Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་ཁམས་བྲག་གཡབ་བརྟན་བཞུགས་ཆེན་མོ།

Posted on 2014-12-26 By ཁ་བརྡ 3 Comments on མདོ་ཁམས་བྲག་གཡབ་བརྟན་བཞུགས་ཆེན་མོ།

དགའ་ཉག་འཁྱམ་པོས།

དེ་རིང་གི་ཉིན་མོ་ནི་ངེད་ཅག་ལ་མཚོན་ན་ཆེས་རླབས་ཆེ་ཞིང་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་སྟེ། འཛམ་གླིང་ཞི་བདེའི་དེད་དཔོན་གངས་ལྗོངས་འགྲོ་བའི་སྐྱབས་གཅིག་༧གོང་ས་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ལ་བཀའ་དྲིན་གྱི་ཕུང་པོ་ཆ་ཤས་ཙམ་གསབ་སླད་བརྟན་བཞུགས་དགའ་སྟོན་གྱི་ཆོ་ག་ལེགས་འགྲུབ་བྱུང་སོང་བ་རེད།  ཨ་ཕའི་ཁ་ཕོར་གཙང་ཞེན་མིན་རུང་ད་ཐེངས་ཀྱི་བརྟན་བཞུགས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་འགའ་ཡོད་པ་སྟེ།

གཅིག ༽བརྟན་བཞུགས་འབུལ་མཁན་བྲག་གཡབ་ཚང་ལ་མཚོན་ན་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་ད་ལྟའི་བར་ལྷ་སྡེ་མི་སྡེ་སྐྱ་སེར་ཡོད་དོ་ཅོག་འཛུབ་གུ་གར་བཙུགས་ཤར་དང་། ཕ་བོང་གར་བཞག་ཐབ་ལ་བརྩིས་ཏེ་གཞུང་གི་ལམ་ཆེན་གང་ན་ཡོད་པ་དེར་ཐེ་ཚོམ་མེད་པར་ཤར་བསྐྱོད་བྱས་པ་མ་གཏོགས་གཞུང་གི་ལངས་ཕྱོགས་དང་མི་མཐུན་ཞིང་རྩ་བའི་དམིགས་ཡུལ་དང་རྒྱབ་འགལ་བྱས་ཏེ་གཞན་ལ་མགོ་བཏགས་པ་དང་། རང་ཉིད་ཟུར་ཐོན་ཚུལ་གྱིས་ཚོགས་པ་སྐྱིད་སྡུག་དང་དགོན་པ་གཞིས་ཆགས་སོགས་གསར་འཛུགས་བྱས་མྱོང་མེད་པས་བྲག་གཡབ་བརྟན་བཞུགས་ལ་རྒྱབ་ལྗོངས་ཡོད་པ།

གཉིས ༽ བརྟན་བཞུགས་ཀྱི་ཐོག་མཐའ་བར་གསུམ་ཡོད་ཚད་ཀྱི་རྩ་བའི་ངེས་སྟོན་པ་དང་། རྡོ་རྗེ་སློབ་དཔོན། མཎྜལ་བཤད་པ་གསར་རྩོམ་དང་རྒྱས་བཤད་བྱེད་པོ་བྲག་གཡབ་༧སྐྱབས་མགོན་དགུ་པ་ཆེན་པོ་ནི་མདོ་ཁམས་བྲག་གཡབ་ཡུལ་གྱི་ཆོས་སྲིད་གཉིས་ཀྱི་བདག་པོར་མངའ་གསོལ་ཞུས་པ་ནས་ད་ལྟའི་བར་གཞིས་བྱེས་སྐྱ་སེར་ཡོངས་ཀྱི་སེམས་ཀྱི་དབུས་དང་དད་པའི་ཀློང་ན་ཉི་ཟླ་ལྟར་གསལ་ཞིང་རི་རབ་ལྟར་བརྗིད་པས།  ལོ་རྒྱུས་དང་དད་མོས་གང་ཅིའི་ཐད་ནས་བྲག་གཡབ་ཀྱི་ཚབ་མཚོན་དང་མགྲིན་ཚབ་པ་བྱེད་ཆོག་པས་ཁོང་གིས་ལམ་སྟོན་གནང་བའི་བརྟན་བཞུགས་འདི་ཡང་བྲག་གཡབ་ཚང་གི་བརྟན་བཞུགས་ཡིན་པ།

གསུམ༽ མདོ་ཁམས་བྲག་གཡབ་ཡུལ་གྱི་སྐྱ་སེར་ཉུང་ཤས་མ་གཏོགས་ཡོད་ཚད་ཟམ་པ་གཅིག་གི་ཆུ་དང་རྩིག་པ་གཅིག་གི་རི་མོ་ལྟར་༧རྒྱལ་བ་ཡིད་བཞིན་ནོར་བུ་ལ་དད་མོས་དང་རེ་འདུན་གྱི་ནམ་ཟླ་འགྱུར་མ་མྱོང་ལ་གསོལ་འདེབས་ཀྱི་སྒྲ་དབྱངས་ཆད་མ་མྱོང་བས། བྲག་གཡབ་བརྟན་བཞུགས་འབུལ་བའི་འོས་ཆོས་ཚང་བ།

བཞི ༽ ༧གོང་ས་ཡིད་བཞིན་ནོར་བུའི་ཞལ་སྔ་ནས། བྲག་གཡབ་རིན་པོ་ཆེ་ནི་ངོས་དང་ཆུང་དུས་ནས་ངོ་ཤེས་ཤིང་། དེ་སྔོན་ངོས་དང་འདྲ་བར་དོལ་རྒྱལ་བསྟེན་གསོལ་གནང་གི་ཡོད་རུང་། ངོས་ཀྱི་དཔྱད་གསུམ་དག་པའི་སྐད་ཆ་ལ་ཉན་འཇོག་གནང་སྟེ་རྗེ་རྒྱལ་བ་གཉིས་པའི་དགོངས་པ་དང་མཐུན་པར་མཚམས་འཇོག་གཙང་མ་གནང་བ་མ་ཟད་ངོས་ལ་དད་པ་ཡིད་ཆེས་བསླུ་བ་མེད་པ་ཡོད་ཅིང་། རེ་བ་རྦད་དེ་བཅོལ་མཁན་ཞིག་ཡིན་པས་དམིགས་བསལ་གྱིས་ལྟ་རྟོག་དགོས། ད་ཐེངས་དུས་ཚོད་ཛ་དྲག་དང་ཐུང་ཐུང་ཡིན་ཞིང་དད་དམ་གཡོ་བ་མེད་པའི་བརྟན་བཞུགས་ཁ་ཤས་ཡོད་རུང་།  ཁོང་གིས་རེ་བ་བཞིན་བྲག་གཡབ་པ་ཁ་གཙང་གིས་བརྟན་བཞུགས་འབུལ་ཆོག་པར་བྱས་ཡོད། ཚུར་བློ་གཏད་དང་རེ་བ་བརྒྱ་ཆ་བརྒྱ་བཅོལ་མཁན་ཚོར་ཕར་ཡང་དེ་ལྟར་ཡིན་ཞེས། ས་གསུམ་ཡངས་པའི་ཁྱོན་དུ་གསེར་གྱི་སྒྲོན་མེས་བཀང་རུང་རྙེད་དུ་མེད་པའི་རིན་བྲལ་གསུང་གི་གནང་བ་དགྱེས་བཞིན་ཐོབ་ལ། མཎྜལ་བཤད་པ་རྒྱས་བསྡུས་ག་རེ་ཡོད་ཀྱང་དབུལ་ཆོག་པའི་བཀའ་ཁྲོལ་ལེགས་པར་ཐོབ་པས། བྲག་གཡབ་བརྟན་བཞུགས་ལ་གཟི་བྱིན་དང་ལྗིད་ཁོག་ཡོད་པ།

ལྔ༽ བརྟན་བཞུགས་དགའ་སྟོན་གྱི་མཛད་སྒོ་འདི་ཡང་ཆོས་དང་མཐུན་ཞིང་དོན་ལ་ཕན་པ་ཞིག་འོང་ཆེད་བྲག་གཡབ་ཚང་དང་ལས་ཀྱིས་འབྲེལ་བའི་བླ་མ་བློ་ལྡན་ཤེས་རབ་ཀྱི་དངོས་སློབ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་གསུང་བྱང་ཆུབ་ལམ་རིམ་ཆེན་མོའི་ཁུངས་དང་རྒྱབ་རྟེན་ལྟ་བུ་བསྟན་རིམ་ཆེན་མོ་རིན་ཆེན་ཕྲེང་བ་པར་རྩ་ཐབས་ཤེས་དང་ཞུ་དག་ངེས་འདྲོངས་ཐོག་རྒྱལ་སྤྱིའི་དཔེ་རྟགས་ཡོད་པའི་དེང་རབས་ཀྱི་དེབ་གཟུགས་སྤུས་ལེགས་ཐོག་པར་སྐྲུན་ཞུས་ཏེ་བོད་ཡིག་འབྲི་ཀློག་ཐུབ་པའི་ཆོས་ཞུ་བ་ཡོངས་ལ་རིན་མེད་འགྲེལ་སྤེལ་གནང་བས། བྲག་གཡབ་བརྟན་བཞུགས་ལ་ཉར་རྒྱུ་དང་ཀློག་རྒྱུ་ཡོད་པ།

དྲུག ༽ ༧གོང་ས་ཡིད་བཞིན་ནོར་བུས་ཡང་ཡང་བསྔགས་ཤིང་རིས་མེད་མཁས་པའི་ཚོགས་ཀྱིས་རྟག་ཏུ་བསྙེན་ལ་མཚན་སྙན་གླིང་ལ་ཁྱབ་པའི་འཕགས་ཡུལ་པཎ་གྲུབ་བཅུ་བདུན་གྱི་སྐུ་བརྙན་རྒྱ་ནག་ལི་མས་བཞེངས་ཤིང་།  དཀའ་བསྐྱེད་ངལ་བ་བསྟེན་ཏེ་ཉེ་དང་རིང་བའི་མཚམས་ནས་གནས་འདིར་འདུས་པའི་དད་ལྡན་ཆོས་ཞུ་བ་སྐྱ་སེར་དབྱེར་མེད་དང་ཤར་ནུབ་ཁྱད་མེད་སུམ་ཁྲི་བརྒལ་བར་འགྱེད་སྐལ་ཧིན་སྒོར་ལྔ་བརྒྱ་དང་བཅུ་རེ་ཕུལ་བས། བྲག་གཡབ་བརྟན་བཞུགས་ལ་གསར་གཏོད་དང་གུ་ཡངས་ཀྱི་ཆ་ཡོད་པ།

༧ ༽བར་སྐབས་ཤིག་ལ་མདོ་ཁམས་བྲག་གཡབ་ཡུལ་དུ་ཤུགས་ལྡན་ནམ་དོལ་རྒྱལ་བསྟེན་གསོལ་ཅུང་ཟད་ཙམ་ལས་མེད་མོད་དུས་ཡུན་ཐུང་ཐུང་ཞིག་ལ་དོལ་ཚོགས་ཀྱི་སྐབས་འཚོལ་བ་མང་པོས་འདྲེ་ལག་གང་སར་བརྐྱངས་ཤིང་ཨ་གསར་ཆེ་ཞིང་ཨུ་ཚུགས་རྒོད་པའི་མི་སྣ་ཉུང་ཤས་དང་ཕྱི་ནང་ངན་འབྲེལ་གྱིས་ལོག་བཤད་དང་འཁྱོག་བཤད་ཀྱིས་ཁེངས་པའི་དེབ་དང་འོད་སྡེར་སོགས་གང་སར་བཀྲམ་སྟེ་གསར་བུ་རྒྱུས་མེད་དག་ལོག་ལམ་དུ་འཁྲིད་ཐབས་དང་། བརྙན་དང་སྒྲ་སོགས་གཅིག་ཏུ་མ་ངེས་པའི་བརྒྱུད་ལམ་སྣ་ཚོགས་ཐོག་ཏུ་བྲག་གཡབ་མི་དམངས་ཁོ་ཚོའི་རྒྱབ་ཏུ་ཡོད་མདོག་གི་རྣམ་འགྱུར་འདི་ལ་བརྡ་ལན་གསལ་པོ་སྤྲད་ཡོད་པས།  བྲག་གཡབ་བརྟན་བཞུགས་ལ་གོ་བརྡ་ཡོད་པ།

བརྒྱད ༽ ༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་གྱི་གྲིབ་བསིལ་འོག་ཏུ་འཚོ་བཞིན་པའི་བྲག་གཡབ་ཆེ་ཚང་༧སྐྱབས་མགོན་ དགུ་པ་ཆེན་པོ། བྲག་གཡབ་ཆུང་ཚང་སྤྲུལ་སྐུ། རྭ་སྟོད་སྐྱོང་བླ་རིན་པོ་ཆེ། བྲག་གཡབ་རྟོགས་ལྡན་རིན་པོ་ཆེ། རྭ་སྟོད་ཆུ་དབར་སྤྲུལ་སྐུ། ཉག་རེ་ཤར་སྤྲུལ་རིན་པོ་ཆེ། དེ་བཞིན་མཁན་སྤྲུལ་སོགས་ཀྱིས་གཙོས་གདན་ས་གསུམ་དང་རྭ་བ་སྟོད་པ། རྣམ་གྲོལ་གླིང་དང་བཙུན་དགོན་སོགས་ནས་ཕེབས་པའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དང་གྲྭ་བཙུན་འདུས་མང་།  བོོད་མི་མང་སྤྱི་འཐུས་བྲག་གཡབ་གངས་ལྷ་མོ་སོགས་ཀྱིས་གཙོས་རྒྱ་བལ་འབྲུག་གསུམ་དང་ཨ་རི་ཡུ་རོབ་སོགས་ནས་ཕེབས་པའི་སློབ་གཉེར་བ་དང་ཉམས་ཞིབ་པ། གསར་འགོད་པ་དང་ལག་རྩལ་བ། ཚོང་པ་དང་ལྷ་བྲིས་པ་འཚེམ་བཟོ་བ་སོགས་ལས་རིགས་མི་འདྲ་བའི་སྤུན་ཟླ་ཕོ་མོ་གང་མང་མཉམ་འཛོམས་ཐོག་བརྟན་བཞུགས་ལེགས་པར་གྲུབ་པས། བྲག་གཡབ་བརྟན་བཞུགས་ལ་གཏིང་དང་ཁྱབ་ཚད་ཡོད་པ་བཅས་སོ།

མཐར་བསྡོམས་༧གོང་ས་མཆོག་གི་གསུང་ཞིག་དྲངས་ཏེ་རེ་བ་ཆུང་ཆུང་ཞིག་གིས་མཇུག་བསྡུ་རྒྱུ་ཡིན།

མཎྜལ་བཤད་པ་དངོས་ཡོད་གནས་ཚུལ་ཡག་པོ་བྲིས་འདུག །འོན་ཀྱང་གཞིས་བྱེས་མཉམ་འཛོམས་སྐབས་བྲག་གཡབ་ཏུ་ཕེབས་རོགས་ཟེར་འདུག བྲག་གཡབ་ནང་གཙང་མ་མ་ཆགས་བར་ང་རང་འགྲོ་མི་ཐུབ།  སྔོན་མར་ཤར་རྩེ་གྲྭ་ཚང་ལ་ཡང་དེ་འདྲ་བཤད་པ་ཡིན་ལྷག་པར་དོལ་ཚོགས་ཀྱིས་གནོད་ཅིང་འཚེ་བའི་བྱ་སྤྱོད་སྤེལ་སྲིད་པར་རྒྱ་གར་བདེ་སྲུང་ལས་ཁུངས་སོགས་ཀྱིས་བཤད་འོང་གི་འདུག་པས་ཉེན་ཁ་ཡང་ཆེན་པོ་རེད།  ང་རང་ཚོང་པ་ནི་མིན། འགྲོ་དང་མི་འགྲོ་འདོད་པ་རེད། ཅེས་གསུངས།  མཇུག་གི་རེ་བ་ནི་འཛམ་གླིང་ཤར་ནུབ་གང་སར་ཡོད་པའི་བྲག་གཡབ་ཀྱི་སྤུན་ཟླ་རྣམ་པས་ཤེས་ཡོན་དང་ཡ་རབས་གཞན་ཕན་ཕྱོགས་ལ་བརྩོན་འགྲུས་དང་དོ་སྣང་ཆེན་པོས་ཕ་ཡུལ་གྱི་སྣོད་བཅུད་ཡོངས་རྫོགས་གོང་ནས་གོང་དུ་འཕེལ་བ་གནང་རོགས།  ང་ཚོ་གངས་ཅན་པའི་མགོན་པོ་གང་གི་སྔར་གྱི་དཔྱད་གསུམ་དག་པའི་གསུང་བཤད་དག་དང་། གོང་དུ་དྲངས་པའི་དེ་རིང་གི་གསུང་བཤད། དེ་བཞིན་བྲག་གཡབ་༧སྐྱབས་མགོན་དགུ་པ་ཆེན་པོས་ད་ཐེངས་ལྗགས་རྩོམ་གནང་བའི་མཎྜལ་བཤད་པ་བཅས་ལ་གསན་གཟིགས་ཚུལ་བཞིན་གནང་སྟེ་དངོས་ཡོད་དྲང་བདེན་ལ་གཞིར་བཅོལ། དངོས་སྟོབས་རིགས་པས་ཟུར་བརྒྱན། བཀའ་དང་དགོངས་འགྲེལ་གྱི་སྙིང་པོ་བསྡུས་པའི་དགེ་ལྡན་བསྟན་པའི་བྱ་བ་ལ་གཙོ་ཕལ་དང་མགོ་མཇུག་མི་ནོར་བ་ཅི་ནས་ཀྱང་གནང་རོགས།

གོང་གི་གསུང་བཤད་དེ་ཚོ་དོན་དག་ལས་ཚིག་ཇི་བཞིན་མིན་པས་དགོངས་འཇགས་འཚལ། གདན་ས་དགའ་ལྡན་ནས། དགའ་ཉག་འཁྱམ་པོས། ཕྱི་ལོ། ༡༤/༡༢/༢༦ ཉིན།

སྣ་ཚོགས།

Post navigation

Previous Post: ཅིན་ཡུང་དང་ཁོའི་འཁྲབ་གཞུང་ནང་གི་བོད་ཀྱི་དགེ་འདུན་པ།
Next Post: རྔ་བར་གྲྭ་བློ་བཟང་འཕྲིན་ལས་ལགས་ཀྱིས་ངོ་རྒོལ་གནང་བ།

Comments (3) on “མདོ་ཁམས་བྲག་གཡབ་བརྟན་བཞུགས་ཆེན་མོ།”

  1. ཤར་པ་ says:
    2014-12-26 at 3:37 pm

    བྲག་གཡབ་པ་ཚོ་ཡག་པོ་རེད། བཀའ་དྲིན་ཆེ། ཁྱི་རྒན་དོལ་ཚོགས་ནས་བྲག་གཡབ་་པ་ཡོངས་ནག་པོ་བཟོ་འདོད་པ་དེ་། ལམ་འགྲོ་མ་བྱུང་བ་རེད། ད་ལྟའི་དུས་ཚོད་འདི་བོད་མི་ཡོངས་ཆིག་བསྒྲིལ་དང་ནུས་ཤུགས་ཅིག་བསྡུས་ཀྱིས་ རྒྱལ་བའི་སྐུའི་ཉེས་སྲུང་དང། ང་ཅག་བོད་མིའི་སྙིང་ལ་གྲི་གཙུགས་པ་དེ་ནམ་ཡང་བརྗེད་ཐབས་མེད་། ཁྱི་རྒན་དོལ་འདྲེ་ཚོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-12-27 at 4:12 am

    ་་་་་་་་་་་་་་་་་་ ༧ ༽བར་སྐབས་ཤིག་ལ་མདོ་ཁམས་བྲག་གཡབ་ཡུལ་དུ་ཤུགས་ལྡན་ནམ་དོལ་རྒྱལ་བསྟེན་གསོལ་ཅུང་ཟད་ཙམ་ལས་མེད་མོད་དུས་ཡུན་ཐུང་ཐུང་ཞིག་ལ་དོལ་ཚོགས་ཀྱི་སྐབས་འཚོལ་བ་མང་པོས་འདྲེ་ལག་གང་སར་བརྐྱངས་ཤིང་ཨ་གསར་ཆེ་ཞིང་ཨུ་ཚུགས་རྒོད་པའི་མི་སྣ་ཉུང་ཤས་དང་ཕྱི་ནང་ངན་འབྲེལ་གྱིས་ལོག་བཤད་དང་འཁྱོག་བཤད་ཀྱིས་ཁེངས་པའི་དེབ་དང་འོད་སྡེར་སོགས་གང་སར་བཀྲམ་སྟེ་གསར་བུ་རྒྱུས་མེད་དག་ལོག་ལམ་དུ་འཁྲིད་ཐབས་དང་། བརྙན་དང་སྒྲ་སོགས་གཅིག་ཏུ་མ་ངེས་པའི་བརྒྱུད་ལམ་སྣ་ཚོགས་ཐོག་ཏུ་བྲག་གཡབ་མི་དམངས་ཁོ་ཚོའི་རྒྱབ་ཏུ་ཡོད་མདོག་གི་རྣམ་འགྱུར་འདི་ལ་བརྡ་ལན་གསལ་པོ་སྤྲད་ཡོད་པས། བྲག་གཡབ་བརྟན་བཞུགས་ལ་གོ་བརྡ་ཡོད་པ། ་་་་་་་་་་་

  3. གཡག says:
    2014-12-27 at 4:00 pm

    བསྟོད་ར་མི་ལ་གཏོང་ཆུག ནོར་འཁྲུལ་རང་གི་བཅོས། འུར་མ་རྒྱབ། ཕ་ཡུལ་གྱི་མི་རྣམས་ཁ་ཕྱོགས་ཤེས་ཡོན་ཕྱོགས་སུ་བསྒྱུར་ཨེ་ཐུབ་རེ་བལྟོས། དངོས་གནས་བྲག་གཡབ་ཚང་ཡིན་ན་བྲག་གཡབ་ཀྱི་གཞོན་སྐྱེས་རྣམས་ལ་ཤེས་ཡོན་རེ་བསྐྲུན་ཨེ་ཐུབ་རེ་བལྟོས། དེ་མིན་ཅིག་ཅིག་ཉིག་ཉིག་བཤད་ནའང་དེ་ཙམ་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme