Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་རྔ་སྟོད་ཨ་འདུས་སྡེ་བའི་མི་མང་ལ་གཅར་རྡུང་རྨས་སྐྱོན།

Posted on 2012-04-17 By ཁ་བརྡ་ 9 Comments on མདོ་སྨད་རྔ་སྟོད་ཨ་འདུས་སྡེ་བའི་མི་མང་ལ་གཅར་རྡུང་རྨས་སྐྱོན།

ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༤ ཉིན་རྔ་སྟོད་ཨ་འདུས་སྡེ་བའི་ནང་ལ་ཕྱི་དྲོའི་དུས་ཚོད་ ༢ སྡེ་མི་ཡོངས་རྫོགས་ལ་ཚོགས་འདུ་ཡོད་ཚུལ་གྱིས་མི་མང་བསྡུ་སྐོང་བྱས་ཤིང་། རྔ་པ་རྫོང་ཐོག་ནས་ཡོང་བའི་ལས་བྱེད་པ་ཁག་ཅིག་གིས་དེ་སྔ་ནས་མི་མང་ལ་རོགས་སྐྱོར་བྱས་པའི་དངུལ་ལྐོག་བཟའ་བྱས་པའི་དོགས་གཞི་ཡོད་སའི་མི་གཉིས་ཡོད་པ་དེ་གཉིས་ཀྱིས་ལས་ཀ་ཡག་པོ་བྱས་ཚུལ་བསྟོད་ར་བཏང་ནས་དེ་རིང་ཁོང་གཉིས་ལ་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་སྐབས་མི་མང་གིས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་བསྟན་མ་ཐག་རྫོང་ཐོག་ནས་ཡོང་བའི་ལས་བྱེད་ཚོས་མཉམ་ཁྲིད་བྱས་ཡོད་པའི་དྲག་ཆས་ཉེན་རྟོག་པ་རླངས་འཁོར་ཆེ་བ་བཅུ་ཡས་མས་ཤིག་ཡོད་པ་ཁོང་ཚོས་མི་མང་ལ་གང་བྱུང་གཅར་རྡུང་དྲག་པོ་བཏང་ཞིང་མི་བརྒྱ་ཡས་མས་རྨས་ལ་སྐྱོན་བཟོས་ཡོད་པ་དང་། དེའི་ནང་ནས་སློབ་དཔོན་སྐྱབས་སོགས་ལ་རྨས་སྐྱོབ་ཚབས་ཆེན་ཕོག་སྟེ་རྔ་པ་རྫོང་སྨན་ཁང་དུ་ཉལ་དགོས་བྱུང་ཡོད་འདུག
དེ་བཞིན་རྒྱལ་སྡེའི་ཚོ་གསུམ་སྡེ་བའི་མཚམས་ཆེན་དང་། ཚེ་ནོར། བསྟན་འཛིན་ཚེ་རིང་སོགས་མི་བཅོ་ལྔ་ནས་ཉི་ཤུ་བར་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་ཀྱང་། ད་ཆ་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་ཡོང་གི་མེད་འདུག དེ་ཡང་གནས་ཚུལ་འདིའི་འཕྲལ་གྱི་འབྱུང་རྐྱེན་སྐོར་ལ་རྒྱུས་ལོན་ཅུང་ཙམ་བྱུང་བར། ཕྱི་ལོ་ ༢༠༠༨ ལོའི་རྗེས་སུ་རྔ་སྟོད་ཨ་འདུས་སྡེ་བ་ཁག་ཐུན་མོང་ལ་དབང་བའི་ས་ཆ་༼འོ་མའི་ལུས་༽(ས་ཆ་འདིར་ཨ་འདུས་སྡེ་བ་ཁག་མ་ཎི་དང་སྙུང་གནས་སོགས་ལ་ལྷན་ཚོགས་གནང་ས་དང་། བླ་མ་དང་དགེ་བཤེས་སོགས་སྡེ་བའི་ནང་དུ་ཕེབས་སྐབས་ཆོས་ཞུ་བ་འཛོམས་ས། དེ་བཞིན་ནས་སྟོན་དང་དུས་སྟོན་སོགས་སྤྲོ་སྐྱིད་གཏོང་ས་བཅས་ཡིན་འདུག ) ཞེས་པ་དེར་རྒྱ་གཞུང་གིས་རྒན་གསོ་ཁང་རྒྱག་དགོས་ཚུལ་བཤད་དེ་ཧམ་ཤེད་ཀྱིས་བཙན་འཕྲོག་བྱས་ཡོད་པ་དང་། སྐབས་དེར་མང་ཚོགས་ཀྱིས་དེ་ལྟར་མི་འགྲིག་ཚུལ་གྱིས་རེ་བ་ནན་བཤད་བྱས་ཀྱང་ནུས་པ་མ་འཐོན་པར་རྗེས་སུ་དེ་ལ་དམག་སྒར་ཆེན་པོ་ཞིག་བརྒྱབ་ཡོད་པ་དང་། དེང་སྐབས་དམག་མི་དང་དྲག་ཆས་ཉེན་རྟོག་པ་སོགས་རྒྱུན་སྡོད་བྱས་ཡོད་པ་རེད་འདུག
དེའི་ཉེ་འཁོར་དུ་དེང་སྐབས་བོད་ས་ཕལ་མོ་ཆེར་མིང་གི་རོགས་སྐྱོར་དང་དོན་གྱི་བཤུ་གཞོག་གཉིས་ཀ་ཡིན་པའི་ཁང་ཆུང་གྲལ་མཉམ་པོ་ཅན་མང་པོ་ཞིག་རྒྱག་བཞིན་པ་དེ་དག་དང་འདྲ་བར་ཁང་ཆུང་མང་པོ་ཞིག་བརྒྱབ་ཡོད་པ་དེ་དག་དང་ཐོག་མི་མང་ལ་རོགས་སྐྱོར་ཡིན་ཚུལ་གྱིས་སྤྲད་ཡོད་འདུག་ཀྱང་། ལོ་སྔོན་མའི་ལོ་མཇུག་ཙམ་ནས་དེ་ལ་རྒྱ་སྒོར་ཁྲི་བརྒྱད་ཀྱི་འགྲོ་སོང་བཏང་ཡོད་ཚུལ་དང་། ཁྲི་བདུན་རྒྱལ་ཁབ་ཀྱིས་རོགས་སྐྱོར་ཡིན་ཚུལ། ཁྲི་གཅིག་བསྐྱེད་ཀ་དང་བཅས་པ་མི་ཚང་རེ་རེ་བཞིན་སྤྲོད་དགོས་པའི་བརྡ་ལན་འབྱོར་སྐབས། མི་མང་གིས་དང་ཐོག་ཚང་མ་རྒྱལ་ཁབ་ཀྱི་རོགས་ཡིན་ཚུལ་ཁོ་ན་བརྗོད་པ་ལས། སྒོར་མོ་དགོས་ཚུལ་ཚིག་སྣ་གཅིག་ཀྱང་བཤད་མེད་པས་སྤྲོད་མི་ཐུབ་ཚུལ་བཤད་དེ་རྔ་པ་རྫོང་སྲིད་གཞུང་ནས་རྔ་པ་རང་སྐྱོང་ཁུལ་སྲིད་བར་ཡར་མར་ལ་གཏུག་བཤེར་མང་པོ་བྱས་དང་བྱེད་ཀྱིན་ཡོད་འདུག
མ་ཟད་ཁང་པ་དེ་དག་རྒྱག་སྐབས་གྲོང་སྡེ་ལས་ཁུངས་ཀྱི་མི་གཉིས་ཀྱིས་སྤྱི་དངུལ་ལྐོག་བཟའ་བྱས་ཡོད་པའི་དོགས་པ་མང་པོ་བྱུང་ཞིང་། མི་དེ་གཉིས་ལ་ལྟ་ཚུལ་མི་ལེགས་པ་བཟུང་ཡོད་འདུག ཉེ་ཆར་ཕྱི་ཚེས་ ༡༤ ཉིན་རྔ་པ་རྫོང་ཐོག་ནས་ལས་བྱེད་སྐོར་ཞིག་གིས་དྲག་ཆས་ཉེན་རྟོག་པ་འབོར་ཆེན་ཞིག་མཉམ་ཁྲིད་ཀྱིས་རྔ་སྟོད་ཨ་འདུས་ཞང་དུ་སོང་འདུག་པ་དང་། དང་ཐོག་ཉེན་རྟོག་པ་རྣམས་མི་མང་གི་མཐོང་སར་ཁྲིད་མེད་ཀྱང་། མི་མང་ཆེས་མི་དགའ་སའི་གྲོང་སྡེའི་ལས་བྱེད་གཉིས་ལ་མི་མང་གི་མདུན་དུ་བསྟོད་ར་བཏང་ཞིང་བྱ་དགའ་སྤྲོད་རྒྱུ་ཡིན་བརྗོད་སྐབས་མི་མང་གིས་དྲང་བདེན་མ་རེད་ཟེར་ནས་རྣམ་འགྱུར་ཤུགས་ཆེན་པོ་བསྟན་འདུག་པ་དེ་མ་ཐག་ཉེན་རྟོག་པ་རྣམས་ཀྱིས་དངོས་སུ་ཐོན་ནས་དྲག་རྡུང་བྱས་ཡོད་འདུག
དེ་མིན་འདི་ལོའི་ཕྱི་ཟླ་ ༡ ནང་ཨ་འདུས་མཐའ་བའི་རོང་བ་ཚང་གི་ཚེ་རིང་བཀྲ་ཤིས། རང་ལོ་ ༣༣ ཡིན་པ་ཁོང་ལ་ལོ་ ༣ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་ཁོང་ལོ་སྔོན་མའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་གནང་སྐབས་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་བྱས་པའི་གློག་བརྙན་ནང་ཐེབས་ཏེ་རྗེས་སུ་འཛིན་བཟུང་གིས་དེའི་བར་ཐག་གཅོད་མ་བྱས་པར་བཀག་ཉར་བྱས་པ་ཞིག་ཡིན་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༧ ལ།

བསྟན་འཛིན་འཆི་མེད། བསྟན་འཛིན་བདེ་སྐྱིད། བསྟན་འཛིན་ཆོས་དབྱིངས། བསྟན་འཛིན་ཤེས་རབ། བསྟན་འཛིན་ཡོན་ཏན། བསྟན་འཛིན་བདེ་སྐྱོང་།

གསར་འགྱུར།

Post navigation

Previous Post: ཤེས། སྤྱོད། ཕན།

Next Post: མཚན་ཚོགས། མི་ཚེའི་མྱོང་ཚོར་གསར་པ།

Comments (9) on “མདོ་སྨད་རྔ་སྟོད་ཨ་འདུས་སྡེ་བའི་མི་མང་ལ་གཅར་རྡུང་རྨས་སྐྱོན།”

  1. མདའ་བཞི་བ says:
    2012-04-17 at 11:57 am

    ཨ་ཁ་ཁ་ད་མ་བཟང་ཐ་་་་་་་་་་་་་་དཀོན་མཆོག་མཁྱེན

  2. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-04-17 at 12:46 pm

    ཨ་མདོ་རྔ་བར་ནི་བོད་ཀྱི་སྟག་མོ་རྫོང་ཟེར་བའི་མཚན་སྙན་ཞིག་ཡང་ཐོབ་གྱིན་འདུག་དེ་ནི་དངོས་ཡོད་གནས་ཚུལ་ཞིག་ཏུ་འཁུམས་སོ་་་་་་་་་་་་་་བོད་ཀྱི་རང་བཙན་དེ་མ་འོངས་པ་ན་ཨ་མདོ་རྔ་བའི་དཔའ་རྒོད་ཚོའི་ལེན་ས་རེད་ངའི་རྒྱུན་ལྡན་གྱི་དེ་འདྲ་ཞིག་དྲན་གྱིན་འདུག་་་་་་་་་་ཨ་མདོ་རྔ་བའི་རྒྱལ་གཅེས་རྣམས་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རིང་གྲངས་མེད་ཞུ་བཞིན་ཡོད་་་་་་་་་་་་་་་་་་་

  3. རྨེའུ་ཤེར་ཆུང་། says:
    2012-04-17 at 2:53 pm

    ངོ་མ་རེད་
    གསེར་རྟ་བསོད་ནམས་ཕུན་ཚོགས་ཀྱིས་ཟེར་བ་དེ་བཞིན་ང་ཚོའི་མདོ་སྨད་རྔ་བ་ལ་སྟག་མོ་རྫོང་ཞེས་མཚན་སྙན་འབུལ་ཆོག
    ཁོང་ཚོའི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རིང་དང་བསྔགས་བརྗོད་ཞུ།

  4. ཞོལ་ཕྲུག says:
    2012-04-17 at 5:37 pm

    གཞིས་བཞུགས་ཨ་མདོའི་བུ་དང་བུ་མོས་སྤྱི་དོན་ཆེད་དུ་རང་སྲོག་དམར་པོ་འབེན་བཙུགས་བྱས་ཀྱང་། བྱེས་སུ་ཨ་མདོའི་ཨ་མ་ཀིརྟི་སྒྲོལ་དཀར་གྱིས་སྤྱི་དངུལ་ལྐོག་བཟའ་བྱས་པ་སེམས་རེ་སྐྱོ།། ངོ་མ་བོད་ནང་གི་མི་ཚོར་གདོང་པ་སྟོན་ནུས་ཚོད་མདའ།།

  5. ལྕགས་འགོར says:
    2012-04-17 at 11:42 pm

    བོད་ནང་དུ་རྔ་བ་སྟག་མོའི་རྫོང་དང་xxསེང་གེའི་རྫོང་xxཁྱི་མོའི་རྫོང་xxཝ་མོའི་རྫོང་དམངས་ཀྱིས་འུར་གྱི་ཡོད་རེད། ངོ་མ་དོན་དམ་པར་སྟག་མོའི་རྫོང་རེད་ཟེར་ན་མི་ཆོག་པ་ཅི་ལ་ཡོད།

  6. ཨ་ར་དཀར་པོ says:
    2012-04-18 at 12:16 am

    བསྟན་འཛིན་འཆི་མེད། བསྟན་འཛིན་བདེ་སྐྱིད། བསྟན་འཛིན་ཆོས་དབྱིངས། བསྟན་འཛིན་ཤེས་རབ། བསྟན་འཛིན་ཡོན་ཏན། བསྟན་འཛིན་བདེ་སྐྱོང་།
    རྩོམ་ཞབས་སུ་བཀོད་པའི་གོང་གི་མིང་འདི་ཚོ་ཅི་ཞིག་རེད་དམ།

  7. ལུང་རྟོགས། says:
    2012-04-18 at 2:52 am

    རྒྱ་སྤྲང་འདི་ཚང་

  8. སྙིང་དཀར། says:
    2012-04-18 at 12:20 pm

    དེང་གི་དུས་སུ་བོད་ཕྱི་ནང་གཉིས་ཀ་ནས་བོད་མི་མང་པོ་ཞིག་དང་ལྷག་པར་དུ་གཞོན་སྐྱེས་ཚོས་ཨ་མདོ་རྔ་པ་ལ་སྟག་མོ་རྫོངས་ཞེས་མཚན་གསར་པ་ཞིག་འབུལ་བའམ་འབོད་ཀྱི་འདུག མཚན་སྙན་དེ་འབུལ་འོས་པ་ཞིག་དང་འབོད་རུང་བ་ཞིག་རེད། གང་ཡིན་ཞེ་ན་བོད་གངས་རིའི་ལྗོངས་ནས་རང་མི་རིགས་ཀྱི་བདེན་དོན་ཆེད་དུ་ཆེས་ཐོག་མར་རང་ལུས་མེ་རུ་སྒྲོན་མཁན་རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ནས་བརྩིས་ཏེ་ད་བར་གཞོན་སྐྱེས་ཉི་ཤུ་ཐམས་པའི་སྐུ་ལུས་མེ་རུ་སྒྲོན་འདུག དེའི་ནང་ནས་འུ་ཅག་གིས་ཤེས་གསལ་ལྟར་བཅུ་དྲུག་འདས་གྲོངས་སུ་གྱུར་འདུག གཟུར་གནས་བློ་ལྡན་ཞིག་ཡིན་ཕྱིན་ཨ་མདོ་རྔ་པ་ལ་སྟག་མོ་རྫོངས་ཞེས་བོས་ན་ཡི་རངས་མི་བྱེད་མཁན་ཞིག་ཨེ་ཡོད་སྙམ།

  9. བྲོ་འཚལ། says:
    2012-04-20 at 2:11 am

    ངོ་མ་ཨ་མདོ་རྔ་བ་རྫོང་ལ་སྟག་མོ་རྫོང་ཟེར་ན་དོན་དངོས་དང་མཐུན་པའི་བདེན་གཏམ་ཞིག་ཏུ་འཁུམས།་་་རང་ལུས་མེ་ལྕེ་འབར་བའི་མཆོད་པ་དེ་རྔ་པ་ནས་ཐོག་མར་མཆེད་པས་ཀྱང་མཚན་དེ་ལྟར་བཏགས་པར་འོས་ཞིང་འཚམས་པར་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme