Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་སུམ་བརྒྱ་ལྷག་གིས་ངོ་རྒོལ་སྐད་འབོད།

Posted on 2010-10-272010-10-27 By ཁ་བརྡ་ 2 Comments on མདོ་སྨད་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་སུམ་བརྒྱ་ལྷག་གིས་ངོ་རྒོལ་སྐད་འབོད།

1མཚོ་ནུབ་ཁུལ་མདོ་སྨད་ཐེམ་ཆེན་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་༣༠༠ལྷག་གིས་མཚོ་སྔོན་གྱི་སློབ་གསོ་བཅོས་བསྒྱུར་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་ནས་རྫོང་སྲིད་གཞུང་གི་མདུན་དུ་སོང་སྟེ་ངོ་རྒོལ་དང་རེ་སྐུལ་ཞུས་འདུག
ཚེས་༢༦ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་༡༠ བའི་ཚེས་༢༥ཉཉིན་གྱི་ཕྱི་དྲོ་ཆུ་ཚོད་གཉིས་ཙམ་ལ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་༣༠༠ ལྷག་གིས་རྔམ་སྟོན་ཁྲོམ་སྐོར་བྱས་ནས་རྫོང་སྲིད་གཞུང་གི་མདུན་དུ་སོང་སྟེ་ངོ་རྒོལ་བྱས་ཡོད་པ་དང་། ངོ་རྒོལ་སྐབས་སློབ་མ་རྣམས་ཀྱིས་༼སྐད་ཡིག་གཅེས་སྐྱོང་། མི་རིགས་འདྲ་མཉམ་༽ཞེས་འབོད་ཚིག་སྒྲོག་བཞིན་ཐེམ་ཆེན་རྫོང་བོད་ཡིག་སློབ་འབྲིང་ནས་རྫོང་སྲིད་གཞུང་གི་མདུན་བར་དུ་གོམ་བགྲོད་བྱས་ཡོད་ལ། རྫོང་སློབ་འབྲིང་ནས་སྲིད་གཞུང་ཕལ་ཆེར་སྤྱི་ལེ་གཉིས་གསུམ་ཞིག་ཡོད་པ་དང་། སློབ་མ་ཚོས་༼༢༠༡༠ནས་༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་༽ཅེས་པའི་ཡིག་ཆའི་ནང་དོན་ལ་འདོད་མོས་མེད་ཚུལ་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་པ་དང་ཆབས་ཅིག་སྲིད་ཇུས་དེ་ལག་བསྟར་བྱ་རྒྱུར་ངོ་རྒོལ་བྱས་ཡོད་འདུག རྫོང་སྲིད་གཞུང་གི་མདུན་དུ་སྐད་འབོད་ངོ་རྒོལ་ཆུ་ཚོད་ཕྱེད་ཀ་ཙམ་བྱས་རྗེས་རྫོང་ཉེན་རྟོག་པ་ཡོང་ནས་སློབ་མ་རྣམས་ཕྱིར་སློབ་གྲྭར་བསྐྱལ་ཡོད་ཅིང་། ད་ལྟའི་བར་ཉེན་རྟོག་པས་སློབ་མ་ཚོར་གཅར་རྡུང་དང་འཛིན་བཟུང་སོགས་བྱས་མེད་ཟེར།ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ད་ལྟ་སློབ་མ་ཚོ་རྫོང་བོད་ཡིག་སློབ་འབྲིང་ནང་བཅུག་ནས་ཕྱི་ལ་འགྲོ་ཆོག་གི་མེད་པ་མ་ཟད་གཙང་སྤྱོད་དུ་འགྲོ་སྐབས་ཀྱང་ཉེན་རྟོག་པས་ལྟ་རྟོག་བྱེད་ཀྱི་ཡོད་ཚུལ་བརྗོད་བྱུང་།ཐེམ་ཆེན་རྫོང་སློབ་འབྲིང་ཡོངས་ལ་སློབ་མ་ཆིག་སྟོང་དྲུག་བརྒྱ་ནས་བདུན་བརྒྱ་བར་ཡོད་འདུག ཐེམ་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་རང་སྐྱོང་ཁུལ་དྲུག་ཡོད་པའི་ནང་གི་བོད་རིགས་གཅིག་པོ་མ་ཡིན་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཡིན་པ་དང་། དེ་སྔོན་བོད་ཡིག་ལས་སློབ་ཁྲིད་གཞན་ཚང་མ་རྒྱ་ཡིག་ནང་འཆད་ཁྲིད་བྱེད་བཞིན་ཡོད་ནའང་། ལོ་རབས་དགུ་བཅུའི་མགོ་སྟོད་ནས་རྨ་ལྷོ་དང་མཚོ་ལྷོ་སོགས་ནས་ཆེད་དུ་ལོ་རེ་བཞིན་བོད་ཡིག་དགེ་རྒན་གདན་འདྲེན་གྱིས་སློབ་ཁྲིད་མང་པོ་ཞིག་བོད་ཡིག་བསྒྱུར་ཟིན་པའམ་སྒྱུར་བཞིན་པའི་སྒང་ཡིན་པ་མ་ཟད་། ལོ་འདི་འགའི་ནང་གཏེན་ཁ་གྲོང་ཁྱེར་དུ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་བཙུགས་ནས། བོད་ཡིག་གོང་སྤེལ་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་ཡང་། ད་ལྟ་ཡང་བསྐྱར་བོད་ཡིག་ཉམས་དམས་ཀྱི་ཉེན་ཁར་འཕྲད་པ་རེད། སྤྱིར་བོང་སྟག་ཅེས་འབོད་པའི་ཐེམ་ཆེན་རྫོང་ནི་མཚོ་ནུབ་ཁུལ་གྱི་བོད་རིགས་ཁོ་ན་གནས་སྡོད་ཀྱི་འབྲོག་སྡེ་འབྱོར་ཕྱུག་ལྡན་པ་དང་། རི་མཐོ་ས་གཙང་རིན་ཆེན་གཏེར་གྱིས་ཁེངས་བ་ཞིག་ཡིན་ལ། རྒྱ་ནག་གཞུང་འབྲེལ་གྱི་སྤྱི་ལོ་༢༠༠༣ལོའི་སྤྱི་བསྡོམས་ལྟར་ན་། 2ས་གནས་རང་དུ་གནས་སྡོད་མི་གྲངས་ཁྲི་གཅིག་དང་སྟོང་བརྒྱད་ལས་མེད་ལ། དེའི་ཁྲོད་བརྒྱ་ཆའི་བརྒྱད་ཅུ་བོད་རིགས་ཡིན་ཡང་། ལོ་བཅུ་ཁ་ཞིག་གི་སྔོན་ནས་ཐེམ་ཆེན་གྱི་མུ་རི་གཏེར་ཁུལ་ཞེས་རང་བྱུང་རྡོ་སོལ་གཏེར་ཁ་ཆེན་པོ་བསྔོག་འདོན་གྱིས་། ད་ལྟ་ས་གནས་དེར་ཉུང་མཐའ་རྒྱ་རིགས་ཁྲི་བདུན་བརྒྱད་ཅིག་གནས་སྡོད་བྱས་ཡོད་པར་ས་གནས་བོད་མིས་ཡིད་ཆེས་བྱེད་བཞིན་ཡོད་ལ། ན་ནིང་ས་དེར་༼རང་འབར་སོལ་རླངས་༽ཟེར་བའི་གཏེར་རྫས་རྩ་ཆེན་ཞིག་རྙེད་པས་རྐྱེན་གྱིས་། ད་ལྟ་ས་གནས་དེར་ཉུང་མཐའ་རྒྱ་རིགས་འབུམ་གཅིག་གཞིས་སྤོ་ཆེད་ཐོག་ཁང་དང་རྒྱ་ལམ་སོགས་འཛུགས་སྐྲུན་གཞི་རྒྱ་ཆེན་པོ་བྱེད་ཀྱིན་ཡོད་པས་། ས་གནས་བོད་མི་ཚོ་དཀའ་ངལ་ཆེན་པོར་འཕྲད་བཞིན་པ་གནས་ཚུལ་ཡོང་ཁུངས་ནས་གསུང༌ཡོད་།

གསར་འགྱུར།

Post navigation

Previous Post: ཐ་ཚིག་འདི་བསྒྲག་ཡུལ་བཙན་བྱོལ་གྱི་སློབ་མ་དག་གོ།
Next Post: ལྟོ་ཆེད་དུ་ཡིན་ཚེ། སྐད་ཡིག་ལ་ཁྱད་པར་མེད།

Comments (2) on “མདོ་སྨད་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་སུམ་བརྒྱ་ལྷག་གིས་ངོ་རྒོལ་སྐད་འབོད།”

  1. གཞོན་ནུ་ཟླ་མེད། says:
    2010-10-28 at 5:36 pm

    རེད་ཡ། ས་ཆ་དེ་ནི་བོད་རིགས་གནས་པའི་ས་ཆ་ཕུན་སུམ་ཚོགས་པ་ཞིག་ཡིན་ན་ཡང་། བོད་ཕྱོགས་ན་རྒྱུས་ཆེན་པོ་མེད་པས། རྒྱ་རྒན་ཚང་གིས་ཁུ་ཁུ་སུམ་སུམ་ལ་མི་སེར་སྤེལ་རྒྱུ་ཡིན་པ་གཏན་འཁེལ་བ་རེད། ས་ཆ་དེ་འདྲ་འཛོམས་པོ་ཞིག གསར་འགོད་པས་དེའི་ཕྱོགས་ཀྱི་གནས་ཚུལ་སྤེལ་བ་རིན་ཐང་ཆེ། མུ་མཐུད་ནས་དེའི་ཕྱོགས་ཀྱི་གསར་འགྱུར་རྣམས་སྤེལ་དགོས་པར་སེམས།

  2. lala says:
    2010-10-28 at 6:52 pm

    གནས་ཚུལ་མཁོ་སྤྲོད་གནང་བར་ཡག་བྱུང་། ལོ་ཆུང་སློབ་མ་ཚོ་སྙིང་སྟོབས་ཆེན་པོ་རེད། ང་ཚོ་རྒན་པ་ཚོས་ཀྱང་ཧུར་ཐག་བྱེད་དགོས་འདུག སྐད་ཡིག་གི་གནད་དོན་དེས་རྒྱ་གཞུང་ལ་བཟོ་ལྟ་ཡག་པོ་ཞིག་མ་སྤྲས་ན་ང་ཚོའི་ཡོད་ཚད་ཁོང་ཚོར་ཤོར་ཚར་གྱི་འདུག ཁ་སྔོན་བདག་དབང་དང་རང་དབང་དོན་དུ་སྐད་འབོད་བྱས་པ་དག་ལ་རྒྱ་གཞུང་ཁ་ནག་དེས་མི་རིགས་ཀྱི་གདོང་གཏུག་དང་ཆབ་སྲིད་ཀྱི་གནད་དོན་ཕྱོགས་ལ་ཁ་བསྐོར་ནས་ང་ཚོ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་དཀའ་སྡུག་ཚད་མེད་མྱངས་ཡོད། སྐབས་དེ་དུས་རྒྱ་གཞུང་གིས་ཆབ་སྲིད་བདག་དབང་དང་མི་རིགས་གདོང་གཏུག་གི་ཕྱོགས་ནས་སྐད་ཆ་བཤད་པ་དང་། བོད་མིའི་ཞི་བའི་འོས་ལངས་དེར་མྱུལ་མ་མང་པོ་བཏང་ནས་དྲག་པོའི་ཟིང་ཆ་ཞིག་གི་ཕྱོགས་སུ་ཁ་ལོ་སྒྱུར་བས་ང་ཚོ་བོད་མིར་གྱོང་ཆེན་པོ་རག་ཡོད་ཀྱང་རྒྱལ་སྤྱིའི་ཕྱོགས་ནས་འཕྲལ་མར་ཕན་པའི་རོགས་རམ་དང་བྱ་འགུལ་ཆེ་བ་སྤེལ་ཁག་པོ་ཆགས་པ་རེད། དེ་རིང་སྐད་ཡིག་གི་རང་དབང་དེ་མི་རིགས་འདྲ་མཉམ་དང་མི་རིགས་ཀྱི་དབང་ཆའི་དོན་དག་ཡིན་ལ། སློབ་མས་ཁྲོམ་སྐོར་དང་སྐད་འབོད་བྱས་པའི་ཐོག་ལ། དགེ་རྒན་དང་ལས་བྱེདཔས་དེ་ཕན་གྱི་རང་མི་རིགས་ཀྱི་རྩ་བའི་དབང་ཆ་རྩོད་ལེན་ལ་གཞོགས་འདེགས་དང་དཔུང་རོགས་བྱས་པ་དེ་རྗེས་དཔག་བློ་ཡིས་ཚོད་འཛིན་ཡོད་པའི་རྩོད་ལེན་བྱེད་ཐབས་ཤིག་རེད་འདུག ང་ཚོས་ཡུན་རིང་པོའི་ཞི་བའི་འཐབ་རྩོད་བྱེད་ཐབས་ལ་ཉམས་མྱོང་བསགས་དགོས་འདུག སྔོན་མ་སྐད་ཆ་དེ་འདྲ་ཞིག་གོ་མྱོང་། ༢༠༠༨ལོར་བོད་དུ་འོས་ལངས་བྱུང་དུས་ཚེས་༡༠ནས་༡༤བར་ཉེན་རྟོག་པས་བཀག་འགོག་ཕྲན་བུ་ལས་དམ་དྲག་མ་བྱས་པར་བཞག་རྗེས་ཉིན་གཅིག་གཉིས་བོད་མིའི་གང་བྱས་ལྟ་བུ་ཞིག་ཆགས་པ་དང་དེའི་ཞོར་ལ་དམག་མི་མྱུལ་མས་བོད་མིར་བརྫུས་ནས་བཅག་བཅོག་རྡུང་བསྲེགས་བྱས་པའི་སྐབས། རྒྱ་དཔོན་ཞིག་གིས་ང་ཚོས་ལྷ་ས་ནམ་ཡང་བཟུང་ཐུབ་པའི་ཆེད་དུ་ཁྱོད་བོད་པ་ལྷ་ས་ཉིན་གཉིས་བཟུང་འཇུག་ཆོག་ཅེས་བཤད་པ་རེད་ཟེར། སྐད་ཆ་དེ་ལས་རྒྱ་མིའི་ཇུས་ངན་དང་གནག་སེམས་མཐོང་ཐུབ། བྱས་ཙང་ང་ཚོ་བོད་མིས་ཞི་བའི་འཐབ་རྩོད་རྒྱུན་འཁྱོངས་བ་བྱེད་པ་དང་། དུས་སྐབས་གཅིག་ཉིན་གཅིག་གི་རྒྱལ་ཁའི་ཆེད་དུ་བློས་གཏོང་ཆེན་པོ་འགྲོ་མི་དགོས་པ་དང་རྒྱ་མིའི་གཡོ་ཇུས་ནང་མི་ཚུད་པ་བྱེད་དགོས་འདུག བོད་མིས་ཐོག་མར་རྒྱ་མིའི་ཁྲིམས་ཡིག་ནང་ང་ཚོར་སྤྲད་པའི་དབང་ཆ་དེ་ཚོ་རེ་རེ་བཞིན་ཚུར་ལེན་དགོས་པ་དང་། དེ་ནས་དོན་ཚན་བཅུ་བདུན་པའི་ནང་ང་ཚོར་སྤྲད་པའི་དབང་ཆ་དེ་ཚོ་ཚུར་ལེན་དགོས། དེ་ཚོ་ཐོབ་ཚར་རྗེས་རང་ཚུགས་འཛིན་རྗེས་རྒྱ་དང་ཅོག་ཙེའི་ཁ་སྤྲོད་དུ་བསྡད་ནས་རྒྱལ་སྤྱིའི་ཁྲིམས་གཞི་བཀྲམས་ཏེ་མཐའ་མའི་བདག་དབང་རྩོད་དགོས། གོམ་པ་དེ་ལྟར་སྤོས་ན་རྒྱ་གཞུང་ཇུས་ངན་དེ་གྱང་ཟུར་ལ་བཀར་ཐུབ་ཀྱི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme