Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་ཀླུ་ཆུ་ནས་སླར་ཡང་རང་ལུས་མེ་སྲེག་བྱས་པ།

Posted on 2012-11-26 By ཁ་བརྡ་ 7 Comments on མདོ་སྨད་ཀླུ་ཆུ་ནས་སླར་ཡང་རང་ལུས་མེ་སྲེག་བྱས་པ།
དེ་རིང་ཚེས་༢༦ ཉིན་ཨ་མདོ་ཀན་ལྷོ་ཀླུ་ཆུའི་ཨ་ལ་ནས་བོད་མི་མགོན་པོ་ཚེ་རིང་གིས་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེ་སྲེག་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་སྐུ་གྲོངས་འདུག

ཨ་ལ་ནས་ཡིན་པའི་ཕྱི་སྡོད་བོད་མི་རྒྱལ་ལོས་གནས་ཚུལ་ཞིབ་ཕྲ་བརྗོད་པ་ལྟར་ན། ཚེས་༢༦ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦པ་ཡོལ་ཙམ་ལ་བོད་མི་མགོན་པོ་ཚེ་རིང་གིས་ཨ་ལ་དེའུ་མགོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་ནས་བོད་ལ་རང་དབང་དགོས་བ་དང་། འགྲོ་བ་མིའི་ཐོབ་ཐང་དགོས། ༸ རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་པ་སོགས་ཀྱི་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེ་སྲེག་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་ས་གནས་རང་ནས་སྐུ་གྲོངས་ཡོད་པ་རེད།  དེ་མ་ཐག་ས་གནས་བོད་མི་མང་པོས་ཁོང་གི་སྐུ་ཕུང་ཐད་ཀར་དགོན་པར་གདན་འདྲེན་བྱས་རྗེས་ད་ཆ་ཨ་ལ་དང་། སྒྱིས་ཚང་། ཟམ་ཚ་བཅས་ནས་བོད་མི་མང་པོ་འཛོམས་ནས་མཆོད་འབུལ་བསྔོ་སྨོན་གྱིས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་པ་དང་། ཅང་མ་འགོར་བར་ས་གནས་སུ་ཉེན་རྟོག་པ་དང་། དམག་མི་མང་པོ་འབྱོར་ནས་དམ་དྲག་དང་མཉམ་གནས་ཚུལ་རྩད་ཞིབ་བྱེད་བཞིན་པ་རེད་འདུག

རང་ལུས་མེ་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ནི་ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་བའི་ལོ་ ༤༥ ཡིན་པའི་ཕ་དབང་རྒྱལ་དང་། ལོ་༤༣ ཡིན་པའི་མ་རྣམ་ལོ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ད་ལོ་ལོ་༢༤ ཡིན་འདུག  ཁོའི་བཟའ་ཟླའི་མིང་ལ་རྣམ་རྒྱལ་སྒྲོལ་མ་ཟེར་ཞིང་། ལོ་ ༢༦ ཡིན་འདུག  ཁོ་གཉིས་ལ་ལོ ༦ ཅན་གྱི་བུ་ཆུང་ཚེ་རིང་བསམ་གྲུབ་དང་། ལོ ༣ ཅན་གྱི་བུ་མོ་ཚེ་རིང་སྒྲོལ་མ། ལོ ༢ ཅན་གྱི་བུ་མོ་ཚེ་རིང་ལྷ་མོ་བཅས་བྱིས་བ་གསུམ་ཡོད་འདུག ཁོ་བརྩིས་པས་ད་བར་བོད་ནང་གི་བོད་མི་གྲངས་༨༥ ཡིས་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་ཡོད།

གསར་འགྱུར།

Post navigation

Previous Post: ཨ་ཕྲེང་འདོད་གཏམ་གྱི་དཀྱིལ་འཁོར།
Next Post: རང་ལུས་མེར་སྲེག་ཐད་ཁ་བརྡ་ཞུས་པ། ༼ ༢ ༽

Comments (7) on “མདོ་སྨད་ཀླུ་ཆུ་ནས་སླར་ཡང་རང་ལུས་མེ་སྲེག་བྱས་པ།”

  1. བདུད་འདུལ། says:
    2012-11-26 at 12:35 pm

    ཨ་མཆོག་དཀོན་མཆོག་ཚེ་རིང་ལཊ་ཀྱིས་མེར་བསྲེཊ།
    འདོན་སྤེལ། ༢༠༡༢/༡༡/༢༦
    དེ་རིང་ཕྱི་དྲོ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

    དེ་རིང་ཕྱི་དྲོ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཞང་བན་ཀན་སྡེ་བའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས་ཀྱིས། ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

    རྒྱལ་གཅེས་དཔའ་བོ་ཁོང་གི་ཕའི་མིང་ལ་ཚེ་འཕགས་སྐྱབས་ལོ་ ༤༠ དང་། མའི་མིང་ལ་མགོན་པོ་མཚོ་ལོ་ ༣༧ ཡིན་འདུག ཁོང་གི་ཕུ་བོའི་མིང་ལ་དཔལ་འབྱོར་རྒྱ་མཚོ་ཟེར་ཞིང་ད་ལྟ་གྲྭ་བ་ཡིན་འདུག

    རྒྱལ་གཅེས་དཔའ་བོ་ཁོང་གི་ཆུང་མའི་མིང་ལ་སངས་རྒྱས་མཚོ་ཟེར་ཞིང་ལོ་ ༡༩ ཡིན་འདུག

    ད་ལྟ་ཨ་མཆོག་དགོན་པའི་གྲྭ་བ་མང་པོ་རྒྱལ་གཅེས་པ་ཁོང་གི་ཁྱིམ་དུ་སྨོན་ལམ་གསུང་གི་ཕེབས་ཡོད་པ་དང་། ས་གནས་མི་མང་ཡང་མང་པོ་འབྱོར་བཞིན་ཡོད་འདུག

  2. བདུད་འདུལ། says:
    2012-11-26 at 12:41 pm

    ཟླ་འདིའི་ཚེས་༢༥ ཉིན་བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྡོ་དཀར་མོ་ཞང་བར་སྐོར་སྡེ་བའི་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་པའི་གནས་ཚུལ་འདུག
    རྡོ་རྗེ་དབང་ཕྱུག་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཚེས་ ༢༥ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་བདུན་པ་ཙམ་ལ། མདོ་སྨད་རེབ་གོང་མགོན་ཤུལ་བར་སྐོར་ ནས་ཡིན་པ་བཙུན་མ་སངས་རྒྱས་སྒྲོལ་མ་ ༼རང་ལོ་ ༢༩༽ཞུ་བ་ཞིག་གིས། རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་སྲིད་གཞུང་ཡོད་ས་ནས་རང་ལུས་མེར་བསྲེགས་བཏང་སྟེ། དེ་གར་འདས་གྲོངས་ཕྱིན་ཡོད་འདུག
    བཙུན་མ་སངས་རྒྱས་སྒྲོལ་མའི་ཕ་མིང་ལ་བསོད་ནམས་རྒྱལ་དང་། ཨ་མའི་མིང་ལ་དོ་བྷ་ཟེར་གྱི་ཡོད་འདུག
    དེ་རིང་གནས་ཚུལ་འབྱོར་དོན་ལྟར་ན། མདང་ནུབ་ཕུང་པོ་ཞུགས་འབུལ་ཞུས་ཏེ། དེ་རིང་མགོན་ཤུལ་བཙུན་མའི་དགོན་པའི་ནང་རྗེས་འབྲེལ་སྨོན་ལམ་ཞུ་སྒོ་གཉེར་བཞིན་ཡོད་པ་དང་། བཙུན་དགོན་འདིར་ད་ཆ་བཙུན་མ་བརྒྱ་ཕྲག་གཅིག་བརྒལ་བ་ཡོད་འདུག
    ཁ་སང་དེ་རིང་རེབ་གོང་རོང་འབྲོག་གང་སར་དྲ་རྒྱའི་བརྒྱུད་ལམ་བཅད་འདུག་ལ། དེ་བཞིན་ཁ་པར་དང་དྲ་ལམ་ནས་འབྲེལ་བ་བྱེད་མཁན་ཚོ་འབྲེལ་ཡོད་ཉེན་རྟོག་པ་དང་བདེ་འཇགས་མི་སྣ་ཟེར་བ་ཚོས་རྩད་གཅོད་བྱེད་ཀྱིན་ཡོད་པ་དང་། གཞན་ཡང་། ཁུལ་སྲིད་གཞུང་དང་རྫོང་གི་སྲིད་གཞུང་། ཞང་སྲིད་གཞུང་བཅས་ཀྱིས་ལས་དོན་བྱེད་མཁན་མང་པོ་གཞི་རིམ་མང་ཚོགས་ཁྲོད་མངགས་ནས། མེར་བསྲེགས་ལས་འགུལ་མུ་མཐུད་སྤེལ་མི་ཆོག་པ་དང་། སྤེལ་མཁན་དང་དེའི་ནང་མིར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་འདུ་འཛོམས་གཉེར་མི་ཆོག་པ་སོགས་ཀྱིས་བཙན་བཀའ་མུ་མཐུད་གཏོང་བཞིན་ཡོད་འདུག

  3. གཅན བཟོད་རྒྱ། says:
    2012-11-26 at 1:55 pm

    དེ་རིང་ཞོགས་པར་མད་སྨད་ཆབ་ཆ་ནས་སློབ་མ་སྟོང་ཕྲག་གིས་ངོ་རྒོལ་སྐད་འབོད་བྱས་པ་དུས་བབ་དང་ངོ་དེབ་སོགས་ལ་གང་སར་ཁྱབ་འདུག ཁ་བརྡས་ད་དུང་མ་མཐོང་བ་ཡིན་ནམ། ཅིས་ཀྱང་འདྲེན་བཀོད་གནང་རོགས་ཞུ།

  4. ཐུ་བ་རྒྱ་མཚོ། says:
    2012-11-26 at 2:23 pm

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་མཆོག །
    བདེ་ལྡན་ཞིང་དུ་མྱུར་བར་མྱུར་སྐྱེ་ཤོག །

  5. འདྲེ་ནག་མགོ་དགུ་ says:
    2012-11-26 at 7:12 pm

    བཙན་བྱོལ་ནང་ནས་བོད་གཞུང་དང་ཚོགས་སྡེ་ཁག་ཙམ་མ་གཏོགས་མི་མང་དང་བླངས་རང་བཞིན་གྱིས་མང་མི་སྡེབ་ལང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བརྒྱབས་ཐུབ་མེད་པ་ནི་ཤིན་ཏུ་སེམས་སྐྱོ་དགོས་ཤིག་རེད།
    དེར་བརྟེན་མི་མང་ཚང་མས་མ་བསྐུལ་དང་བླངས་ཀྱིས་ཡར་ལང་བརྒྱབ་དགོས།

  6. རླངས་སྔགས says:
    2012-11-26 at 10:44 pm

    བདག་གཞན་བརྗེ་བའི་བསམ་སྤྱོད་མངོན་དུ་གྱུར་བའི་བཙུན་མ་སངས་རྒྱས་སྒྲོལ་མར་མྱ་ངན་ཞུ། འདྲེ་ནག་གི་བསམ་ཚུལ་འདི་བདེན་པ་རེད།

  7. རླངས་སྔགས says:
    2012-11-26 at 10:47 pm

    ༼ནོར་བཅོས༽བཙུན་མ་སངས་རྒྱས་སྒྲོལ་མ་དང་མགོན་པོ་ཚེ་རིང་རྣམ་གཉིས་ལ་མྱ་ངན་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme