Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་འབོ་ར་དགོན་པའི་གྲྭ་བ་ཞིག་ཡང་བསྐྱར་འཛིན་བཟུང་།

Posted on 2012-09-032012-09-03 By ཁ་བརྡ་ 1 Comment on མདོ་སྨད་འབོ་ར་དགོན་པའི་གྲྭ་བ་ཞིག་ཡང་བསྐྱར་འཛིན་བཟུང་།

གནས་ཚུལ་མཁོ་འདོན་པཿ བསོད་ནམས།

༢༠༡༢ལོའི་ཟླ་༨པའི་ཚེས་༢༨ཉིན་འབོ་ར་དགོན་པའི་གྲྭ་བསྐལ་བཟང་རྒྱ་མཚོ་གཙོ་གྲོང་ཁྱེར་གྱི་ཤར་ལམ་དང་བོའི་གཡས་ངོས་ཀྱི་ཁྲུས་ཁང་ཞིག་གི་ནང་ནས་འཛིན་བཟུང་བྱས་འདུག དབྱར་ཁའི་བོད་ཟླ་དྲུག་པ་དང་བདུན་པའི་ནང་འདིར་གཞི་གསུམ་ལག་ལེན་གྱི་ཆོ་ག་ལྟར་དགོན་པ་གང་སར་གྲྭ་བ་ཚོ་དབྱར་གནས་ལ་བཞུགས་ཡོད་པར་རྟེན། ཆོས་འདུལ་བའི་ལག་ལེན་བཞིན་བྱིན་རླབས་མ་བྱས་པར་གང་འདོད་དུ་ཕྱི་ལོག་སོགས་སུ་འགྲོ་འདུག་བྱེད་རྒྱུ་མེད་པས། ཉིན་འདིར་གོང་མིང་བ་གྲྭ་སྐལ་བཟང་རྒྱ་མཚོ་དང་ཁོང་གི་གྲོགས་པོ་ཁ་ཤས་ལ་ལས་དོན་ཞིག་གི་ཆེད་ཉིན་གཅིག་གི་བྱིན་རླབས་ཞུས་ཏེ། བོ་ར་ནས་སྤྱི་ལེ་ཉི་ཤུ་ལྷག་ཡོད་པའི་གཙོ་གྲོང་ཁྱེར་ལ་སོང་ནས་ཕྱི་དྲོའི་ཆུ་ཚོད་༨:༣༠ཡིའི་སྟེང་ཚུར་ཡོང་ཁར་ཤར་ལམ་དང་བོའི་གཡས་ངོས་ཀྱི་༼བདེ་སྐྱིད་ཁྲུས་ཁང་༽ཟེར་བའི་ནང་གྲོགས་པོ་ཚོ་དང་མཉམ་དུ་ཁྲུས་བྱེད་དུ་སོང་ནས་སྒོར་མ་བུད་གོང་། སྒྲིག་ཆས་གྱོན་ཡོད་མེད་ཀྱི་དྲག་ཆས་ཉེན་རྟོག་མི་སྣ་མང་བོ་ཞིག་བསླེབས་ཏེ་སྔོན་མ་ནས་སྲིད་གཞུང་གིས་ཉེས་ཅན་མི་སྣར་བགྲངས་ཏེ་འཚོལ་བཞིན་ཡོད་པས་ཤེས་རུང་མ་ཤེས་ཁུལ་གྱིས། ཁྱོད་ཚོའི་ནང་གི་སྐལ་བཟང་རྒྱ་མཚོ་སུ་ཡིན་ཟེར་བར། ཁོང་ཚོས་ང་ཚོའི་ནང་ན་སྐལ་བཟང་རྒྱ་མཚོ་ཟེར་བ་ཞིག་མེད་ཅེས་ལན་བཏབ་པར། དེས་ན་ཁོང་སུ་རེད་ཟེར་བཞིན་སྐལ་བཟང་རྒྱ་མཚོ་འཛིན་གྲབ་བྱེད་དུས་ཁོང་གི་འགྲོ་རོགས་ཚོས། ཁོང་སྐལ་བཟང་རྒྱ་མཚོ་མ་རེད་འཛིན་དགོས་པའི་ཉེས་པ་གང་མེད་པས་ཅིའི་ཕྱིར་བཟུང་བ་རེད་ཟེར་ནས་ཁོང་ཚོས་ཀྱང་ཕྱིར་འཐེན་རྩིས་བྱས་པར། ཉེན་རྟོག་པས་རོགས་པ་ཚང་མ་སར་མནན་ཏེ་སྐལ་བཟང་རྒྱ་མཚོ་བཙན་གྱིས་ཉེན་རྟོག་རླངས་འཁོར་ནང་བཅུག་སྟེ་འགྲོ་རྩིས་བྱས་དུས། ཁོང་ཚོ་མྱུར་མོར་ལངས་ཏེ་རླངས་འཁོར་བཀག་ནས་ཁྲིམས་འགལ་དང་ཉེས་པ་ཅི་ཡང་མེད་པར་འཛིན་དགོས་པའི་རྒྱུ་མཚན་དང་། ལྷག་པར་དེང་སང་ང་ཚོ་དབྱར་ལ་བསྡད་ཡོད་པས་བྱིན་རླབས་ཀྱང་དེ་རིང་ཉིན་གཅིག་ལས་མེད་པས་འདི་ལྟར་ཁོང་འཁྲིད་ན་ཆོས་འདུལ་བའི་ལག་ལེན་དང་རྩ་བ་ནས་འགལ་ཡོད་པ་དང་། དགོན་པའི་སྒྲིག་ལམ་དང་ཡང་གཏན་ནས་འགྲིག་མེད་ཚུལ་གྱི་གནས་ལུགས་བཤད་ཀྱང་། ཉན་འཇོག་རྩ་ནས་མ་བྱས་པར་ང་ཚོས་ཁྱོད་ཚོའི་དགོན་པར་ཁ་པར་གཏོང་ཏེ་བཤད་ཆོག་ཟེར་ནས་བཙན་གྱིས་གང་ཞིག་ཏུ་ཁྲིད་འདུག
ཕྱིའི་ཉིན་ཁོང་གི་ནང་མིས་ཉིན་གཉིས་ཀྱིས་རིང་ཁུལ་དང་རྫོང་ཐོག་ཏུ་སོང་ནས་འབྲེལ་ཡོད་ལས་ཁུངས་ཁག་ལ་དེའི་སྐོར་གྱི་སྐད་ཆ་དྲིས་ཀྱང་མ་ཤེས་མ་གོ་ལས་ལན་གང་ཡང་བྱིན་མི་འདུག ད་ལྟ་ཁོང་གི་ཕ་མ་གཙོས་པས་ནང་མིས་གང་ཞིག་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཅི་ཡང་རྩད་མ་གཅོད་པས་ཅི་བྱེད་འདི་བྱེད་མེད་པར་སེམས་ཁྲལ་གྱིས་ནང་ལྷག་ཡོད།
གྲྭ་སྐལ་བཟང་རྒྱ་མཚོ་ཁོང་གི་སྐྱེས་ཡུལ་གཡག་པ་ཡར་ནས་སྡེ་པ་དང་། ད་ལྟ་འབོ་ར་དགོན་པའི་དབུ་མ་འཛིན་གྲྭ། རང་ལོ་༢༨་དང་། ཕ་མིང་ལ་སྐལ་བཟང་ཚེ་རིང་། ཨ་མའི་མིང་ལ་འགྲོན་བུ་ཐར། ཁོང་གཉིས་ལ་བྱིས་པ་བཞི་ཡོད་པ་ལས་གཉིས་པ་དེ་རེད་འདུག འབྲེལ་ཡོད་མི་སྣས་བརྗོད་པ་ལྟར་ན་ཁོང་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་ད་ལོའི་ཕྱི་ཟླ་༣པའི་ཚེས་༢༠ཉིན། འབོ་ར་དགོན་པའི་གྲྭ་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས་མཉམ་ཞུགས་བྱས་པས་ཡིན་རྒྱུ་རེད་ཟེར་བ་ལས་གསལ་བོ་ཤེས་རྟོགས་མི་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་རྒྱུར། སྤྱིར་ཀན་ལྷོ་དང་བླ་བྲང་ཕྱོགས་ན་འདི་དང་འདི་ལྟ་བུའི་ཉེས་ཅན་མི་སྣ་འཛིན་བཟུང་བྱ་དགོས་པ་ཉི་ཤུ་ལྷག་ཡོད་པ་ལས་ཁོང་དེའི་གྲས་ཀྱི་གཅིག་རེད་ཟེར། རྒྱུ་མཚན་ད་ལོར་བོད་ཟླ་བཞི་བའི་ནང་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་གིས་ཁོ་ཚེ་རུ་དུས་དབང་གནང་སྐབས། སྲིད་གཞུང་གིས་ཉེན་རྟོག་པའི་ལག་ཏུ་ཤོག་དཀར་ངོས་སུ་ཉེས་ཅན་དུ་བགྲང་རྒྱུའི་མི་སྣ་དག་གི་པར་དང་། མིང་། ཁ་པར་ཨང་གྲངས་བཅས་མཉམ་དུ་ཡོད་པ་དག་བཞག་སྟེ་འཛིན་བཟུང་བྱ་དགོས་པའི་བཀའ་བཏང་འདུག དེའི་ནང་དུ་འབོ་ར་དགོན་པའི་གྲྭ་བ་ཁ་ཤས་ཀྱི་མིང་ཐོ་ཡོད་པ་མཐོང་འདུག དེའི་ཕྱིར་ཁ་སང་དེ་རིང་འབོ་ར་དགོན་པའི་གྲྭ་བ་རེ་གཉིས་ཤིག་དགོན་པ་ནས་འདུག་མ་ཐུབ་པར་གང་སར་ཡིབས་ཏེ་ཡོད་ཟེར། གོང་གི་པར་དེ་ཡང་དེའི་ནང་ནས་གསང་སྟབས་ཀྱིས་ཐོན་པ་ཞིག་རེད། གཞན་ད་ལོའི་གོོང་གི་ཟླ་ཚེས་ཉིན་གྲྭ་མང་གིས་ངོ་རྒོལ་བྱས་རྗེས་འཛིན་བཟུང་བྱས་ཟིན་པའི་ཚ་ངུ་ཐང་སྡེ་བའི་གྲྭ་དཀོན་མཆོག་རྒྱ་མཚོ་ད་ལྟ་ཡང་ས་གནས་གང་ཞིག་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་གསལ་བོ་ཤེས་རྟོགས་མེད་པར་ལྷག་ཡོད། འདིའི་སྐོར་གྱི་གནས་ཚུལ་དུས་ཐོག་ཏུ་གསར་ལམ་ཁག་ཏུ་ཁོང་གི་པར་དང་བཅས་བཏང་ཡོད།
དེ་རིང་གནས་ཚུལ་འབྱོར་བར། ཟླ་༨པའི་ཚེས་༢༨ཉིན་ཁོང་འཛིན་བཟུང་བྱས་རྗེས་ཀྱི་ཕྱིའི་ཉིན་ཏེ་ཚེས་༢༩ཉིན། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཁྲིམས་གཙོ་གཞོན་པ་ཕྱ་གྲུ་མེས་(夏志眉)ཟེར་བའི་རྒྱ་མོ་ཞིག་གིས་སྣེ་ཁྲིད་འོག ཁུལ་དང་རྫོང་ས་གནས་སྲིད་གཞུང་གི་མི་སྣ་སུམ་ཅུ་མ་ཟིན་ཙམ་གསར་འགོད་པ་དང་མཉམ། ཕྱི་དྲོ་ཆུ་ཚོད་༣པའི་སྟེང་གྲྭ་མང་ལ་འདོད་པ་ཡོད་མེད་ལ་མ་ལྟོས་བར་ཁྲིམས་ལུགས་སློབ་གསོ་ཞིག་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་དུ་སྤེལ་སོང་ཟེར།འདིའི་སྐོར་ལ་ད་དུང་དྲི་བ་འདྲ་ཡོད་ན་ཁ་པར་ཨང་གྲངས་འདིའི་སྟེང་འབྲེལ་བ་བྱ་རོགས། ༩༩༠༠༩༧༡༩༣༡བསོད་ནམས་ཀྱིས་ལྷོ་ཕྱོགས་ནས།

གསར་འགྱུར།

Post navigation

Previous Post: སེམས་འགྱུ་རབ་རིབ།
Next Post: རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་ལ་འབྱོར་བར་ངོ་རྒོལ།

Comment (1) on “མདོ་སྨད་འབོ་ར་དགོན་པའི་གྲྭ་བ་ཞིག་ཡང་བསྐྱར་འཛིན་བཟུང་།”

  1. ཁྱབ་འཇུག says:
    2012-09-03 at 11:46 pm

    རྒྱ་ནག་གིས་བཙན་བཟུང་བྱས་བའི་དཔའ་བོར་རྫོཊ་མཐའ་མེད། ཇི་འདྲ་བཟུང་ན་དེ་འདྲ་མང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme