Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་རྔ་བར་བུ་མོ་ཚེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ།

Posted on 2014-12-222014-12-23 By ཁ་བརྡ་ 27 Comments on མདོ་སྨད་རྔ་བར་བུ་མོ་ཚེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ།

གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།

Tsepe 01ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤ པ་ཡོལ་ཙམ་ལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྲང་ལམ་སྨད་ཕྱོགས་ནས་རང་ལོ་༡༩ ཡིན་པའི་བུ་མོ་ཚེ་པེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་ཆེད་སྐུ་ལུས་མེར་སྲེག་བཏང་སྟེ་ས་གནས་དེ་ག་རང་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། དེ་མ་ཐག་ཉེན་རྟོག་པས་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག
ཁོང་མོ་ནི་རྔ་བ་ཁུལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་བཞི་བའི་འཆི་རྡོར་ཚང་གི་ཕ་འཆི་རྡོར་༼འཆི་མེད་རྡོ་རྗེ་༽དང་། མ་ཅེན་དཔའ་གཉིས་ལ་བུ་བུ་མོ་དྲུག་ཡོད་པའི་ནང་གི་བཞི་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་སློབ་གྲྭར་འགྲོ་མྱོང་མེད་པར་ཕ་མ་མཉམ་དུ་འབྲོག་པའི་འཚོ་བ་བསྐྱལ་ནས་འཚར་ལོངས་བྱུང་བ་ཞིག་དང་། ཀུན་ཀྱིས་སྟོད་སྔགས་བྱེད་སའི་གཞུང་དྲང་གཤིས་འཇམ་གྱི་བུ་མོ་ཡ་རབས་ཤིག་ཡིན་འདུག

76

ད་དུང་གནས་ཚུལ་ཡོང་ཁུངས་ནས་བཤད་པར་ལོ་ན་༦༠ ཡོལ་བའི་བུ་མོའི་ཕ་འཆི་རྡོར་དང་ལོ་ན་ལྔ་བཅུ་ང་སྟོད་ཡིན་པའི་མ་ཅེན་དཔའ་གཉིས་དང་གཅེན་པོ་ཡི་མེ་བཅས་ཉེན་རྟོག་པས་ཁྲིད་ཡོད་ཀྱང་དངོས་སུ་བཀག་ཉར་བྱས་ཡོད་མེད་སོགས་གསལ་པོ་ཤེས་རྟོགས་མ་བྱུང་བ་བཅས།

77

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༢ ལ།

Meruma 01 (2)

 

 

Hews from Ngaba – December 22, 2014

Shortly after 4 pm local time today, a 19 year old girl named Tseypey set herself on fire by the main road in Me’uruma township (in Ngaba county), in protest against China’s policy in Tibet. She died on the spot. Security forces instantly came and took away her remains.

Tseypey was from the Chidortsang household in division four of the Me’uruma pastoral area, the fourth of six children born to father Chimey Dorje and mother Chenpah. She never went to school, but grew up living with her parents and herding cattle. She was widely praised as a well behaved girl, honest and gentle.

Her 60 year old father and 50 year old mother have reportedly been taken away by police, but it is not clear whether they have been detained.

Losang Yeshe and Kanyag Tsering

Kirti monastery in exile

Dec 22 2014

གསར་འགྱུར།

Post navigation

Previous Post: ཡེ་ཤུའི་འཁྲུངས་སྐར་སྐོར་ལ་འགྲེལ་བཤད་སྙིང་བསྡུས།
Next Post: བཅུ་ཕྲག་རིག་པའི་དབང་ཕྱུག་གངས་ཅན་གྱི་གཏེར་མཛོད།

Comments (27) on “མདོ་སྨད་རྔ་བར་བུ་མོ་ཚེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ།”

  1. ཁྱུང་དཀར། says:
    2014-12-22 at 10:46 am

    སྐྱོ་གདུང་དང་སེམས་པ་སྨྲེང་ཞོར་སྨོན་སེམས་འདི་ཚར་གཅིག་སྐྱོར་རྒྱུ་ལས་བྱ་ཐབས་མི་འདུག
    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་སྒྲུབ་པས་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་པོས་ཐུགས་རྗེས་སྐྱོབ་པར་ཤོག །

  2. བོད་ཀྱི་བུ། says:
    2014-12-22 at 10:54 am

    ངོ་མ་སེམས་སྐྱོ་སོང་། ད་ནི་ཡང་མེ་ལྕེ་ཞིག་སླར་ཡང་འབར་ངེས་འདུག ང་ཡི་དཔའ་བོ་ཚོ་ད་ནི་མཚམས་འཇོག་རོགས་གནང་། འུ་ཚོ་གསོན་ནས་ལས་ཀ་བྱེད་རྒྱུ་མང་།

  3. རྒྱང་མིག says:
    2014-12-22 at 11:01 am

    ཡིད་མྱ་ངན་ཆེན་པོ་དང་སྨྲེ་ངག་ཤུགས་དྲག་གི་སྒོ་ནས་གདུང་སེམས་མཉམ་བསྐྱེད་ཞུ།
    དེ་ཡི་མཐུ་ལ་བརྟེན་ནས་་་་་་་་་

    རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན།།
    ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
    ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
    སྤྱོད་པའི་སྐལ་བཟང་མྱུར་བ་མྱུར་དུ་སྩོལ།།

  4. Tenzin tashi says:
    2014-12-22 at 11:05 am

    ད་མཚམས་འཇོག་རོགས། འགན་ཡོད་རྣམས་རི་བོང་རྡོར་བརྫི་མ་གནང།

  5. ཇུས་ཏོག says:
    2014-12-22 at 11:08 am

    བདེན་ལ་་མི་བདེན་གྱི་དཀྲུགས་ཤིང་གི་གནས་ཚུལ་མ་སྤེལ་ན་ཡག་གི་རེད་།
    ཨ་རིའི་ཌོ་ལར་་ལ་བརྔམ་ནས་བོད་མི་མང་ལ་དཀའ་མ་བཟོ་རོགས།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-12-22 at 11:14 am

    ད།
    རང་ལུས་མེར་སྲེག་མ་གཏོང་།།
    གཞན་ལུས་གནོད་པ་མ་བསྐྱལ།།
    རང་ཉིད་འཚོ་བཞུགས་ཐོག་ནས།།
    གཞན་གྱི་དབང་ལས་རྒྱལ་དགོས།།

    བོད་པས་བོད་མིའི་སྲོག་སྐྱོབས་དགོས།།
    བོད་པས་རྒྱ་མིར་གནོད་མ་བསྐྱལ།།
    རང་ས་རང་གིས་བཟུང་བའི་ཐོག།
    རང་ཐག་རང་གཅོད་ལ་བརྩོན་དགོས།།

  7. བསྟན་འཛིན། says:
    2014-12-22 at 12:36 pm

    བོད་མི་རིགས་ཀྱི་རྒྱལ་གཅེས་པ་ཚོ། ངས་ཁྱེད་རྣམ་པར་ཡིག་འབྲུ་ཚིག་གསུམ་འབྲི་བཞིན་ངའི་མིག་སྒོ་ནས་ཆུ་མ་ཐིག་པ་ལྷུག་ལྷུགས་སུ་རྒྱུགས་ཡོང་གིན་ཡོད། ཁྱེད་རྣམ་པས་གངས་ཅན་པའི་ལས་དབང་གི་ཆེད་དུ་བློས་བཏང་ནི་ངའི་བསམ་བརྗོད་ལས་འདས། ངས་འདི་ནས་ཁྱོད་རྣམས་ལ་ཞུ་བ་འབུལ་བཞིན་ཡོད། ཐུགས་རྗེ་གཟིགས། རྒྱལ་གཅེས་པ་ཁྱོད་རྣམས་ང་ཚོ་དང་ལྷན་དུ་གནས་དགོས་པ་
    ལས་འདི་ལྟར་གཤེགས་མི་རུང་། ང་ཚོར་ཁྱེད་རྣམས་དགོས་ལ། ཁྱོད་ཚོ་ལ་ཡང་ང་ཚོ་དགོས། ང་ཚོ་ཚང་མའི་ལས་དབང་གཅིག་རེད། ང་ཚོ་ཚང་མའི་ཕུགས་མདུན་གཅིག་རེད། རྒྱལ་གཅེས་དཔལ་པ་འདི་དག་དང་འབྲེལ་བའི་བླ་དཔོན་ཚོས་འོས་འགན་རེ་ལེན་རྒྱུར་དུས་ལ་བབ་སོང་། དགྲ་མེད་གྲོགས་མེད་འདི་མོར་བཞུགས་པར་ཡག་རྟགས་ཞིག་མ་རེད། འདི་མོ་རང་ལ་སོང་བ་ཡིན་ན་ནམ་ཞིག་ན་ཁྱེད་རྣམ་པ་ཉེས་ཆེན་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག་གོ།

  8. ནད་མེད་ཚེ་རིང་། says:
    2014-12-22 at 12:38 pm

    ཡང་ཤ་ཕྲག་གཅིག་པའི་བོུ་ན་གཞོན་ཞིག་རང་མི་རིགས་ཀྱི་དོན་དུ་རང་ལུས་མེ་ལ་ཕུལ་འདུག་པས་གུས་བརྩི་དང་ནང་མིར་ཐུགས་གསོ་ཞུ་རྒྱུ་ཡིན། ད་བར་བོད་མི་བརྒྱ་དང་གསུམ་བཅུ་ལྷག་ནས་རང་ལུས་མེ་བསྲེགས་གནང་ཡོད་པས་བཙན་བྱོལ་བདོ་མིའི་སྒྲིགས་འཛུགས་མཛད་གཙོ་རྣམས་ནས་གསར་འགྱུར་ནང་དྲིལ་བསྒྲགས་དང་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་སྐབས་ཕྱི་རྒྱལ་རྒྱལ་ཁབ་ཀྱི་དཔོན་རིགས་མཇལ་ནས་བོད་དོན་ཐོག་ཞི་བོ་གཅིག་རྒྱབ་བསྐྱོར་ཡོད་ལུགས་སོགས་བཤད་ཀྱིན་པར། བོད་དོན་དཀའ་སེལ་སླད་དངོས་ཐོག་གང་ཙམ་གནང་ཐུབ་མིན་བཙན་བྱོལ་དང་བོད་ནང་ཡོད་པའི་ཤེས་ལྡན་ཚོའི་ཤེས་ཐུབ་། འོན་ཀྱང་བོད་ནང་ཡོད་པའི་བོད་མི་སྤྱི་བྱིངས་ནས་ཤེས་དཀའ་བའི་གནས་སྟངས་ལ་སོང་རེ་བ་ཆེན་པོ་ཡོད་པར་བསམ་ནས་རང་ལུས་མཆོད་འབུལ་གནང་སྲིད་པས་མཛད་གཙོ་རྣམས་ནས་ཕྱི་ལ་བཀའ་མོལ་གནང་སྐབས་གཟབ་གཟབ་གནང་རོགས་ཞུ་རྒྱུ་ཡིན། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་ཆེས་གུས་བཏུད་དང་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་འོག་ཏུ་སྐྱེས་པར་ཤོག

  9. སྡོང་ཆུ་མིག says:
    2014-12-22 at 1:26 pm

    ངོ་མ་སེམས་སྐྱོ་སོང་། ད་མཚམས་འཇོག་རོགས།

  10. བསྟན་འཛིན་འོད་ཟེར། says:
    2014-12-22 at 4:34 pm

    གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད།།
    མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག།།
    སྐྱེས་མ་ཐག་དུ་ཆོས་དང་འཕྲད་གྱུར་ནས།།
    ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག།།
    དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང།།
    ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག།།
    ཆོས་སྟོགས་ནས་ནི་སྙིང་པོའི་དོན་འགྲུབ་སྟེ།།
    ཚེ་དེར་སྲིད་པའི་རྒྱ་མཚོ་བསྒལ་བར་ཤོག།།

  11. པདྨ says:
    2014-12-22 at 5:30 pm

    ༄༅།།ཀུན་ཏུ་བཟང་པོའི་སྨོན་ལམ་བཞུགས་སོ།

    ཙིཏྟ་ཨཱཿ དེ་ནས་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོསཿ འཁོར་བའི་སེམས་ཅན་སངས་མི་རྒྱ་བའི་དབང་མེད་པའི་སྨོན་ལམ་ཁྱད་པར་ཅན་འདི་གསུངས་སོཿ

    ཧོཿ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ གཞི་གཅིག་ལམ་གཉིས་འབྲས་བུ་གཉིས༔ རིག་དང་མ་རིག་ཆོ་འཕྲུལ་ཏེ༔ ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔ ཐམས་ཅད་ཆོས་དབྱིངས་ཕོ་བྲང་དུ༔
    མངོན་པར་རྫོགས་ཏེ་སངས་རྒྱས་ཤོག༔ ཀུན་གྱི་གཞི་ནི་འདུས་མ་བྱས༔ རང་བྱུང་ཀློང་ཡངས་བརྗོད་དུ་མེད༔ འཁོར་འདས་གཉིས་ཀའི་མིང་མེད་དོ༔ དེ་ཉིད་རིག་ན་སངས་རྒྱས་ཏེ༔ མ་རིག་སེམས་ཅན་འཁོར་བར་འཁྱམས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས༔ བརྗོད་མེད་གཞི་དོན་རིག་པར་ཤོག༔ ཀུན་ཏུ་བཟང་པོ་ང་ཡིས་ཀྱང་༔ རྒྱུ་རྐྱེན་མེད་པར་གཞི་ཡི་དོན༔ དེ་ཉིད་གཞི་ལས་རང་བྱུང་རིག༔ ཕྱི་ནང་སྒྲོ་སྐུར་སྐྱོན་མ་བཏགས༔ དྲན་མེད་མུན་པའི་དྲིས་མ་གོས༔ དེ་ཕྱིར་རང་སྣང་སྐྱོན་མ་གོས༔ རང་རིག་སོ་ལ་གནས་པ་ལ༔ སྲིད་གསུམ་འཇིགས་ཀྱང་སྔགས་སྐྲག་མེད༔ འདོད་ཡོན་ལྔ་ལ་ཆགས་པ་མེད༔ རྟོག་མེད་ཤེས་པ་རང་བྱུང་ལ༔ གདོས་པའི་གཟུགས་དང་དུག་ལྔ་མེད༔ རིག་པའི་གསལ་ཆ་མ་འགགས་པས༔ ངོ་བོ་གཅིག་ལ་ཡེ་ཤེས་ལྔ༔ ཡེ་ཤེས་ལྔ་པོ་སྨིན་པ་ལས༔
    ཐོག་མའི་སངས་རྒྱས་རིགས་ལྔ་བྱུང་༔ དེ་ལས་ཡེ་ཤེས་མཐའ་རྒྱས་པས༔ སངས་རྒྱས་བཞི་བཅུ་རྩ་གཉིས་བྱུང་༔ ཡེ་ཤེས་ལྔ་ཡི་རྩལ་ཤར་བས༔ ཁྲག་འཐུང་དྲུག་ཅུ་ཐམ་པ་བྱུང་༔ དེ་ཕྱིར་གཞི་རིག་འཁྲུལ་མ་མྱོང་༔ ཐོག་མའི་སངས་རྒྱས་ང་ཡིན་པས༔ ང་ཡིས་སྨོན་ལམ་བཏབ་པ་ཡིས༔ ཁམས་གསུམ་འཁོར་བའི་སེམས་ཅན་གྱིས༔ རང་བྱུང་རིག་པ་ངོ་ཤེས་ནས༔ ཡེ་ཤེས་ཆེན་པོ་མཐའ་རྒྱས་ཤོག༔ ང་ཡི་སྤྲུལ་པ་རྒྱུན་མི་ཆད༔ བྱེ་བ་ཕྲག་བརྒྱ་བསམ་ཡས་འགྱེད༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ང་ཡི་ཐུགས་རྗེ་སྨོན་ལམ་གྱིས༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔
    རིགས་དྲུག་གནས་ནས་འཐོན་པར་ཤོག༔ དང་པོ་སེམས་ཅན་འཁྲུལ་པ་རྣམས༔ གཞི་ལ་རིག་པ་མ་ཤར་བས༔ ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ག་མ་རིག་འཁྲུལ་བའི་རྒྱུ༔ དེ་ལ་ཧད་ཀྱིས་རྒྱལ་བ་ལ༔
    དངངས་སྐྲག་ཤེས་པ་ཟ་ཟིར་འགྱུས༔ དེ་ལས་བདག་གཞན་དགྲར་འཛིན་སྐྱེས༔ བག་ཆགས་རིམ་གྱིས་བལྟས་པ་ལས༔ འཁོར་བ་ལུགས་སུ་འཇུག་པ་བྱུང་༔ དེ་ལ་ཉོན་མོངས་དུག་ལྔ་རྒྱས༔
    དུག་ལྔའི་ལས་ལ་རྒྱུན་ཆད་མེད༔ དེ་ཕྱིར་སེམས་ཅན་འཁྲུལ་པའི་གཞི༔ དྲན་མེད་མ་རིག་ཡིན་པའི་ཕྱིར༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ ཀུན་གྱིས་རིག་པ་རང་ཤེས་ཤོག༔ ལྷན་ཅིག་སྐྱེས་པའི་མ་རིག་པ༔ ཤེས་པ་དྲན་མེད་ཡེངས་པ་ཡིན༔ ཀུན་ཏུ་བརྟགས་པའི་མ་རིག་པ༔ བདག་གཞན་གཉིས་སུ་འཛིན་པ་ཡིན༔ ལྷན་ཅིག་ཀུན་བརྟགས་མ་རིག་གཉིས༔ སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འཁོར་བའི་སེམས་ཅན་ཐམས་ཅན་ཀྱི༔ དྲན་མེད་འཐིབ་པའི་མུན་པ་སངས༔ གཉིས་སུ་འཛིན་པའི་ཤེས་པ་དངས༔ རིག་པ་རང་ངོ་ཤེས་པར་ཤོག༔ གཉིས་འཛིན་བློ་ནི་ཐེ་ཚོམ་སྟེ༔ ཞེན་པ་ཕྲ་མོ་སྐྱེས་པ་ལས༔ བག་ཆགས་འཐུགས་པོ་རིམས་གྱིས་བལྟོས༔ ཟས་ནོར་གོས་དང་གནས་དང་གྲོགས༔ འདོད་ཡོན་ལྔ་དང་བྱམས་པའི་གཉེན༔ ཡིད་འོད་ཆགས་དང་འདོད་པས་གདུངས༔ དེ་དག་འཇིགས་རྟེན་འཁྲུལ་པ་སྟེ༔ གཟུང་འཛིན་ལས་ལ་ཟད་མཐའ་མེད༔ ཞེན་པའི་འབྲས་བུ་སྨིན་པའི་ཚེ༔ སྐམ་ཆགས་གདུངས་པའི་ཡི་དྭགས་ལུས༔ སྐྱེས་ནས་བཀྲེས་སྐོམ་ཡ་རེ་ང་༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འདོད་ཆགས་ཞེན་པའི་སེམས་ཅན་རྣམས༔ འདོད་པའི་གདུངས་བ་ཕྱིར་མ་སྤངས༔ འདོད་ཆགས་ཞེན་པ་ཚུར་མ་བླངས༔ ཤེས་པ་རང་སོར་ཀློད་པ་ཡིས༔ རིག་པ་རང་སོ་ཟིན་གྱུར་ནས༔ ཀུན་རྟོགས་ཡེ་ཤེས་ཐོབ་པར་ཤོག༔ ཕྱི་རོལ་ཡུལ་གྱི་སྣང་བ་ལ༔ འཇིགས་སྐྲག་ཤེས་པ་ཕྲ་མོ་འགྱུས༔ སྡང་པའི་བག་ཆགས་བལྟས་པ་ལ༔ དགྲ་འཛིན་བརྡེག་སོགས་ཧྲག་པ་སྐྱེས༔ ཞེ་སྡང་འབྲས་བུ་སྨིན་པའི་ཚེ༔ དམྱལ་བའི་བཙོ་བསྲེགས་སྡུག་རེ་བསྔལ༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན༔ ཞེ་སྡང་དྲག་པོ་སྐྱེས་པའི་ཚེ༔ སྤང་བླང་མི་བྱ་རང་སོར་ཀློད༔ རིག་པ་རང་སོར་ཟིན་གྱུར་ནས༔ གསལ་བའི་ཡེ་ཤེས་ཐོབ་པར་ཤོག༔ རང་སེམས་ཁེངས་པར་གྱུར་པ་ན༔ གཞན་ལ་འགྲན་སེམས་སྨད་པའི་བློ༔ ང་རྒྱལ་དྲག་པོའི་སེམས་སྐྱེས་པས༔ བདག་གཞན་འཐབ་རྩོད་སྡུག་བསྔལ་སྤྱོད༔ ལས་དེའི་འབྲས་བུ་སྨིན་པའི་ཚེ༔ འཕོ་ལྡུང་མྱོང་བའི་ལྷ་རུ་སྐྱེས༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ ཁེངས་སེམས་སྐྱེ་པའི་སེམས་ཅན་རྣམས༔ དེ་ཚེ་ཤེས་པ་རང་སོར་ཀློད༔ རིག་པ་རང་སོ་ཟིན་གྱུར་ནས༔ མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག༔ གཉིས་འཛིན་བལྟས་པའི་བག་ཆགས་ཀྱིས༔ བདག་བསྟོད་གཞན་སྨོད་ཟུག་རྔུའི་ལས༔ འཐབ་རྩོད་འགྲན་སེམས་བལྟས་པ་ལས༔ གསོད་གཅོད་ལྷ་མིན་གནས་སུ་སྐྱེས༔ འབྲས་བུ་དམྱལ་བའི་གནས་སུ་ལྷུང་༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འགྲན་སེམས་འཐབ་རྩོད་སྐྱེས་པ་རྣམས༔ དགྲར་འཛིན་མི་བྱ་རང་སར་ཀློད༔ ཤེས་པ་རང་སོ་ཟིན་གྱུར་ནས༔ ཕྲིན་ལས་ཐོགས་མེད་ཡེ་ཤེས་ཤོག༔ དྲན་མེད་བཏང་སྙོམས་ཡེངས་པ་དང་༔ འཐིབས་དང་རྨུག་དང་བརྗེད་པ་དང་༔ བརྒྱལ་དང་ལེ་ལོ་གཏི་མུག་པས༔ འབྲས་བུ་སྐྱབས་མེད་བྱོལ་སོང་འཁྱམས༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ གཏི་མུག་བྱིང་བའི་མུན་པ་ལ༔ དྲན་པ་གསལ་བའི་མདངས་ཤར་ནས༔
    རྟོག་མེད་ཡེ་ཤེས་ཐོབ་པར་ཤོག༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ ཀུན་གཞི་སངས་རྒྱས་ང་དང་མཉམ༔ དྲན་མེད་འཁྲུལ་བའི་གཞི་རུ་སོང་༔ ད་ལྟ་དོན་མེད་ལས་ལ་སྤྱོད༔ ལས་དྲུག་སྨོན་ལམ་འཁྲུལ་པ་འདྲ༔ ང་ནི་སངས་རྒྱས་ཐོག་མ་ཡིན༔ འགྲོ་དྲུག་སྤྲུལ་པས་འདུལ་བའི་ཕྱིར༔ ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔ སེམས་ཅན་ཐམས་ཅན་མ་ལུས་པ༔ ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཤོག༔ ཨེ་མ་ཧོ༔ ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔ འཁྲུལ་མེད་རིག་པ་རང་གསལ་ངང་༔ སྨོན་ལམ་སྟོབས་ཆེན་འདི་བཏབ་པས༔ འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔ སྐྱེ་བ་གསུམ་ནས་མངོན་སངས་རྒྱ༔ ཉི་ཟླ་གཟའ་ཡིས་ཟིན་པའམ༔ སྒྲ་དང་ས་གཡོས་འབྱུང་བའམ༔ ཉི་མ་ལྡོག་གྱུར་ལོ་འཕོའོ་དུས༔ རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔ ཀུན་གྱིས་ཐོས་པར་འདི་བརྗོད་ན༔ ཁམས་གསུམ་སེམས་ཅན་ཐམས་ཅན་ཀུན༔ རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔ སྡུག་བསྔལ་རིམ་གྱིས་གྲོལ་ནས་ཀྱང་༔ མཐའ་རུ་སངས་རྒྱས་ཐོབ་པར་ཤོག༔ ཅེས་གསུངས་སོ༔
    རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་སུ་བསྟན་པའི་རྒྱུད་ལས༔ སྨོན་ལམ་སྟོབས་པོ་ཆེ་བཏབ་པས༔ སེམས་ཅན་སངས་མི་རྒྱས་པའི་དབང་མེད་པར་བསྟན་པའི་ལེའུ་བཅུ་དགུ་པ་ལས་ཁོལ་དུ་བྱུང་བའོ༔ དགེའོ།། དགེའོ།། དགེའོ།། །།

  12. རྡོ་རྗེ་། says:
    2014-12-22 at 8:33 pm

    རང་བསྲེག་མ་གཏོང་།

  13. དྲི་མེད་ལྷག་བསམ། says:
    2014-12-22 at 10:30 pm

    ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།
    ཚེ་འདས་བདེ་བ་ཅན་དུ་སྐྱེ་བར་ཤོག །

  14. དཔལ་དོན། says:
    2014-12-22 at 11:21 pm

    ཧ་བོ་་ལོ་ཉུང་ཞིག་རེད་འདུག ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། བདེ་བ་ཅན་དུ་སྐྱེ་བར་ཤོག །

  15. ཀརྡོ་གཉེར་ཕྱག་པ་ says:
    2014-12-23 at 12:09 am

    ཚེ་པེ་སྐྱིད་རེད་དམ། ཚེ་འཕེལ་སྐྱིད་རེད། དཔྱད་དགོས།

  16. བདེན་པའི་ཕོ་ཉ་ says:
    2014-12-23 at 12:14 am

    དངོས་གནས་སེམས་སྐྱོ་དགོས་པ་ཞིག་རེད་མ་གྲངས་རྒྱ་ཙམ་ལས་བྱ་ཐབས་དབེན་
    བཙན་བྱོལ་ནང་ཆོ་ག་ཕྱག་ལེན་་་་་་་་་་་ཙམ་

  17. གནམ says:
    2014-12-23 at 12:35 am

    ཚེ་དཔལ་རེད། གཅེས་མྱིང་ལ་ཚེ་བྷེ་རེད། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།
    དགྱ་ནག་ཚང་གིས་བདག་གཞན་གོ་བརྗེས་ཀྱི་ཞི་བདེ་འཐབ་རྩོད་ལ་ཡ་མ་བྱས་བ་དང་མི་བྱེད་པ་ནི། འགྲོ་བ་ཡོངས་ཀྱི་སེམས་ལ་མི་ཤོང་བའི་དམར་པོ་ནང་གི་དམར་རྐྱང་དང་། འགྲོ་བ་མིའི་རིགས་ཀྱི་ཚད་གཞི་དང་གཤིས་སྤྱོད་གང་གི་ཕྱོགས་ནས་ཀྱང་། དགྱ་མི་རིགས་ཟེར་བ་འདི་ལ་མཉམ་སྡོད་མཉམ་གནས་བྱེད་མི་ཐུབ་པ་ནི་ཉིན་རེ་ལ། ས་ཕྱོགས་གང་ན་ཁོང་ཁྲོ་བསགས་བཞིན་པ་འདིས་གསལ་སྟོན་ཐུབ་ཡོད།
    དགྱ་གཞུང་མི་གཉིས་ལ་དུས་བདེ་གནས་འཇམས་ཞིག་གི་མ་འོང་ཞིག་མེད་པ། ད་ལྟ་མས་ཤེས་བར་བྱོས། དགྱ་ལྟ། དགྱ་ལུགས། དགྱ་གཤེས་ཕམ་པར་རྒྱོབས། བོད་རྒྱལ་ལོ། ནུབ་ཕྱོགས་པ་རྒྱལ་ལོ།

  18. བདེན་པའི་ཕོ་ཉ་ says:
    2014-12-23 at 1:04 am

    མ་ཎི་ཞེས་བཅོས་རོགས

  19. ལྷ་སྲས་དར་མ། says:
    2014-12-23 at 1:34 am

    འབར་བཞིན་པའི་མེ་ལྕེ་དེ་མ་ནི་འབྲུ་དྲུག་གི་ཆེད་དུ་མིན་ལ། བཞུགས་རྒར་དུ་མཆོད་འབུལ་ཁྲལ་ཆོལ་ཙམ་གྱིས་ཆེད་དུ་དེ་བས་ག་ནས་ཡིན། ཡིནའང་ང་ཚོས་འབྱོན་པ་དེ་ལས་མེད། ཨོཾ་མ་ཎི་པདྨེ་ཧཱུཾ།

  20. ལྷ་སྲས་དར་མ། says:
    2014-12-23 at 1:36 am

    རྒར་དེ་ས་སྒར་བཅོས

  21. ཇུས་ཏོག says:
    2014-12-23 at 4:22 am

    རང་ལུས་མེར་བསྲེགས་རླབས་ཆེན་བྱ་བ་་འདིའི་།
    ཕ་མ་གཉེན་སྤུན་སྡུག་བསྔལ་མཚོ་ལ་བཏབ་།
    དལ་རྟེན་མི་ལུས་རིན་ཆེན་གསེར་ལས་དཀོན་།
    དོན་མེད་ཆུད་་བཟོས་གཏོང་བ་ཡིད་རེ་མུག་།
    སྔོན་བྱོན་སངས་རྒྱས་བྱེ་བ་འབུམ་།
    རང་བསྲེགས་ཆོས་མཐུན་གང་ནས་གསུང་།
    ད་ལྟའི་བྱེད་ལས་ཚབ་ཆེན་ནོར་འཕྲུལ་་ལ་།
    ལེགས་ཉེས་ངོ་སྤྲོད་རིས་མེད་ཆོས་ལུགས་འགན་།
    ཀུན་སློང་བཟང་པོའི་བསྐུལ་བའི་བསམ་དང་།
    སྦྱོར་བ་དུག་ལ་སྦྱོར་བའི་ལག་ལེན་གཉིས་།
    གཅིག་གི་གཅིག་ལ་བདེན་ངོ་སྤྲོད་ཆེ་བས་།
    བདེན་རྫུན་་ངོ་སྤྲོད་ཐུབ་པའིགཞུང་ལུགས་དཀོན་།
    སྤྱོད་ལམ་ངན་པས་རྒྱལ་ཁམས་རླགས་།

  22. ལུང་རྟོགས། says:
    2014-12-23 at 10:33 am

    སྙིང་ནས་མྱ་ངན་དང་གུས་འདུད་ཞུ། སྐྱེས་པ་རླབས་ཆེན་དང་ཤི་བ་གཟི་བརྗོད་ཅན་རེད། བཙན་པོའི་སྙིང་སྟོབས་ཀྱི་ས་བོན་དེ་ཁྱེད་ཚོའི་ཁྲག་རྒྱུད་ན་ད་དུང་ཡང་ཡལ་མེད་དུ་གནས་འདུག བོད་པ་ཚང་འགྱེལ་ས་ནས་ལང་ཐུབ་པའི་རེ་བའི་མེ་ཁ་ཞིག་ཀྱང་གསོས་བྱུང་། ཐུགས་རྗེ་ཆེ།

  23. ལུང་རྟོགས། says:
    2014-12-23 at 10:34 am

    བུད་སོང་།
    དཔའ་བོ་རྣམས་བུད་སོང་། དཔའ་མོ་རྣམས་བུད་སོང་།
    སྐྲ་འདབས་དཀར་བའི་ཕ་མ་རྒན་རྒོན་རྣམས་བཞག་ནས་བུད་སོང་།
    འོ་དྲི་མ་ཡལ་བའི་ཕྲུ་གུ་ཆུང་ཆུང་རྣམས་བཞག་ནས་བུད་སོང་།
    སྙིང་ནས་བརྩེ་བའི་བཟའ་ཟླ་ན་གཞོན་རྣམས་བཞག་ནས་བུད་སོང་།
    ད་དུང་། ཤ་ཁྲག་ཅིག་པའི་སྤུན་ཟླ་ས་ཡ་དྲུག་བཞག་ནས་བུད་སོང་།

    ཁོང་ཚོ་ཅིའི་ཕྱིར་བུད་སོང་།
    ང་ཚུད་པའི་ས་ཡ་དྲུག་པོའི་རང་དབང་གི་ཆེད་དུ་བུད་སོང་།
    ཁྱོད་ཚུད་པའི་གདོང་དམར་བོད་པའི་བདེ་སྐྱིད་ཀྱི་ཆེད་དུ་བུད་སོང་།
    རྩ་ཆེ་བའི་སྐད་དང་རིག་གཞུང་འདི་སྲུང་སྐྱོབ་ཀྱི་ཆེད་དུ་བུད་སོང་།
    ཟླ་མེད་པའི་ཞི་བདེའི་དེད་དཔོན་ཁོང་གདན་འདྲེན་གྱི་ཆེད་དུ་བུད་སོང་།

    ཁོང་ཚོ་ཇི་ལྟར་བུད་སོང་།
    བཙན་པོའི་སྙིང་སྟོབས་ལ་རྒྱང་ལྟ་བྱེད་བཞིན་བུད་སོང་།
    སྤུན་ཟླའི་བདེ་སྡུག་ལ་ཕྱིར་མིག་འཕེན་བཞིན་བུད་སོང།
    འཛམ་གླིང་ཟིན་དེབ་ལ་ཟིན་ཐོ་འགོད་བཞིན་བུད་སོང་།
    དགྲ་བོའི་ངོ་གདོང་ལ་ཐལ་བ་གཏོར་བཞིན་བུད་སོང་།

    འོན་ཀྱང་།
    ང་དང་ང་ལྟ་བུ་དག་གིས་ནི་མཆོད་མེ་ཀོང་བུ་གང་སོར་རྩེར་སྟེགས་ནས།
    མ་ཎི་ཡིག་དྲུག་གི་དབྱངས་རྟ་དང་ལྷན་དུ།
    མིག་མཐའ་མཆི་མ་ཤར་རེ་སྐྱེལ་མ་ཞིག་བྱེད་རྒྱུ་ལས་ཅི་ཡང་མ་འཇོན་མོད།
    ཁྱེད་ཚོའི་བཀའ་དྲིན་ནམ་ཡང་མི་བརྗེད་པའི་སྙིང་ལ་རི་མོ་ཞིག་བཀོད་ཡོད།
    དཔའ་བོ་དཔའ་མོ་ཚོ། ཁྱེད་ཚོ་བདེ་བར་གཟིམས་རོག།

  24. གནམ says:
    2014-12-23 at 6:38 pm

    བུད་ཐལ་ཡ།
    རེ་བ་ཞིག་བཞག་ནས་བུད་ཐལ།
    འཐབ་རྩོད་ཞིག་བཞག་ནས་བུད་ཐལ།
    རྨ་ཁ་གསར་གསར་བ་ཞིག་བཞག་ནས་བུད་ཐལ།
    ལོ་རྒྱུས་གསལ་བོ་གསལ་བོ་ཞིག་བཤད་ནས་བུད་ཐལ་ཡ།
    དེ་རིང་གི་མ་ཎི།
    དུས་གཏན་ཏུ་མ་ཎིའི་དབྱངས་རྟ་ལ་འཐིམ་མི་སྲིད།
    འདི་ནི་མི་རིགས་ཞིག་ལ་ལྡན་པའི་རིགས་ཞེན་གྱི་དུང་བ་དཀར་པོ་དེ་རེད་ཡ།
    ང་བརྒྱད་ལོར་རྫོགས་སོང་བའི་ནམ་ཟླ་ཞིག་ཤར་ཡང་།
    ང་ཚོ་ནི།
    བོད་གངས་ཅན་པ།
    གཅིག་རྗེས་གཅིག་ལ་མཐུད་ནས་བདེན་མཐའ་ལ་སྙེགས་བཞིན་པའི་ཁྱི་ཚོགས།
    མི་ལོ་སྟོང་ཕྲག་གི་ལོ་རྒྱུས།
    མི་ལོ་རྒྱ་ཕྲག་ལ་ནུབ་མི་ཐུབ་པ། རྟུལ་རྒན་མོ་ཡིས་ཀྱང་ཤེས་ཡོད་ལ། ང་ཚོས་ཀྱང་ཤེས་ཡོད།
    གངས་ཅན་པ།
    སྡུག་དུས་མགོ་འཕངས་མི་དམའ་བ།
    སྐྱིད་དུས་མགོ་འཕངས་མི་མཐོ་བ་ནི།
    བོད་གངས་ཅན་པ་ཡིན།
    སྡུག་དུས་རྡོག་རྩ་མི་འཐོར་བ།
    སྐྱིད་དུས་རང་མགོ་མི་བཅོམ་པ་ནི།
    བོད་གངས་ཅན་པ་ཡིན།
    ང་ཚོ་ནི་ཤི་བོའི་གཞུག་གི་གསོན་པོ་ཡིན། དགྲ་བོ་དགྱ་དམར་གྱི་སྔུན་ནས། སྟག་ལྟར། ཝ་ལྟར།
    མི་རིགས་ཀྱི་ལ་རྒྱ་འཛིན། བདེ་སྡུག་གི་འཐབ་རྩོད་བྱེད། ལོ་རྒྱུས་ཀྱི་དེབ་ཐར་འབྲི།

  25. ཟུར་གནས། says:
    2014-12-23 at 9:39 pm

    བུད་མེད་ལོ་ཆུང་འདི་ལྟ་བུ་ཞིག་ལ་ལམ་སྟོན་བྱེད་མཁན་མེད་པ་དང་། ཁོ་མོའི་སེམས་ནང་གི་སྡུག་བསྔལ་དག་ལ་ཉན་མཁན་དང་། བློ་སྐོན་བྱེད་མཁན་མེད་པ་འདིས་རང་སྲོག་མེ་ལ་ཤོར་བ་རེད། ཕ་མ་ཞིག་གིས་ལས་འགན་མ་སྒྲུབ་པ་རེད། དགེ་རྒན་ཞིག་གི་ལས་འགན་མ་སྒྲུབ་པ་རེད། སྤུན་མཆེད་ཞིག་གི་ལས་འགན་མ་སྒྲུབ་པ་རེད། སྤྱི་ཚོགས་ཞིག་གི་ལས་འགན་མ་སྒྲུབ་པ་རེད།

    ཁྱེད་ཚོ་ཚང་མར་འགན་ཡོད། བུད་མེད་འདི་ཆབ་སྲིད་ག་ལ་ཤེས། ལམ་ནོར་ཤོར་བ་རེད། ང་ཚོའི་ནོར་འཁྲུལ་རེད། སྡུག་ས་ནས་བཤད་ན་ཀླ་ཀློའི་སྤྱི་ཚོགས་ཤིག་གི་འདུ་ཤེས་ད་དུང་སངས་མེད་པས། ང་ཚོའི་ཕྲུ་གུ་རྣམས་འདི་ལྟར་མེ་ལ་འབུད་པ་རེད། བོད་མི་རིགས་ཟེར་མཁན་འདི་མཚམས་རེ་ཀླ་ཀློགའི་ནང་ད་དུང་ལུས་པ་མཐོང་སྐབས། ང་བོད་པ་ཡིན་པའི་ངོ་གནོངས།

  26. ཟུར་གནས། says:
    2014-12-23 at 9:44 pm

    བུད་མེད་ལོ་ཆུང་མ་སྙིང་ཚ་བ། ཤ་ཚ་བ་འདི་འདྲ་ཞིག་མེ་ལ་འབུད་པ་མཐོང་སྐབས། ང་ཚོ་ཀླ་ཀློ་ཡིན་པ་ཤེས་སོང་། ཅིའི་ཕྱིར་འདིར་ཡོང་མཁན་མ་ནི་གྲངས་མཁན་ཚོས་སློབ་གསོ་དང་གོ་སྐོན་ཡོད་པའི་སྐད་ཆ་མི་བཤད་པར། ཡི་རངས་བྱེད་པ་འདི། ངོ་མ་ད་མི་བཤད། ཀླ་ཀློ་དང་ཀླ་ཀློའི་འདུ་ཤེས་ཟབ་མོ་ཡོད་པའི་སྤྱི་ཚོགས་ཤིག་ད་དུང་་་་་་་་་

  27. ལྷ་སྡེ་གནམ་ལོ་ཡག says:
    2014-12-26 at 7:06 am

    མཛེས་པའི་ལང་ཚོ་དབྱར་གྱི་མེ་ཏོག་ཡིན།
    འཛུམ་པའི་ཞལ་རས་གྱེས་ཁའི་སྨྲེང་བ་རེད།
    མོ་ལོ་ཉི་ཤུ་བོད་ཀྱི་ལག་སྐྱེས་ཏེ།
    རྣམ་ཤེས་འཁྱམ་པོ་གངས་ཀྱི་གཟུངས་ཐག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme