Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་རྔ་པ་ཕྱོགས་ཀྱི་གནས་ཚུལ་འགའ་ཞིག

Posted on 2011-10-29 By དབང་ཕྱུག་ 2 Comments on མདོ་སྨད་རྔ་པ་ཕྱོགས་ཀྱི་གནས་ཚུལ་འགའ་ཞིག

ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༧ ལ་གནས་ཚུལ་འབྱོར་བར་ཉིན་ཤས་སྔོན་རྔ་པ་རྫོང་རྔ་སྟོད་ཨ་འདུས་གཤོང་བའི་ཝོ་ཁ་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་གྲོས། རང་ལོ་ ༣༦ ཙམ། ཕ་མིང་གདུགས་ཁོ་ཡིན་པ་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་། ད་ཆ་གར་ཡོད་སོགས་ཀྱི་གནས་སྟངས་འབྲེལ་ཡོད་ཚོས་ཤེས་རྟོགས་ཡོང་གི་མེད་པར་མ་ཟད། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཡང་འདི་ཡིན་གསལ་བཤད་གང་ཡང་བྱས་མེད་འདུག
དེ་བཞིན་འདི་ཟླའི་ཟླ་སྟོད་ཙམ་ལ་རྔ་པ་རྫོང་ཇོ་ལེབས་སྡེ་བའི་སྟག་ཀ་ཚང་གི་ཟླ་བ། རང་ལོ་ ༣༩
དུས་རབས་ཀྱི་ང་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཁོང་ལ་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་འདུག ཁོང་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡ ཉིན་རྔ་པ་ཁུལ་གྱི་བདེ་འཇགས་མི་སྣས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་འཛིན་བཟུང་བྱས་པ་ནས་ད་བར་ཐག་གཅོད་གང་ཡང་མ་བྱས་པར་བཞག་ཡོད་འདུག ཁོང་རྔ་པའི་གྲོང་སྡེའི་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་ཞིང་། ལས་ཞོར་དུ་དུས་རབས་ཀྱི་ང་རྩོམ་སྒྲིག་གི་ལས་ཀ་གནང་བཞིན་པ་དང་། ཁོང་དང་ལས་རོགས་དག་གིས་རྔ་པའི་ནང་ལ་རིག་གཞུང་བགྲོ་གླེང་མང་པོ་གོ་སྒྲིག་གནང་མྱོང་ཡོད་འདུག ཁོང་འཛིན་བྱེད་དགོས་པའི་རྒྱུ་མཚན་གསལ་པོ་ཤེས་རྟོགས་མ་ཐུབ་མེད། ཉིན་ཤས་གོང་གཟའ་ཟླ་དང་ཕྲུ་གུ་བཅས་ཕན་ཚུན་མཐོང་ཙམ་གྱི་གོ་སྐབས་སྤྲད་ཡོད་ཀྱང་སྐད་བཤད་རྒྱུའི་གོ་སྐབས་མེད་ཅིང་། ཁོང་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་གྱི་སྤུན་ཡིན་འདུག
ཁོང་ལོ་ཤས་སྔོན་རྔ་པ་ནས་བག་རིགས་ཀྱི་རྒྱན་གོས་མེ་སྲེག་གཏོང་སྐབས་ཀྱི་ལས་འགུལ་སྣེ་ཁྲིད་པའི་ཉེས་མིང་འོག་ཟླ་གཅིག་ཙམ་རིང་རྔ་པ་རྫོང་ནས་བཀག་ཉར་བྱས་ཤིང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་གྱི་ཞོགས་ཀ་རང་ཁྱིམ་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ཤས་རིང་བཀག་ཉར་བྱས། ཁོང་གི་ཆུང་མས་རྔ་པ་རྫོང་ཐོག་ནས་དཔེ་དེབ་དང་འོད་སྡེར་ཚོང་འགྲེམས་དང་གཡར་ལེན་བྱེད་སའི་༼ལྷ་མོའི་བླ་མཚོའི་སྒྲ་བརྙན་གླིང་༽ཞེས་པའི་ཚོང་ཁང་ཞིག་གཉེར་བཞིན་ཡོད་པ་དང༌། ཁོང་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག ཁོང་འཛིན་བཟུང་བྱས་རྗེས་སུ་རྔ་པ་རྫོང་ཉེན་རྟོག་མི་སྣས་ཚོང་ཁང་ནང་སྔོག་བཤེར་བྱས་ཏེ་གློག་ཀླད་ཆུང་ཆུང་ཞིག་དང་བཅའ་དངོས་གཡར་ལེན་བྱེད་སྐབས་ཐོ་འགོད་བྱེད་སའི་འབྲི་དེབ། དེ་བཞིན་དེབ་གཟུགས་མ་ཡིན་པའི་རྩོམ་ཡིག་འགའ་རེ་སོགས་ཁྱེར་ཡོད་ཚུལ་བཅས་སྐབས་དེར་གནས་ཚུལ་མཁོ་སྤྲོད་པས་བཤད

ཡང་ཉེ་ཆར་ལྷ་ས་ནས་རྔ་པ་ནས་ཨ་མཆོག་མཚན་ཉིད་དགོན་པའི་ལྷ་སྡེ་ཡིན་པའི་མི་གསུམ་དང་། དེ་མིན་གྱི་མི་གཅིག་བཅས་འཛིན་བཟུང་བྱས་ཡོད་ཀྱང་། མིང་སོགས་གསལ་པོ་ཤེས་རྟོགས་མ་ཐུབ།
ཉེ་ཆར་རྔ་པའི་བསེ་དགོན་པ་མ་ཎི་བདུན་སྒྲུབ་འཚོགས་ཡོད་པར་མི་མང་འདུ་འཛོམས་ཆེན་པོ་བྱུང་འདུག་པས། རྒྱ་གཞུང་གི་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་དགོན་པའི་མཐའ་ནས་སྐོར་སྟེ་སྔར་ལས་ལྷག་པའི་དམ་དྲག་ནན་མོ་བྱས་ཡོད་ཅིང་། དེ་བཞིན་མ་མའི་བཙུན་དགོན་དང་གཡས་གཡོན་གྱི་གྲོང་སྡེ་རྣམས་ལ་ད་དུང་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་བྱེད་མུས་ཡིན་འདུག
དེང་སྐབས་རྔ་པའི་གྲོང་སྡེ་མང་པོའི་ནང་རྒྱ་གཞུང་གི་ལས་བྱེད་ཚན་པ་རྒྱུན་སྡོད་བྱས་ཏེ་བོད་ནང་ནས་རང་ལུས་མེར་སྲེག་གི་དོན་རྐྱེན་སྐོར་ལ་བོད་མི་དང་བོད་ཀྱི་ལས་བྱེད་པ་ཁག་ཅིག་ལ་བཙན་སྐུལ་གྱིས་སྐྱོན་བརྗོད་བྱེད་བཅུག་སྟེ། གློག་བརྙན་ནང་སྟོན་གྱི་ཡོད་པ་དང་། དེ་བཞིན་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་རྣམས་ལ་བརྙས་སྨོད་སྣ་ཚོགས་བྱས་ཏེ་བོད་མི་རྣམས་ཀྱིས་སེམས་ལ་རྨ་ཁ་ཆེན་པོ་བཟོ་བཞིན་ཡོད་འདུག ཡང་དེ་སྔོན་གསུམ་པའི་བཅུ་དྲུག་ཉིན་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་མཆོག་མ་གྲོང་གོང་གི་གློག་བརྙན་ཞིག་རྫུན་བཟོ་བྱས་ཡོད་པ་དང་། དེའི་ནང་གསར་འགོད་པ་ཞིག་གིས་སྐད་ཆ་འདྲི་ཁུལ་བྱས་ཏེ་ཁྱོད་ལ་སུས་ཡག་པོ་བྱས་སོང་ཟེར་བར། ཁོང་གིས་དེའི་ལན་དུ་ང་ལ་ཉེན་རྟོག་པ་དང་སྨན་པས་ཡག་པོ་གནང་སོང་ཟེར་པ་དང་། ཡང་ད་ལྟ་ཁྱོད་ཀྱིས་ག་རེ་བསམ་གྱི་འདུག་ཅེས་པར། ཁོང་གིས་ངས་རང་ལུས་མེར་སྲེག་བཏང་བར་འགྱོད་པ་སྐྱེས་ཀྱི་འདུག་ཅེས་ལན་འདེབས་བྱས་ཁུལ་རྫུན་བཟོ་བྱས་ཡོད་འདུག གློག་བརྙན་དེ་མཐོང་ཙམ་ནས་ཚང་མས་རྫུན་བཟོ་བྱས་པ་གསལ་པོ་ཤེས་ཐུབ་ཀྱི་ཡོད་འདུག་པས་དེ་བས་ཀྱང་བོད་མི་རྣམས་ཀྱི་སེམས་ལ་བཟོད་དཀའ་བའི་ན་ཟུག་སློང་གི་ཡོད་འདུག
བོད་མི་རྣམས་ཀྱིས་བརྗོད་ན་དེ་སྔོན་བླ་མ་རྣམ་པར་མཚན་སྨོད་བྱས་པ་དེང་སྐབས་བོད་མི་རིགས་ཀྱི་སེམས་ཁུངས་ཀྱི་རང་ལུས་མེ་མཆོད་དུ་ཕུལ་མཁན་རྒྱལ་གཅེས་དཔའ་བོ་རྣམས་ལ་བརྙས་བཅོས་སྣ་ཚོགས་བྱེད་བཞིན་པ
དཔེར་ན་བློ་བཟང་ཕུན་ཚོགས་སྤྱིར་དགུང་ལོ་ ༢༠ ཡིན་ཡང་རྒྱ་གཞུང་གིས་བཙན་གྱིས་ལོ་ ༡༦ ཡིན་པར་རྫུན་སྒྲོག་བྱས་ཤིང་། ཁོང་སེམས་པ་ཐང་ཐང་མེད་ཚུལ། ཁོང་གིས་རང་ལུས་མེ་མཆོད་དུ་ཕུལ་བ་དེ་མི་ཁར་རྒྱུགས་པ་ཡིན་ཚུལ་སོགས་ཀྱིས་བོད་མི་རྣམས་ལ་གཅིག་མཚུངས་ཀྱིས་སེམས་ལ་དཀའ་ངལ་ཡོང་གི་ཡོད་ཚུལ་འགྲེལ་བརྗོད་བྱས།
ཡང་མི་ཚང་རེ་རེ་བཞིན་དུ་རྗེས་སུ་དེ་སྔའི་ལས་འགུལ་རིགས་རྩ་བ་ནས་ཡོང་མི་ཆོག་པ་དང་། ཕ་མ་རྣམས་ཀྱིས་འགན་ཁུར་དགོས་ཚུལ་སོགས་ཀྱི་ཉེན་བརྡ་གཏོང་བཞིན་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ ལ།

གསར་འགྱུར།

Post navigation

Previous Post: བྱང་ཆུབ་སེམས་མཆོག་དང་བོད་མི།
Next Post: སེང་གེའི་སྡེར་མོ།-གླེང་མི་འོས་པ་ཞིག་གླེང་བ།

Comments (2) on “མདོ་སྨད་རྔ་པ་ཕྱོགས་ཀྱི་གནས་ཚུལ་འགའ་ཞིག”

  1. དལ་བའི་ཕོ་ཉ། says:
    2011-10-29 at 6:17 pm

    སེམས་ཁུང་རུས་པའི་གཏིང་ནས་ཁྱེད་ཚོར་རོགས་པ་བྱེད་འདོད་ཀྱི་སེམས་པ་ཆུ་ཡི་རྦ་རླབས་བཞིན་ཕྱུར་ཡང་འདི་ནས་ལེ་བར་སྟོང་གི་ཆོད་པས་བསམ་པ་ལྟར་བསྒྲུབས་ན་འགྲུབ་ཡག་མི་འདུག་དེ་འདྲ་སོང་ཙང་ངས་འདི་ནས་ཁྱེད་ཚོར་ང་རང་གི་སེམས་ཀྱི་དུངས་བ་མཚོན་བྱེད་དུ་ཁ་ནས་མཎི་འདོན་རྒྱུ་དང་ལག་པས་རྩོམ་ཡིག་གི་ཡི་གེ་རེ་འབྲི་བཞིན་ཡོད།

  2. སློབ་དཔོན་མཆན་བུ་པ་ says:
    2011-10-30 at 3:28 pm

    ལེགས་ཉེས་གནས་ཚུལ་འཕྲལ་དུ། །
    སྟོན་མཁས་ཕོ་ཉ་ཚོ་ལ། །
    མཆན་བུ་པ་ཡིས་བཀླགས་ནས། །
    ཐུགས་རྗེ་ཆེ་ཞེས་ཞུ་ལགས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme