོ་སུམ་བརྒྱ་ལྷག་གིས་བོད་དོན་སྐོར་ལ་བྲིས་པའི་ཆེད་རྩོམ<< སྙིང་རྗེ་དང་བསམ་ཤེས།>>ཞེས་པའི་དེབ་དེ་རྩོམ་སྒྲིག་གནང་། དེ་བཞིན་<<རྒྱ་དམར་གྱི་སྲིད་ཇུས་སྤེལ་ཕྱོགས་དང་དེའི་རྒྱབ་ལྗོངས་ལ་དཔྱད་པ།>> ཞེས་པའི་དེབ་བརྩམས་གནང་མཛད་པ་དང་། རྒྱ་ཡིག་སྟེང་བོད་དོན་སྐོར་དང་རྒྱ་ནག་གི་ཆབ་སྲིད་དང་ངན་བྱུས་སྐོར་ལ་ཆེད་རྩོམ་གང་མང་བྲིས་དེ་ཐེ་ཝན་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་ཡིག་དུས་དེབ་དང་ཚོགས་ཤོག དེ་བཞིན་དྲ་ཚིགས་སོགས་སུ་བཀོད་ཡོད། ད་ལྟ་ཁོང་གིས་བོད་ཀྱི་ཡིག་སྒྱུར་ཁང་གི་འགན་འཛིན་དང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་བཅས་ཀྱི་འགན་གཅིག་ལྕོགས་བཞེས་བཞིན་ཡོད།

ད་ལྟ་བོད་མི་མང་སྤྱི་འཐུས་ཚོའི་ངོས་ནས་ལྷག་བསམ་རྣམ་དག་དང་འབད་པ་ཧུར་ཐག་གནང་མཁན་ཡོད་ཀྱང་། བོད་མི་རིགས་ཀྱི་རྩ་དོན་དང་འབྲེལ་བ་ཆེས་ཆེར་ཡོད་པའི་རྒྱ་ནག་གཞུང་གི་ཆབ་སྲིད་དང་ཁྲིམས་ལུགས། གནས་བབ་བཅས་མཁྱེན་མཁན་ཤིན་ཏུ་ཉུང་སྟབས། བོད་མི་མང་སྤྱི་འཐུས་ཁྲིམས་བཟོ་ལྷན་ཁང་གིས་བོད་ཀྱི་འཐབ་རྩོད་སྒྲིག་གཞི་གཏན་འབེབ་བྱེད་སྟངས་ཐད་དཀའ་ངལ་དང་ཞན་ཆ་མི་ཉུང་བ་ཕྲད་དང་འཕྲད་བཞིན་པ་ནི་དངོས་ཡོད་གནས་ཚུལ་རེད། དེ་བས་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ནང་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་གནས་བབ་ཐད་མཁྱེན་རྒྱ་ཡོད་མཁན་གང་མང་ཐོན་པར་འབད་པ་བྱེད་རྒྱུ་ནི་ད་ལྟའི་བོད་ཀྱི་གནས་བབ་དང་དུས་ཚོད་ཀྱི་དགོས་མཁོ་གལ་ཆེན་ཞིག་ཡིན་སྟབས། རེབ་འདིར་ཀུན་ཐར་དོན་འགྲུབ་ལྟ་བུའི་བོད་ཕྱི་ནང་གཉིས་དང་། སྒོས་སུ་རྒྱ་ནག་གི་ཆབ་སྲིད་དང་གནས་བབ་ཐད་མཁྱེན་རྒྱ་ཤིན་ཏུ་ཟབ་པའི་མི་གང་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ར་བའི་ནང་ཚུད་ཐབས་བྱ་རྒྱུ་ནི་ད་ལྟའི་ན་གཞོན་ཚང་མའི་ལས་འགན་དུས་ལ་བབ་པ་ཞིག་རེད་འདོད། འདི་ལ་ཕྱོགས་ཞེན་དང་ལུང་ཚན་ཁག་གི་ལྟ་བ་རྙིང་བའི་འཐེན་འཁྱེར་མི་ཡོང་བའི་རེ་བ་ཞུ།

ཞེས་ན་གཞོན་དངས་བླངས་པ་དང་རྩོམ་པ་པོ་སྐོར་ཞིག་གིས་རྡ་ས་ནས།

སྣ་ཚོགས།

Post navigation

Previous Post: མཁའ་འགྲོའི་རྣམ་བཤད་ཌྰ་ཀིའི་ཞིང་ཁམས་ཉུལ་བའི་ལམ་ཡིག
Next Post: སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བ་མཐའ་དཔྱོད།།

Comments (9) on “མདོ་སྨད་སྤྱི་འཐུས་ལ་འོས་པའི་མི།”

  1. ཀླུ་སྨྱོན། says:
    2010-09-30 at 8:30 pm

    རྒྱལ་ཁབ་གང་ཞིག་ཡིན་ཡང་ཤེས་ཡོན་གྱི་མ་རྩ་མཐུག་པའི་མི་རྣམས་སྤྱི་འཐུས་སུ་ལང་རྒྱུ་འདི་ཧ་ཅང་གལ་ཆེ་ཞིང་། ལྷག་པར་དུ་མི་འབོར་ཕྱེད་ཀའི་ཡན་ཆད་ཡིག་རྨོངས་ཡིན་པའི་སྤྱི་ཚོགས་ཤིག་ལ་མཚོན་སྐད་རིགས་གཉིས་གསུམ་ཁོང་དུ་ཆུད་པའི་ཤེས་ལྡན་པར་གདེང་འཇོག་དང་གོ་སྐབས་སྤྲོད་རྒྱུ་འདི་ཧ་ཅང་གལ་ཆེ་གི

  2. གཡང་འབུམ། says:
    2010-10-01 at 12:14 am

    རྡོ་རྗེ་ཚེ་རིང་ཟེར་བས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་གཙང་བའི་ཀུན་ཐར་དོན་འགྲུབ་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་བཏོན་པ་འདུག་

  3. རྡུལ་ཕྲན། says:
    2010-10-01 at 12:17 am

    སྐད་ཆ་གནད་ལ་ཁེལ་བ་ཞིག་བཤད་འདུག་ ངོ་མ་རེད། ད་ལྟའི་སྤྱི་འཐུས་ཚོའི་ནང་ལ་རྒྱ་ནག་གི་ཆབ་སྲིད་འགྲོ་སྟངས་ཤེས་མཁན་ཕར་ཤོག ཐ་ན་བོང་རང་གི་ཆབ་སྲིད་འགྲོ་ལུགས་དང་ཁྲིམས་ཀྱི་དམིགས་ཡུལ་སོགས་ངོ་མ་འཕྲོད་པ་ཅི་ཙམ་ཡོད་པ་སུས་ཀྱང་ཧ་གོ་ཚོད་ཡིན།
    འདི་ལ་འུ་ཚོས་བསམབློ་ཞིག་ཅིས་ཀྱང་གཏོང་དགོས་རན་འདུག་

  4. གཡང་འབུམ། says:
    2010-10-01 at 12:43 am

    ཀུན་ཐར་ནི།་བསང་ཆུ་རྫོང་བོད་སློབ་འབྲིང་དང་གཙོད་མི་རིགས་འབྲིང་ཆེད་གཉེར་སློབ་གྲྭ་ཐོན་རྗེས།་བསང་ཆུ་རྫོང་ཁོ་ཚེ་ཤང་དུ་དགེ་རྒན་གྱི་ལས་ཀ་བྱས།་་དེ་རྗེས་ལོ་གཉིས་རིང་ལན་ཀྲུའི་སློབ་ཆེན་སློབ་སྦྱོང་བྱས་རྗེས།་བསང་ཆུ་རྫོང་བོད་སློབ་འབྲིང་དུ་རྒྱ་ཡིག་དགེ་རྒན་བྱེད་སྐབས་གློ་བུར་དགོངས་ཞུས་ཀྱིས་སྤྱི་ཚོགས་ཐོག་ཚོང་ལས་གཉེར་ཏེ་ཁོ་རང་གི་ངོ་ཤེས་གྲོགས་འབྲེལ་མང་པོ་ཞིག་གི་ལག་ནས་གཡར་བའི་དངུལ་ཁྱེར་ཏེ་ལྷ་སར་བྲོས།་ལྷ་ས་ནས་མཱ་ཆང་བརྒྱབ་སྟེ་ཚོང་རྐུབ་བརྡོལ་མཚམས།་་་བླ་བྲང་ཁ་གྱཱའི་ཚོང་གྲགས་ཅན་ཚེ་བརྟན་རྟ་མགོའི་ཚང་གི་མི་རྐྱང་བྱས་ཏེ་སྡོད་སྐབས་ཕ ཡུལ་བུ་ལོན་འདེད་མཁན་གཅིག་རྗེས་གཉིས་མཐུད་དེ་སླེབས་སྟབས་སྐྱེ་དམན་ཁྲིད་དེ་རྒྱ་གར་ལ་བུ་ལོན་སྒྲུབ་འཇལ་ལ་གཡོལ་ཕྱིར་སྐྱབས་བཅོལ་ལ་ཡོང་བ་ཞིག་རེད།་དེར་བརྟེན་ངས་འདིར་ཀུན་ཐར་ལ་བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས་ཚང་གི་མ་རེད་ལབ་འདོད་བྱུང།་་་ད་དུང་ཁོའི་ཕ་རྒན་ཡང་རྒྱ་མི་ཡིན་པ་ཡང་ཧ་གོ་དགོས་པ་ཞིག་རེད་སྙམ།

  5. མི་ནག་མདུང་ཐུང་། says:
    2010-10-01 at 12:55 am

    དང་བླང་བ་དང་རྩོམ་པ་པོ་སྐོར་ཞིག་ཅེས་བསད་ཡོད་ཀི རྩོམ་པ་པོ་དེ་ཚོའི་མིང་དངོས་སུ་བཀོད་པ་ཡིན་ན། སྤྱི་ཚོགས་ནང་ཤུགས་རྐྱེན་རེ་ཐེབས་སྲིད། གོང་དུ་མཆན་འདེབས་མཁན་ཁག་ཅིག་གིས། སྐྱོན་འཛུགས་བྱས་འདུག རྒྱབ་སྐྱོར་གསལ་བསྒྲགས་འདི་བཀྲམས་མཁན་རྩོམ་པ་པོ་ཚོས་འགྲེལ་བཤད་ཀྱི་འགན་འཁྱེར་ན་ཡག་པོ་ཡོད་རེད།

  6. ཧེ་རུ་ཀ says:
    2010-10-01 at 2:59 am

    ≤བཀའ་ཁྲི་འོས་གཞི་བློ་བཟང་སེང་གེ≥
    ཚང་མས་མཁྱེན་གསལ་ལྟར་བཀའ་ཁྲིའི་འོས་འགན་དང་འོས་གཞི་ནི། བཙན་བྱོལ་བོད་མི་མང་གིས་ཐག་གཅོད་དགོས་པ་དང་། མང་གཙོ་ཡང་དག་པའི་ལམ་ཁར་འགྲོ་དང་མི་འགྲོ་ང་ཚོར་རག་ལས་པས་ཐུགས་འཇགས་གནང་དགོས། དེས་ན་ངས་སྐད་གསེང་མཐོན་པོས་མ་འོངས་པའི་བཀའ་པྲི་དེ་བློ་བཟང་སེང་གེ་རེད་ཅེས་བརྗོད་ཐུབ། གང་ཡིན་ཞེ་ན།
    ༡ མང་གཙོ་ཡང་དག་པའི་རྣམ་པ་ཕྱིར་མངོན་ཐུབ་ལ། རྒྱ་དམར་ལ་སྔོན་བརྡ་ཞིག་ཀྱང་སྤྲད་ཡོད་།
    ༢ ན་གཞོན་ཤེས་ཡོན་པ་ཞིག་དགོས་པ་ནི་༧གོང་ས་མཆོག་ནས་བཟུང་སློབ་ཆུང་བར་གཅིག་མཚུངས་ཡིན་པ།
    ༣ ཁྱིམ་བརྒྱུད་རིང་ལུགས་པའི་ལྟ་གྲུབ་འཛིན་མཁན་མ་ཡིན་པ།
    ༤ རྒྱལ་སྤྱིའི་གནས་སྟངས་དང་ཁྲིམས་ལུགས་ལེགས་པར་མཁྱེན་པ།
    ༥ དུས་རབས་ཉེར་གཅིག་པའི་ལྟ་བའི་ཁ་ཕྱོགས་སང་མཐུན་པ།
    ༦ ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་ཉམས་མྱོང་མེད་པ།
    ༧ ཕྱི་རྒྱལ་ཡུལ་གྲུ་གང་དུ་ཕྱིན་ཀྱང་སྐད་སྒྱུར་མི་དགོས་པ།
    ༨ ལྐོག་ཟ་རུལ་སུངས་དང་གོང་འོག་ངན་འབྲེལ་གྱི་དགག་བྱ་མེད་པ།
    ༩ ཕྱི་རྒྱལ་ཁག་གིས་རྒྱབ་སྐྱོར་དང་ཁྲིམས་ལུགས་ཀྱི་རྒྱབ་ལྗོངས་ཡོད་པ།
    ༡༠ ལས་འགུལ་སྤེལ་ཕྱོགས་ཐད་གཞོན་སྐྱེས་ཚོ་དང་ལྟ་གྲུབ་མཐུན་པ།
    གོང་འཁོད་ཀྱི་ཁྱད་ཆོས་དེ་དག་ལྡན་པའི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འོས་ཤོག་བླུགས་རོགས་ཞེས་འབོད་སྐུལ་དང་བཅས་བལ་ཡུལ་ནས་དཔལ་ཆེན་ ཧེ་རུ་ཀས།
    སྤྱི་ལོ༢༠༡༠ཟླ ༡༠ཚེས༡ལ།

  7. རྡུལ་ཕྲན། says:
    2010-10-01 at 6:56 am

    xxxxxxxxxxxxxxxxxxxxxxx
    གང་ལྟར་མི་སུ་ཡིན་་ཡང་སྔོན་བྱས་ཀྱི་ལོ་རྒྱུས་ལ་རྒྱུད་རིམ་སྣ་ཚོགས་ཡོད་པ་ནི་ཆོས་ཉིད་རེད། འོན་ཀྱང་སྔོན་བྱས་ཀྱི་བྱ་ངན་ཆུང་ཚག་རེ་ལ་གཞིར་བཞག་སྟེ་ད་ལྟའི་གནས་བབ་ཡོད་ཚད་ཐག་གཅོད་བྱེད་སྟངས་འདི་ནི་ཡག་པོ་ཞིག་མཐོང་གི་མེད། གང་ལྟར་སྐད་ཆ་འདི་དག་གིས་ད་ལྟའི་ཀུན་སྤྱོད་དང་་ར་འཕྲོད་པ་བྱུང་བ་ན་ད་གཟོད་འུ་ཚོས་འདི་འོ་ཞེས་བཤད་ན་ཧ་ཅང་འགྲིག་

  8. གཙང་ཁའི་བུ says:
    2010-10-01 at 11:22 am

    xxxxxxx

  9. yangbum says:
    2010-10-04 at 2:35 pm

    གསལ་བཤད།
    གོང་གི་མཆན་ ༤ བ་འབྲི་མཁན་གཡང་འབུམ་ཟེར་བ་དེ་བྱང་ཨ་རིར་གནས་འཁོད་ངེད་སྨན་པ་གཡང་འབུམ་རྒྱལ་མིན། ངས་ཀུན་ཐར་དུ་འབོད་པ་ངོ་ཤེས་ཀྱི་མེད་ལ་དེ་འབྲེལ་གྱི་ཆ་རྒྱུས་ཡའང་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme