Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་གཙོད་ས་ཁུལ་ནས་སྐྱེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག

Posted on 2012-10-062012-10-06 By ཁ་བརྡ་ 11 Comments on མདོ་སྨད་གཙོད་ས་ཁུལ་ནས་སྐྱེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག

གནས་ཚུལ་མཁོ་འདོན་པཿ སྤྱན་ཆབ།

        འདི་གར་༼སྐད་འཕྲིན་༽ལས་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར་ན། དེ་རིང་སྟེ་སྤྱི་ལོ ༢༠༡༢ ཟླ་ ༡༠ ཚེས་ ༦ ཉིན་མདོ་ལྷོ་གཙོས་གྲོང་ཁྱེར་དང་མི་རིང་བའི་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པ་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཡུལ་ཚོ་དེའི་ན་གཞོན་སངས་རྒྱས་རྒྱ་མཚོ་ཟེར་བས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་འདུག ཁོའི་ཕ་མིང་ལ་མགོན་པོ་དོན་འགྲུབ་དང་མ་མིང་ལ་མགོན་པོ་འཚོ། སྡེ་བའི་མིང་ལ་རྫས་རུ་བ། དགོན་པ་དང་སྤྱི་ལེ་གཅིག་ཙམ་གྱི་སར་ཡོད། བྱིས་པ་ཕོ་མོ་གཉིས་ཀྱི་ཕ་དང་ལོ་ཉེར་བདུན་རེད།

གསར་འགྱུར།

Post navigation

Previous Post: མཚུངས་པ་མེད་པའི་སྨུག་སྤྲིན་མཛེས་མས་རི་བོའི་སྤོ་ལ་མ་འཁྱུད་ན།།
Next Post: གྲོགས་པོ་ཞིག་སྐུལ་བ།

Comments (11) on “མདོ་སྨད་གཙོད་ས་ཁུལ་ནས་སྐྱེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག”

  1. མྱི་ལྟིག says:
    2012-10-06 at 6:16 am

    ད་དངོས་གནས་ང་ཚོ་ངོ་ཚ་དགོས་ཀྱིན་འདུག
    ངའི་བྱེས་མི་ཚོ།

  2. གནམ says:
    2012-10-06 at 7:37 am

    བོད་འདི་སྲེག་ལ་དགའ་བ་མ་ཡིན་ཏེ།
    རྒྱ་སྡུག་བཙན་བཤད་མ་ཐེགས་འདི་འདྲ་བྱུང་།།
    བོད་འདི་འདི་ལྟར་ཚར་བ་མི་བཟང་ཡང་།།
    ཐབས་ལམ་དབུ་མར་བཅོལ་བས་མ་འགྲིག་རེད།

    མྱིག་ལ་མྱིག་རྡོག་མེད་པ་ཆོས་ཀྱི་ལན།
    ཁྱོ་ཤི་ང་ཤི་མེད་པ་རྒྱལ་བའི་ལན།
    སེམས་ཤེས་སྙིང་རྗེ་མེད་པ་དགྲ་བོའི་ལན།
    ལན་ཆགས་གསུམ་འཛོམས་བར་ནས་བོད་འདི་རྒུད།

    ཨ་ཞང་ཟེར་ནིའི་རྒྱ་མི་གྲགས་པོ་ཞིག།
    རོགས་པ་བྱེད་ནིའི་ཡོ་རོབ་རྒྱལ་ཚོགས་ཞིག།
    རང་བཙན་ལེན་ནིའི་སྐྱབས་བཅོལ་དཔའ་བོ་ཞིག།
    འཆི་ཁར་མེད་པ་ཤེས་ནས་མཆོང་ཤིག་ཨང་།།

    ཨོཾམཎིཔདྨེཧཱོུཾཿ ཨོཾམཎིཔདྨེཧཱོུཾཿ ཨོཾམཎིཔདྨེཧཱོུཾཿ

  3. ཏི་སི། says:
    2012-10-06 at 7:42 am

    ཨོམ་མ་ནི་པདྨེ་ཧཱུཾ།

  4. དྲ་གཉིད་ says:
    2012-10-06 at 8:37 am

    དངོས་གནས་སེམས་སྐྱོ་དགོས་པ་རང་རེ་འདུག།

  5. ཕཱུག་རོན། says:
    2012-10-06 at 9:43 am

    བོད་ནང་མེར་སྲེག་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་ཞུ། འདི་ནི་བོད་ཕྱི་ནང་གཉིས་སུ་ཡོངས་གྲགས་སུ་རང་ལུས་མེར་སྲེག་བཏང་བ་ ༥༩ པ་དེ་ཆགས་ཡོད། ང་ཚོས་མེར་སྲེག་བཏང་བའི་ལས་འགུལ་དེར་གྲུབ་འབྲས་ག་ཚོད་ཅིག་ཐོན་གྱི་ཡོད་མེད་ལ་བལྟ་དགོས་ཀྱི་འདུག བོད་མི་ས་ཡ་དྲུག་པོས་ལས་འགུལ་འདིའི་ཁ་ཕྱོཊ་ལ་བསྐྱར་ཞིབ་ཅིག་བྱ་དགོས་ཀྱི་འདུག ད་ལྟའི་ལས་འགུལ་འདི་ལ་རྒྱ་གུང་ཁྲན་ཕར་ཞོག རྒྱ་ནག་སྐམ་ས་ཆེན་མོར་ཡོད་པའི་རྒྱ་རིཊ་ཞེན་ཁོག་ཅན་མང་པོ་ཞིག་གིས་ངན་སྨོས་བྱེད་ཀྱི་འདུག དེ་བཞིན་རྒྱལ་སྤྱིའི་སྟེང་དུའང་ཁ་ཙམ་ལས་དོན་དམ་ཐོག་རོཊ་པ་བྱེད་མཁན་མི་འདུག ད་དུང་བོད་གཞུང་དང་༸གོང་ས་མཆོག་གིས་ལས་འགུལ་འདིའི་ཐད་ནན་ཏན་གྱིས་བཀའ་སློབ་ཅིག་མ་ཕེབས་ན། བོད་རིཊ་སྤུན་ཟླ་ ༥༩ ནས་ ༦༩། དེ་ནས་་༧༠།༨༠།༡༠༠།༢༠༠། རིམ་བཞིན་ ༢༠༠༠་ཡང་སྲེག་སྲིད་ཀྱི་རེད། ད་བོད་པ་ཚང་མས་རིག་པ་སྒྲིམ་དགོས་ཀྱི་འདུག མེར་སྲེག་གཏོང་མཁན་མང་དུ་སོང་བ་དེས་བོད་པ་ནང་ཁུལ་གྱི་ཚོར་ཤུཊ་ཀྱང་ཉམས་བཞིན་པའི་རྣམ་པ་འདུག ད་ཚང་མས་བསམ་བློ་གཏོང་རྒྱུ་དང་རིག་པ་སྒྲིམ་རྒྱུའི་དུས་ལ་བབས་འདུག

  6. མཚོ་མོ says:
    2012-10-06 at 10:10 am

    སུ་གང་གིས་བོད་དོན་ཡ་ཁ་ཡ་མ་བྱས་ཀྱང་མི་སྐྱོན། འདི་ལྟ་བུའི་སྙིང་སྟོབས་ཡོད་མཁན་གྱི་མི་རིགས་ཤིག་སྔ་རྗེས་ཙམ་མ་གཏོགས་ས་སྒང་གོ་ལ་འདིའི་ཐོག་ནས་གཟི་བརྗིད་ཀྱིས་ལངས་རྒྱུ་ཡིན་ནི་བསྙོན་དུ་མེད།

  7. བསམ་གཏན། says:
    2012-10-06 at 10:27 am

    ང་ཚོས་གཞན་གྱིས་ཁ་ཡ་མ་བྱས་པར་སེམས་སྡུག་མི་དགོས། ང་ཚོའི་བོད་མི་ཚོའི་ཚོར་བ་ཤི་འགྲོ་གིན་ཡོད་པ་དེ་ཅུང་ཉེན་ཁ་རེད། ད་བཙན་བྱོལ་བོད་མི་རྣམས་ཕ་ཡུལ་ལ་ལོག་པའི་མགོ་བརྩམས་རན་རེད།

  8. འདྲེ་ནག་མགོ་དགུ་ says:
    2012-10-06 at 10:42 am

    མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་། །
    ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། །འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་མཛོད། །

  9. མེ་ཏོག says:
    2012-10-06 at 10:53 am

    དཀོན་མཆོག་མཁྱེན། ད་ག་རེ་བྱེད་དགོས་རེད། ཁོང་རང་ཉིད་གྲོངས་ཚར་བ་རེད་དེ། ཤུལ་དུ་ལུས་པའི་བཟའ་ཟླ་དང་བུ་ཕྲུག་གཉིས་ཀྱིས་སྡུག་བསྔལ་ག་ཚོད་མྱང་གི་རེད།

  10. ཁྱུང་དཀར says:
    2012-10-06 at 11:28 am

    ཚེ་སྲོག་མེ་རུ་བསྲེགས་ནས་བདེན་དོན་རྩོད་མཁན་གྱི་་རྒྱལ་གཅེས་དཔའ་བོའི་ཚོགས་ལ་གུས་འདུད་དང་བཅས། ད་ནས་བཟུང་ཚེ་སྲོག་མེ་རུ་མ་བསྲེག་རོགས་གནང་། ཚེ་སྲོག་ལ་སྲུང་སྐྱོབ་བྱ་རོགས་ཟེར་ནས་ཞུ་འདོད་བྱུང་། གང་ཡིན་ཟེར་ན་ད་སྔ་བར་དུ་གྲྭ་བཙུན་དང་ཉམས་ཆུང་དམངས་མི་ཁྱོན་བསྡོམས་ལྔ་བཅུ་རྩ་གྲངས་ཡན་གྱིས་ཚེ་སྲོག་མེ་རུ་བསྲེགས་ནས་རང་དབང་དང་བདེན་དོན་བརྩད་སོང་ཡང་བོད་པའི་སྤྱི་ཚོགས་སུ་ཤེས་ཡོན་ཅན་དང་རྩོམ་པ་པོ་རེ་ཟུང་ཙམ་ལས་ཕོར་བ་གཞུང་ཐོག་ལ་བརྟེན་པའི་བོད་མི་དང་སློབ་ཆེན་གྱི་སྒོ་ཐེམ་འགྲིམ་པའི་སློབ་ཆེན་པ་རིགས་ཀྱིས་འདིའི་ཆ་ཤས་གང་ཡང་ལེན་ཀི་མེད་ལ། རྒྱབ་སྐྱོར་གྱི་རྣམ་པ་དང་གོང་རིམ་ལ་ཞུ་གཏུག་གྱི་ཡིག་ཆ་འབུལ་བ་སོགས་གང་ཡང་ཐོས་རྒྱུ་མིད། མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དོན་དམ་པའི་ང་ཚོར་ལ་རོགས་སྐྱོར་དང་དྲང་བཞག་གི་སྐད་ཆ་རེའང་བཤད་ཐུབ་ཀྱི་མེད་ལ། གྲུབ་འབྲས་ཀྱང་རྩ་བ་ནས་འཐོབ་ཀྱི་མེད། སོང་ཙང་། དྲང་མོ་བཤད་ན་ཕྲན་ཆུང་ང་ཁྱེད་རྣམ་པའི་ཚེ་སྲོག་ལ་ཕངས་སེམས་སྐྱེས་ཀི དོན་ངོ་མའི་འུ་ཚང་གི་དཀའ་ངལ་འདི་སེལ་དགོས་ན་བོད་ཀྱི་ཤེས་ཡོན་པ་དང་བསམ་བློའི་ཕུགས་རྒྱང་རྟོགས་པའི་མི་བུའི་ཚོགས་མདུན་དུ་ཐོན་ནས་དབུ་འཁྲིད་ཀྱི་འགན་དབང་ལེན་དུས་ད་བཟོད་ང་ཚོ་ལ་དགོས་པའི་དམིགས་འདུན་འགྲུབ་ཐུབ། རྗེས་སོར་ཁྱེད་ཅག་ནམ་ཡང་མདུན་དུ་རྒྱུགས་མི་ཉེན་ལ་ཚེ་སྲོག་ལ་རྩེད་མོའང་རྩེད་མི་ཉེན། འཇིག་རྟེན་གྱི་མི་ཚང་མའི་ཚེ་སྲོག་འདྲ་འདྲ་ཡིན། དེས་རྐྱེན་གྱིས་ཁྱེད་ཚོས་ཀྱང་ཚེ་སྲོག་ལ་སྲུང་སྐྱོབས་བྱས་ན་བསམ་ཀི

  11. བརྩོན་འགྲུས་རྒྱ་མཚོ་ says:
    2012-10-06 at 12:02 pm

    བོད་མི་རིགས་ཀྱི་དཔའ་རྒོད་མཆོག་ལ་སྙིང་ནས་གུས་འདུད་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་གནས་ཚུལ་མཁོ་སྤྲོད་པར་ཞུ་རྒྱུ་ཞིག་ལ་གནས་ཚུལ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme