Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་སྤྱི་འཐུས་འོས་མི་ཤེས་རབ་རྡོ་རྗེ་ལགས་ངོ་སྤྲོད།

Posted on 2015-09-052015-09-05 By ཁ་བརྡ 20 Comments on མདོ་སྨད་སྤྱི་འཐུས་འོས་མི་ཤེས་རབ་རྡོ་རྗེ་ལགས་ངོ་སྤྲོད།

མདོ་སྨད་མི་རབས་གསར་པའི་ན་གཞོན་མཐུན་ཚོགས་ནས་འོས་སྦྱོར་བྱས།

unnamed-1ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ།

སྐུ་ཞབས་ཤེས་རབ་རྡོ་རྗེ་ལགས་ནི་སྤྱི་ལོ་༡༩༨༩ལོར་མདོ་སྨད་མཚོ་སྔོན་གྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། བོད་ནང་དུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་ཏེ་རྒྱ་ནག་གི་ཆབ་སྲིད་དང་། ཁྲིམས་ལུགས་ཐོག་མཐོ་རིམ་སློབ་གྲྭའི་བསླབ་པ་མཐར་སོན། དེའི་རྗེས་སུ་ལྷ་ས་དང་མདོ་སྨད་ཕྱོགས་སུ་རྒྱ་ནག་གི་ལས་ཁུངས་ཁ་ཤས་སུ་གཞུང་འབྲེལ་ལས་ཞུགས་བྱས། འོན་ཀྱང་། ཆབ་སྲིད་ཀྱི་དཀའ་ངལ་དང་གནོན་ཤུགས་ལ་བརྟེན་ནས་རྒྱ་གར་ནང་ཆབ་སྲིད་སྐྱབས་བཅོལ་དུ་འབྱོར། རྒྱ་གར་ནང་རབ་དགའ་ཚལ་སློབ་གླིང་དུ་སློབ་ཞུགས་གནང་ནས་བསླབ་པ་མཐར་སོན། དེའི་རྗེས་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་འབྲེལ་ལམ་དང་ཨིན་ཇིའི་སྐད་བརྡ་རིག་པའི་ཐོག་ཆེད་སྦྱོང་གནང་བ་མ་ཟད། རྒྱལ་སྤྱིའི་ཆབ་སྲིད་དང་ཁྲིམས་ལུགས་སོགས་ཀྱི་སྐོར་ལ་ཡང་ཆེད་སྦྱོང་གནང་སྟེ་རིམ་བཞིན་ཆབ་སྲིད་ཀྱི་ཚོགས་འདུ་དང་བགྲོ་གླེང་འདྲ་མིན་ནང་དུ་མཉམ་ཞུགས་གཏམ་བཤད་བྱས་ཡོད།

མདོར་ན་ལྷག་བསམ་དང་ཤེས་ཡོན་གཉིས་འཛོམས་ཀྱི་གཞོན་སྐྱེས་ཁོང་ནི། བོད་རྒྱ་དབྱིན་གསུམ་ལ་བྱང་ཆུབ་ཡོད་པ་མ་ཟད་བོད་ཕྱི་ནང་གཉིས་དང་རྒྱལ་སྤྱིའི་ཕྱོགས་ཀྱི་མཐོང་ཐོས་མྱོང་གསུམ་ཡོངས་སུ་འཛོམས་ཡོད།

ཉམས་མྱོང་དང་ལག་ལེན་གྱི་བརྒྱུད་རིམ།
བོད་ནང་དུ་རྒྱ་ནག་གི་ཆབ་སྲིད་སྐོར་སློབ་སྦྱོང་དང་དངོས་སུ་ལས་ཞུགས་བྱེད་མྱོང་། དེའི་རྗེས་བཙན་བྱོལ་ནང་ལྷོ་ཕྱོགས་ཕོ་ཉ་གསར་ཁང་གི་ས་གནས་གསར་འགོད་པའི་འགན་ཁུར་མྱོང་། ཤེས་རབས་དགའ་ཚལ་སློབ་ནང་ཡུམ་སྐད་གཅེས་སྐྱོང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དང་། རང་མོས་གླེང་སྟེགས་ཀྱི་གཙོ་སྐྱོང་པ་གནང་མྱོང་།
བོད་ཀྱི་དུས་བབ་གསར་ཁང་གི་ལྡི་ལི་ས་གནས་གསར་འགོད་པ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྡ་ས་ས་གནས་རྒྱུན་ལས་བྱས་མྱོང་།

སྤྱི་ལོ་༢༠༡༣་ལོར་ཨེ་ཤ་ཡེའི་ནང་སྐད་གྲགས་ཆེ་བའི་དྲ་ཐོག་ཚོང་ལས་ཁང་(yesstyle.com) ནང་ལྡི་ལིའི་འབྲེལ་མཐུད་འགན་འཛིན་ལས་རོགས་གནང་ཡོད།

སྤྱི་ལོ་༢༠༡༤་ལོར་རྒྱ་གར་ནང་སྐད་གྲགས་ཆེ་བའི་དྲ་ཐོག་ཚོང་ལས་ཁང་Limeroad.com ་ནང་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཕྱིར་ཚོང་སྡེ་ཚན་དུ་ལས་ཀ་བྱས་མྱོང་། ཉེ་ཆར་ཁོང་རང་ཉིད་ཀྱིས་བོད་རྒྱ་ཨིན་གསུམ་ཡིག་སྒྱུར་ཁང་(language2earth.com)བཙུགས་ནས་ཚོང་ལས་སྡེ་ཚན་ཆེ་ཁག་དང་རྒྱལ་སྤྱིའི་ཁྲོམ་རར་ལས་ཀ་གཉེར་བཞིན་ཡོད།
སྤྱི་ལོ་༢༠༡༢ལོར་སིང་ཀ་ཕོར་འཚོགས་པའི་ཨེ་ཤ་ཡའི་ན་གཞོན་གསར་བའི་ལྷན་ཚོགས་ཐོག་མཉམ་ཞུགས་དང་གཏམ་བཤད་སྤེལ་ཡོད།

སྤྱི་ལོ་༢༠༡༣ལོ་ནས་བཟུང་ཐེ་ཀོ་དང་། ཀམ་པོ་ཌེ་ཡ། འབར་མ། ཝི་ཐི་ནེམ། མ་ལེ་ཤེ་ཡ། འབྲུག་ཡུལ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཁ་ཤས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཟབ་སྦྱོང་དང་ཞིབ་འཇུག་སྡེ་ཚན་ཁག དེ་བཞིན་ཆབ་སྲིད་དང་ཚོང་ལས་ཀྱི་ལས་གཞི་འདྲ་མིན་ནང་མཉམ་ཞུགས་བྱས་ཡོད་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སུ།

མདོ་སྨད་མི་རབས་གསར་པའི་ན་གཞོན་མཐུན་ཚོགས་ནས་འོས་སྦྱོར་བྱས།

ངོ་སྤྲོད།

Post navigation

Previous Post: བོད་ཀྱི་བློ་བཟང་སེང་གེ
Next Post: སེམས་འཕྲིན་དམར་པོ།

Comments (20) on “མདོ་སྨད་སྤྱི་འཐུས་འོས་མི་ཤེས་རབ་རྡོ་རྗེ་ལགས་ངོ་སྤྲོད།”

  1. གཡུ་སྒང་དགེ་འདུན། says:
    2015-09-05 at 12:32 am

    སྐྱེས་ཡུལ་དང་སློབ་གྲྭ་མཐར་ཕྱིན་པའི་ལོ་ཚིགས། བོད་ནང་དུ་ལྷ་ས་དང་མདོ་སྨད་ཕྱོགས་སུ་རྒྱ་ནག་གི་ལས་ཁུངས་ཁ་ཤས་སུ་གཞུང་འབྲེལ་ལས་ཞུགས་བྱས་ཡོད་ཚུལ་བཀོད་ཡོད་པས་དེའི་ལོ་ཚིགས་སོགས་གསལ་བོར་བཀོད་ན། མི་དེའི་ལོ་རྒྱུས་ལ་གསལ་ཁ་ཐོན་རྒྱུ་རེད་སྙམ།

  2. སྲིན་པོ་རྫ་རྒན་ says:
    2015-09-05 at 12:53 am

    ཐེངས་སྔོན་མར་ཤར་ཕྱོགས་ཁུག་རྟ་ཟེར་བ་ཞིག་མདོ་སྨད་ཀྱི་སློབ་ཆེན་པ་ཚོས་རྒྱབ་སྐྱོར་ཡོད་རབས་བཤད་སོང་། རྗེས་ལ་ཡལ་སོང་། ཐོབ་མ་སོང་། ད་ལོར་མདོ་སྨད་མི་རབས་གསར་བའི་ན་གཞོན་མཐུན་ཚོགས་ཟེར་བ་ཞིག་ཡོད་པ་འདིས་གཞོན་སྐྱེས་རེ་བ་ཅན་ཞིག་བསྒྲགས་ནས་སླེབས་སོང་། ཐུགས་རྗེ་ཆེ། ཡལ་མི་འགྲོ་བའི་རེ་བ་ཡོད། ཐོབ་པའི་རེ་བ་ཡོད།

  3. ལྷ།བྱ་འཕུར་མ། says:
    2015-09-05 at 4:10 am

    ཨ་རོགས་ལོ་ཆུང་གསར་བུ་ལོ་ཆུང་རང་རེད། སློབ་སྦྱོང་རང་བྱོས། རྗེས་མ་ལོ་སུམ་བུད་ནས་གོ་སྐབས་ཡོད་ནི་རེད། ཧ་ཧ་ཧ།

  4. བེ་རེ་གདོང་ནག says:
    2015-09-05 at 4:47 am

    ལོ་རྒྱུས་ལ་ཡ་མཚན་བྱུང་སྐྱེ་བྱུང་། བོད་ནང་དུ་མཐོ་རིམ་ཁྲིམས་ལུགས་ཐོག་སློབ་སྦྱོང་ཐོན་ཚུལ་བཀོད་འདུག རྒྱ་གར་ཏུ་འང་སློབ་སྦྱོང་གི་རྒྱུད་རིམ་མང་པོ་ཡོད་འདུག་པ་མ་ཟད་ལྷོ་ཕྱོགས་ཕོ་ཉའི་གསར་འགོད་པ་གནང་མྱོང་འདུག ལྷོ་ཕྱོགས་ཕོ་ཉ་ཚེ་ལས་འདས་ལོ་བཅུ་བཅོ་ལྔ་འགྲོ་ཚར་ཡོད་ས་རེད། སྐྱེས་ཚེས་གཞི་བཞག་ན་ཁོང་མི་ཡུལ་དུ་སླེབས་ནས་ལོ་༢༦ ཙམ་ལས་རེད་མི་འདུག གང་ལྟར་་་ཏག་ཏག???????

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-05 at 6:38 am

    གཞོན་སྐྱེས་དེའི་སློབ་སྦྱོང་གི་དུས་རིམ་དེ་ཞིབ་ཕྲ་ཅིག་བྲིས་ན་ཡག་ཀི་ལས་གཞན་འཕག་འཚག་རྒྱག་ནས་མགྱོགས་པོ་སླེབས་པ་འདྲ་མཐོང་སོང་།

  6. བྱ་གཞུང་དཔལ་རྡོར། says:
    2015-09-05 at 7:08 am

    ཨ་རོགས་་་་་་་་

  7. བཙན་པོ། says:
    2015-09-05 at 8:11 am

    ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བསམ་ཚུལ་གསུངས་པ་ཡག་པོ་རེད། ངས་ཁྱོད་ལ་ཅིག་འདྲི། དབུས་གཙང་སྤྱི་འཐུས་མང་ཤོས་ཤིག་མི་དམངས་གཤམ་སྟོན་ཁང་དུ་འཇོག་དགོས་པའི་གནའ་རྫས་རྐྱང་མ་རེད་དམ། དབུས་པ་ཚོས་གཞོན་སྐྱེས་ཚོར་གོ་སྐབས་སྤྲད་ན་ཡག་པོ་མ་རེད་དམ། དེ་བཞིན་མདོ་སྟོད་སྤྱི་འཐུས་འོས་མི་དེ་ཚོར་ཅིག་ལྟོས། ཁོང་ཚོའི་ནང་ན་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་འདི་ལ་ཡོད་རེད་བསམ་བསམ་སུ་ཞིག་འདུག ཁྱོད་ཀྱིས་ཕོ་གསར་སུ་ཡག་ལ་བལྟས་ཡིན་རྒྱུ་མ་རེད་ལྦཱ། དེ་ཡིན་ན་ཁྱོད་ལ་ཐུགས་ཁོག་ཁྱོན་ནས་མེད་དཔེར་ན་ཨ་རིག་དགེ་མཐོང་ལྟ་བུ་ཁྱིར་རྒྱག་པའི་དབྱུག་པ་ཉན་གི་མ་རེད། མདོར་ན་འུ་ཚོའི་སྐྱབས་བཅོལ་ལུང་བར་མི་ཆད་བྱུང་འདུག་པའི་ཚོར་སྣང་བྱུང་།

  8. ལྷ།བྱ་འཕུར་མ། says:
    2015-09-05 at 8:46 am

    བྱ་གཞུང་དཔལ་རྡོར། ཚིག་འགའ་བཤད་འདོད་ཡོད་ན་ཤོད་ཅིག དེ་མིན་ཨ་རོགས་དང་ཁོ་རེ་འདྲ་མ་ཟེར། ཧ་ཧ་ཧ།

  9. ལྷ།བྱ་འཕུར་མ། says:
    2015-09-05 at 9:18 am

    ཤར་གླིང་ཟླ་སྒྲོན་ལགས། རང་གིས་སྐད་ཡིག་ག་ཚོད་ཅིག་ཤེས་ཀྱི་ཡོད། སྐད་ཆ་བཤད་རྒྱུ་གཅིག་པུ་མ་ཡིན་པའི་འབྲི་རྩལ་བྱང་ཡོད་པའི་སྐད་ཡིག་ག་ཚོད་ཡོད་དམ།

  10. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-05 at 10:29 am

    བཀུར་འོས་ཤར་གླིང་ཟླ་སྒྲོན་ལགས། ཉིད་ཀྱི་བཤད་པ་དེར་བསམ་ཚུལ་ཅུང་ཟད་ཞུ་ན། བོད་པའི་དཀའ་རྙོག་དེ་རྒྱ་གུང་བྲན་དང་ཏང་དང་ཐུག་ཡོད། དེར་རྒྱ་བོད་སྐད་གཉིས་ཀྱིས་གོ་བརྡ་མ་འཕྲོད་པ་ཡོད་མ་རེད། ལྷག་པར་དུ་གུང་བྲན་ཏང་མི་དང་སྐད་ཅ་བཤད་དགོས་དུས་རྒྱ་མིའི་སྐད་རང་མ་གཏོགས་གོ་ཀི་མེད། དེ་ནས་བོད་དོན་དཀའ་རྙོག་སེལ་བར་ནུབ་ཕྱོགས་སུ་དཔུང་རོགས་འཚོལ་འགྲོ་རྒྱུ་དེ་ཞིབ་ཕྲ་བསམ་དུས་བགད་མོའི་ཡུལ་རང་རེད། སྐབས་འཚོལ་བ་མང་པོ་ཅིག་ལ་དབྱིན་སྐད་དང་འབྲེལ་ནས་ནུབ་གླིང་དུ་འཕུར་རྒྱུའི་གོ་སྐབས་མང་པོ་རག་དང་ཐོབ་བཞིན་ཡོད་པ་མྱོང་གྲུབ་མ་རེད་དམ། གཞན་དེང་སྐབས་སྤྱི་འཐུས་ལྷན་ཚོགས་ནང་འཐུས་མི་གཞོན་སྐྱེས་མང་ཙམ་ཡོང་ཐུབ་ན་དགེ་མཚན་ཆེ་བ་མ་གཏོགས་ལོ་ངོ་མང་པོའི་ནང་ལ་གྲུབ་འབྲས་མེད་པ་རྐུབ་ལྕག་བཟུང་མཁན་རང་རེད། དེ་དང་བོད་ཀྱི་སྐད་ཡིག་ལ་བོད་ནང་གུང་བྲན་གྱིས་མཐོང་མེད་པའི་ཁར་སྲིད་སྐྱོང་གིས་ནུས་མེད་གཏོང་བཞིན་ཡོད་ལ་དེའི་ཁར་རང་དང་འདྲ་བའི་སྤྱི་འཐུས་ལས་རོགས་ཀྱིས་བསམ་པ་ཁ་ནས་སྨྲ་བ་འདི་ལས་གཞན་མ་དགོས་སོ། ཐུགས་རྗེ་ཆེ།

  11. བཀྲ་ཁོ་འབུམ། says:
    2015-09-05 at 11:03 am

    ང་ཤར་གླིང་མའི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་། མི་འདི་ལ་དང་བ་མེད། མི་འདི་ལོ་མང་མོག་རུ་བསྟན་པ་ཁྲམ་རྒན་དེའི་ལག་གཡོག་ཡིན་པའི་གནས་ཚུལ་ལན་མང་གོ་ཐོས་བྱུང་བས་རེད་་་་་དེ་མིན་ན་་་་་ཧཧཧཧཧ

  12. ཚ་སྒང་ཕོ་ཉ། says:
    2015-09-05 at 11:07 am

    ཆོལ་ཁ་གསུམ་ཀའི་ཕྱོགས་ལ་ཞན་ཆ་ཡོད་པ་རེད། གཅིག་གིས་གཅིག་ལ་སྐྱོན་ཆ་གླེང་པ་ཙམ་གཅིག་པུ་མ་ཡིན་པ་ཐེངས་འདི་འོས་སྡུར་གྱི་ལམ་ནས་རང་རང་གི་ཆོལ་ཁོངས་ནས་མི་ཤེས་འཇོན་གཉིས་ལྡན་གང་མང་མང་ཐོན་ཐུབ་པ་གནང་དགོས་རེད། ང་ཚོས་ཞེན་ཁོག་རྐྱང་རྐྱང་བྱས་སྡོད་ན་སྤྱི་ལ་གྱོང་རག་གིན་རེད། ཕྱོགས་གཅིག་གིས་ཞེན་ཁོག་བྱས་ན་གཞན་དེས་རྐྱང་བྱེད་ཡོང་བ་ནི་ཆོས་ཉིད་ལྟ་བུ་ཞིག་རེད། དེས་ན་དང་པོ་རང་ཉིད་དང་རང་ཉིད་ཀྱི་ཕྱོགས་ནས་འགོ་རྩོམ། རང་ཉིད་དང་རང་ཉིད་ཀྱི་ཕྱོགས་ནས་སྐྱོན་ཆ་ལ་དང་ལེན་རྩ་བ་ནས་མ་ཤེས་ན་རང་གིས་གཞན་ལ་སྐྱོན་བརྗོད་བྱས་པ་དག་ཀྱང་གཞན་དེས་དང་ལེན་བྱེད་མི་སྲིད་པ་རེད། དེས་ན་ང་ཚོ་ཐུབ་མོང་ནས་བོད་སྤྱིའི་གྲོས་ཚོགས་ཤིག་དང་བོད་སྤྱིའི་འཐུས་མི་སྤུས་དག་འདེམས་ཐུབ་དགོས་པ་ཧ་ཅང་གལ་ཆེན་རེད་ས྄ེམ།

  13. འདན་མ་སྐྱབས་ says:
    2015-09-05 at 2:20 pm

    ཤར་ལི་མས་བཤད་པར་ངོས་ལེན་མེད། ད་ལྟ་སྤྱི་འཐུས་གྲོས་ཚོགས་ནང་བོད་སྤྱི་བར་བསམ་བློ་གཏོང་མཁན་ཡག་ཤོས་རྣམས་མདོ་སྨད་སྤྱི་འཐུས་ཚོ་རེད་ད། ཁོང་ཚོས་ག་དུས་ཡིན་ན་སྤྱི་དོན་དང་དབྱིན་སྐད་ཀྱིས་བཤད་ན་positive ཡི་ཕྱོགས་བསམ་བློ་བཏང་རྒྱུ་མང་དྲག། རང་དོན་ཁོག་བཅུག་བྱེད་རྒྱུ་ཉུང་དྲག། མཐའ་མ་ཁོ་རང་ཚོར་གྱོང་རག་བཅུག་ཡོང་དུས། མ་འཇོན་པར་བརྩིས་ཀྱིན་འདུག་པ་ཡ་མཚན་རེད།
    དབུས་གཙང་དང་མདོ་སྟོད་སྤྱི་འཐུས་ཚོ་ནམ་རྒྱུན་ཧམ་རྫུན་ཚ་བོ། རང་དོན་ཁོག་བཅུག་དང་སྤྱི་དོན་རིས་སུ་བོར་གང་ཐུབ། རང་གི་ཁེ་ཕན་ཆེད་མི་གཞན་ལ་ཞྭ་མོ་ནག་པོ་ཚུན་མངོན་སུམ་འཛེམ་ཟོན་མེད་པར་གཡོག་པ་སོགས། བོད་གཞུང་ལ་ཉེན་རྟོག་པ་དང་བཙོན་ཁང་མེད་པའི་གོ་སྐབས་བཟུང་སྟེ། གནས་དུས་ཚོད་གང་ཐུབ་བྱས་ན་དེ་ཚོ་འཇོན་པོ་དང་རྒོད་པོར་བརྩིས་ཏེ། ཆབ་སྲིད་པ་མཁས་པར་བརྩིས་བཞིན་པ་ནི་ཐབས་སྐྱོ་ཤོས་རེད་ད། དེ་འདྲ་ཅིག་འཇོན་པོ་ཡིན་ན། རང་གི་ཕ་མ་འཕྲོག་བཅོམ་དང་གཅར་རྡུང་བྱེད་མཁན་ཚོའང་འཇོན་པོ་རེད་དམ། གད་མོ་རྐུབ་ནས་ཤོར་ས་རེད་དོ།།
    བོད་ཡིག་མ་གཏོགས་མ་ཤེས་ན་ཆབ་སྲིད་པ་བྱེད་མི་ཐུབ་ཅེས་པ་ནི། སོ་སོ་ཡོད་སའི་བཙན་བྱོལ་དཀྱིལ་འཁོར་ཙམ་ལའང་རྒྱུས་མེད་ཀྱི་ལོང་གཏམ་རེད། བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་ཨ་ལགས་འཇིགས་མེད་སོགས་ལས་ལྷག་པ་བཙན་བྱོལ་ནང་སྲིད་དོན་པ་བྱུང་མེད་པ། དེ་ཚོས་ཀྱང་བོད་ཡིག་མ་གཏོགས་ཡིག་རིགས་གཞན་མཁྱེན་གྱི་མ་རེད་ད།
    མདོར་ན། གཞོན་སྐྱེས་སློབ་གྲྭ་བུ་གུ་དེ་འདྲ་སྤྱི་འཐུས་ནང་འདེམ་ན་ངོས་ལེན་གཏན་ནས་མེད། དེ་ཚོས་ཆབ་སྲིད་དང་མི་མང་གི་འགན་ཁུར་ཐུབ་པ་ཕར་བཞག། ཐ་ན་སོ་སོའི་ཁྱིམ་ཐབ་སྐྱོང་བ་ཙམ་ལའང་ཉམས་མྱོང་མེད་པ་དེ་འདྲ་རེད།

  14. ཁྲི་དར་མ། says:
    2015-09-05 at 2:57 pm

    ཤར་གླིང་ཟླ་སྒྲོན་ལགས་xxxཡིན་མདོག་ཁ་པོས་བཞུགས་ན་དགའ་ནི་རེད། དཔེར་ན། ཟླ་སྒྲོན་ལགས་སོགས་དབྱིན་ཡིག་ཤེས་མཁན་ཚོས་དམིགས་བསལ་བག་ཆགས་གང་ཡང་བཞག་མེད་པ་དང། མེད་སར་ཁ་བསྐང་བཞག་པ་དང། བརྡ་མ་འཕྲོད་སར་བརྡ་སྤྲད་བཞག་པའི་གྲུབ་འབྲས་གང་ཡང་ཡོད་པ་མ་རེད། མགོ་བདེ་བོ་དང། ལྐོག་ལྐོག་སིལ་སིལ་བྱས་ཏེ་ལྐོག་ནས་འཁྲིག་དགོས་ན། ཁྱོད་ཚོའི་ཨིན་ཡིག་དེ་འདྲ་ཤེས་ན་ཕན་ཐོག་ཡོད་སྲིད། དེ་མིན། མ་འོངས་པར། བོད་དོན་འཐབ་རྕོད་ཀྱི་གཙོ་བོའི་ཁ་ཕྱོགས་ས་རྒྱ་ནག་ཡིན་དགོས་པས། གསར་འབྱོར་བ་ཅི་ཙམ་གཞུང་གི་ལས་སྣེར་སླེབས་ཐུབ་ན་བདེན་མཐའ་བསལ་རྒྱུར་དེ་བས་ཉེ། དེ་སེམས་ལ་ཟུངས། ་ད་དུང་མང་མོད་་་་ད་མི་བཤད

  15. གཅེར་བུ། says:
    2015-09-05 at 4:27 pm

    མི་སྒེར་གི་ནད་ཚ་རིགས་བོད་མི་རིགས་གི་གླེང་སྟེགས་སུ་སྤེལ་བ་དེ་བསམ་བློ་མནར་མ་ཟིན་པའི་བྱིས་པ་ཆུང་ཆུང་ཞིག་དང་མཚུངས་་་་་

  16. བཀྲ་ཤིས་རྒྱ་མཚོ། says:
    2015-09-05 at 6:01 pm

    ང་རང་ཁོ་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན། ཁོ་མདོ་སྨད་སྤྱི་འཐུས་ནང་ལ་ཧ་ཅང་གི་འོས་པ་ཞིག་ཏུ་མཐོང་གིན་ཡོད། ཁོང་གསོག་སྒར་སློབ་གྲྭའི་ནང་ཡོད་དུས། བོད་སྐད་ཡིག་གལ་ཆེན་དུ་འཛིན་མཁན་ཞིག་ཡིན་པ་མ་ཟད། ཁོང་རང་ཉིད་ནས་འགྲོ་སོང་བཏང་དེ། སློབ་ཁང་རེ་རེའི་ནང་བོད་ཀྱི་གསར་བྱུང་ཐ་སྙད་དག
    ཚོན་དཔར་གྱི་ལམ་ནས་སྦྱར་འགྲེམས་བྱེད་གིན་ཡོད་པ་རེད། དེ་མིན་ཡུམ་སྐད་གཅེས་སྐྱོང་ཚོགས་པ་གསར་འཛུགས་ཀྱིས་གསོག་སྒར་སློབ་གྲྭའི་བོད་སྐད་ཡིག་ཐོག་ནུས་ཡག་པོ་དང་མིག་དཔེ་ཡག་པོ་སྟོན་མཁན་ཞིག་ཡིན། དེ་དུས་ད་དུང་གསོག་སྒེར་སློབ་གྲྭའི་རང་མོས་གླེང་སྟེགས་ཀྱི་འགོ་འཛིན་གནང་གིན་ཡོད་པ་རེད།
    དེ་མིན་སྐབས་ཐོག་དེར་གྲགས་ཆེ་བའི་ལྷོ་ཕྱོགས་ཕོ་ཉ་གསར་ཁང་གི་ས་གནས་གསར་འགོད་པ་ཡང་བྱེད་གིན་ཡོད་པ་རེད། དེ་དང་དེ་མཚུངས་ཀྱི་ཁ་མིག་ཡར་ལྟ་བྱེད་སའི་ན་གཞོན་ལེགས་པོ་ཞིག་ཡིན།
    ཁོང་ཡར་སླེབས་ན་རེ་བ་ཆེན་པོ་ཡོད། ཨ་མདོ་བ་ཚོ་འདི་ལྟ་བུའི་ན་གཞོན་ཡོད་པ་ང་རང་ངོས་ནས། བསོད་ནམས་ཀྱི་མཆོག་ཏུ་ངོས་འཛིན་བྱེད་གིན་ཡོད། ངའི་འོས་ཁོང་སྤྲད་རྒྱུ་ཐག་བཅད་ཡིན།

  17. ཀརྨ་བློ་གསལ་ says:
    2015-09-05 at 9:01 pm

    འོས་བསྡུ་སླེབས་ཐེངས་རེར་དྲ་ཚིགས་ཁག་ནས་ཁྲིམས་རེ་ཐོན་བཞིན་པ་འདིའང་གསར་འགྱུར་རང་དབང་ལ་ཇུས་གཏོགས་བྱེད་མཁན་མ་རུང་བ་རེ་སླེབས་ཀྱིན་པའི་སྒྲུབ་བྱེད་ཅིག་རེད་འདོད།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-09-06 at 10:49 pm

    དཔལ་ཤེས་རབ་རྡོ་རྗེ་མཆོག་ལ་རྒྱལ་ཁ་ལོན་ཕྱིར་ཡིད་སྨོན་བྱེད།
    སྐུ་གཞོགས། སྐུ་ཞབས། སྐུ་མདུན་སོགས་མིང་ཐད་ཀར་སྨྲོས་པ་མ་ཡིན་པར་ཚབ་ལ་བཀོལ་སྤྱོད་བྱེད། སྐུ་ལ་གཞོགས་དང་། ཞབས། མདུན་བཅས་སྦྱར་ན། ཞེ་སར་ཆགས། ལ་དྭགས་པས་ནོར་ནས་སྐུ་ཤོག ཟེར། དེ་ཡང་བླ་མ་སྤྲུལ་སྐུའི་རིགས་ལ་ཟེར། དེ་ཡང་སྐུ་གཞོགས་ཞེས་པ་ནོར་ནས་སྐུ་ཤོག་ཅེས་འབོད་པར་སེམས། མི་དྲག་པ་རི་མདུན་དུ་སླེབས་པ་ན། ལ་དྭགས་པས། སྐུ་མདུན་ག་ནས་ཕེབས་སམ། ཞེས་ཟེར་རོ།

    ཨིན་ཇིའི་སྐད་བརྡ་རིག་པའི་ཐོག་ཆེད་སྦྱོང་གནང་བ་མ་ཟད། ཅེས་པར་གནང་བར་མ་ཟད་ཅེས་བྲི་ན། བོད་ཆོས་སྐད་མཐུན། བོད་རྒྱ་དབྱིན་གསུམ་ཞེས་པ་བྲིསཔ་་སྔ་ཕྱི་འགལ་བར་བྲིས་སོ།
    རྡ་ས་ཞེས་པ་ལས་དྷ་ས་ཞེས་འབྲི་ན། ཡུལ་སྐད་བྲིས་དག་པ་དང་མཐུན་ནོ།

  19. མགར་རྡོ་རྗེ། says:
    2015-09-07 at 3:55 am

    དྲ་འབུ་ཚོས་ཅི་ཡང་མི་ཤེས་ལ། ཁོང་ཚོ་ནི་རང་ཉིད་ཀྱི་མ་འཇོན་པར་མི་ཁ་གཏོང་མཁན་གྱི་དུས་ཚོད་མ་རྫོགས་པར་སྡད་ཡོད་པ་རྐྱང་ཡིན་པས། དེ་ཚོར་ལན་འདེབས་འདོད་ཀྱི་མདུན་པ་མེད།
    འདི་ནས་དྲང་གཏམ་ཞིག་བཤད་ན།
    སྐུ་ཞབས་ཤེས་རབ་རྡོ་རྗེ། ང་ཚོ་གསོག་སྒར་སློབ་གྲྭ་ནང་དུས་མཉམ་དུ་ཡོད། སྐབས་དེར་ཁོས་ ལྷོ་ཕྱོགས་ཕཽ་ཉ་གསར་ཁང་ལ་དྭང་བླངས་ཐོག་ཞབས་ཞུ་བསྒྲུབ་བཞིན་ཡོད། དེ་མིན་གསོག་སྒར་སློབ་གྲྭའི་རང་མོས་གླེང་སྟེགས་ཀྱི་གཙོ་སྐྱོང་པ་དང་། ཡུལ་སྐད་གཅེས་སྐྱོང་ཚོགས་པ་གསར་འཛུགས་ཀྱི་འགན་འཛིན་སོགས་ལས་ཀ་གང་མང་འགོ་འཛུགས་དང་མཇུག་སྐྱོང་གནང་ཡོད། དེ་དུས་གསོག་སྒོར་སློབ་གྲྭ་ནང་རྒྱ་བོད་དབྱིན་གསུམ་ཐོག་ཤེས་ཡོན་ཆ་སྙོམས་པོ་ཡོད་མཁན་ཁོ་མ་གཏོགས་ཧ་ཅང་དཀོན་པོ་ཡིན། ཁོས་དེ་དུས་སུ་གསོག་སྒར་སློབ་གྲྭ་ནང་༼མི་རིགས་ས་ཁོངས་རང་སྐྱོང་དང་མི་རིགས་ས་གནས་རང་སྐྱོང་། ༽གཉིས་ཐོག་གཏམ་བཤད་སྤེལ་མྱོང་ཡོད། དེ་དུས་གསོག་སྒར་ནང་ཁའི་ཁྲིམས་ལུགས་ཆུ་ཚད་མཐོ་བ་ལ་ང་ཚོ་ཚང་མས་གདངས་འཇོག་དང་གུས་བཀུར་བྱེད་གིན་ཡོད། ད་ཐེངས་མདོ་སྨད་སྤྱི་འཐུས་ནང་ཁོང་ཧ་ཅང་གི་འོས་མི་ཚད་ལྡན་ཞིག་ཏུ་མཐོང་གིན་ཡོད། མདོ་སྨད་མི་དམངས་ནས་གནོ་བསམ་གཏོང་རྒྱུ་གལ་ཆེའོ།
    ཁྱོད་ལ་སེམས་གཏིང་ནས་རྒྱབ་སྐྱོར་གཙང་མ་ཡོད།
    སྤྱི་འཐུས་ནང་ཡར་ལངས་ངོ་དགའ་ཡོད། ཡོད་ཚད་བཀྲ་ཤིས་བདེ་ལེགས་ཞུ།

  20. བསོད་ནམས་སྒྲོལ་དཀར། says:
    2015-09-07 at 7:18 am

    ང་རང་༼Youth Hostel ༽ནང་ཡོད་དུས་སྤྱི་ལོ་༢༠༡༤་ལོ་ཤེས་རབ་རྡོ་རྗེ་ཐོག་མ་ངོ་ཤེས་པ་ཡིན།
    དེ་དུས་ཁོང་གིས་ང་ཚོ་རྒྱ་ཡིག་ཤེས་མཁན་ཁག་ཅིག་ལ། རྒྱ་གར་དང་རྒྱ་ནག་གཉིས་བར་གྱི་ཚོང་ལས་སྐོར་ལ་དུས་ངེས་ཀྱི་ལས་ཀ་སྤྲད་སོང་། སྐབས་དེར་ཁོང་གིས་རྒྱ་གར་ཚོང་ལས་སྡེ་ཚན་གྱི་ལས་ཁུངས་ཆེན་པོ་ཞིག་ན་ལས་ཀ་སྒྲུབ་བཞིན་འདུག དེ་དུས་ང་ཚོ་ཉིན་གཅིག་ལ་ལས་ཀ་འགྲོ་ན། ཧིན་སྒོར་༡༥༠༠རགས་གིན་འདུག
    སློབ་མ་ཞིག་ཡིན་དུས། ཉིན་གཅིག་ལ་བླ་ཕོགས་དེ་འདྲ་ཧ་ཅང་མཐོན་པོ་རེད། དེ་མིན་སློབ་སྦྱོང་གི་འགྲོ་གྲོན་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་། ཉམས་མྱོང་ཡང་ཡག་པོ་རག་སོང་། ཁོང་ལ་ཐུགས་རྗེ་ཆེ་ཞུ་ཡ་ཡིན།
    ཁོ་རང་ལ་རྒྱབ་སྐྱོར་ཡོད། ང་རང་ངོས་ནས་ཨ་མདོ་ཚང་མ་ལ་རྒྱབ་སྐྱོར་ཞུ་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme