Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་ཁམས་ཆུ་སྒང་རྒྱལ་ཡོངས་འོས་བསྡུའི་དངོས་གཞིའི་ལས་རིམ་འགོ་བཙུགས་པ།

Posted on 2014-04-112014-04-12 By ཁ་བརྡ་ 4 Comments on མདོ་ཁམས་ཆུ་སྒང་རྒྱལ་ཡོངས་འོས་བསྡུའི་དངོས་གཞིའི་ལས་རིམ་འགོ་བཙུགས་པ།

གནས་ཚུལ་གཏོང་མཁན། ཁྱུངཿསྨོན་ལམ།

༄༅།།ཕྱི་ལོ་༢༠༡༣ ཟླ་༧ ཚེས་༦ ནས་བཟུང་མདོ་ཁམས་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་སྐབས་༥ པས་འགན་ཁུར་གྱིས་ཆུ་སྒང་དབུས་རྒྱུན་སྐབས་༢༠ པའི་འོས་བསྡུའི་ལས་རིམ་ཁག་གཏན་འབེབས་དང་། ས་གནས་འོས་བསྡུ་ཚོགས་ཆུང་གསར་འཛུགས་སོགས་བྱས་ཏེ་༢༠༡༤ ཟླ་༢ ཚེས་༡༥ ཉིན་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་ཡོངས་ནས་རྒྱལ་ཡོངས་སྔོན་འགྲོའི་འོས་བསྡུ་ལེགས་གྲུབ་ཀྱིས་༢༠༡༤ ཟླ་༣ ཚེས་༢༤ ཉིན་འོས་ཐོན་མང་རིམ་རྩེ་བཏོག་སྔོན་འགྲོའི་འོས་དམིགས་མི་གྲངས་༤༠ ཐམ་པའི་མིང་གཞུང་ཁྱབ་བསྒྲགས་བྱས་ཁོངས་ནས་དགོངས་ཞུ་དང་། སྒྲིག་དོན་ཞིབ་འཇུག་དགོས་རིགས་སོགས་གྲུབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༡ ཉིན་ཆུ་སྒང་དབུས་འོས་བསྡུའི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་། ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། ཚོགས་མི་སྤྱི་འཐུས་འཇམ་དབྱངས་བཟོད་པ་བཅས་རྡ་སར་ལྷན་འཛོམས་ཀྱིས་མདོ་སྟོད་རྒྱ་ཆེའི་མི་མང་ནས་ཐད་ཀར་འོས་འདེམས་གནང་བཞིན་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་སྐབས་ ༢༠ པའི་འོས་གཞིའི་འོས་གཞི་མི་འགྲོ་ ༢༢ ཀྱི་མཚན་གཞུང་སོགས་ཕྱིར་བསྒྲགས་ཀྱིས་དངོས་གཞིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ ༢༠༡༤ ཟླ་ ༥ ཚེས་ ༣ རེས་གཟའ་སྤེན་པ་ཉིན་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་དང་འབྲེལ་མདོ་སྟོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ཀྱིས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་དེ་དངོས་གཞིའི་འོས་བསྡུའི་ལས་རིམ་ནང་ངེས་པར་ཞུགས་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

འོས་བསྡུའི་ཚོགས་མི། འབྲེལ་གཏུགས་ཁ་པར་ཨང་།

ཚོགས་གཙོ། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། 91-9816272440

ཚོགས་མི། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། 91-9816178505

ཚོགས་མི། སྤྱི་འཐུས་འཇམ་དབྱངས་བཟོད་པ། 91-9816217743

གློག་འཕྲིན་ཁ་བྱང། chugangw5@gmail.com

DSCN9571

དངོས་གཞིའི་འོས་མིའི་མཚན་ཐོ་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་གཟིགས།
Saldak

གསར་འགྱུར།

Post navigation

Previous Post: དྲ་བའི་ནང་ནས་རོལ་བའི་ཡིད་འོང་གི་གྲེ་འགྱུར།
Next Post: ཨ་མའི་བུ།

Comments (4) on “མདོ་ཁམས་ཆུ་སྒང་རྒྱལ་ཡོངས་འོས་བསྡུའི་དངོས་གཞིའི་ལས་རིམ་འགོ་བཙུགས་པ།”

  1. རྡོ་རྗེ། says:
    2014-04-11 at 11:25 pm

    ཡག་པོ་བྱུང་བའི་རེ་བ་ཡོད།

  2. ཚེ་རིང་ནས། says:
    2014-04-12 at 4:45 am

    ཆབ་སྲིད་ཚོགས་པར་བླ་མ་དང་། གྲྭ་པ་མི་ཡོང་བར་ཤོག

  3. ཤར་པ་ says:
    2014-04-12 at 5:42 am

    ༄༄། ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་ལོ་རྒྱུས་ཐོག་བྱེད་རྗེས་ཅན་དང་། རྒྱ་དམར་གཞུང་ནས་ཀྱང་ལོ་སྤྱོད་ཤོག་ཁག་ཟེར་ནས་སྡང་ཟུག་ཆེན་པོ་བྱེད་ཡུལ་ཞིག་ཡིན་པ་ལ། བར་ལམ་ནས་ཤོག་ཁ་གཉིས་བྱེ་ནས་རྒྱ་དམར་དགའ་བའི་གནས་་སུ་གྱུར་ན། འབྱུང་འགྱུར་གསར་རྙིང་གི་དབྱེ་བ་མེད་པར་ཚོགས་པ་ཡག་པོ་ཞིག་དང་། སྔར་རྒྱན་བཞིན་གོང་ས་མཆོག་དང་བོད་གཞུང་ལ་འཕྱར་བ་མཉམས་ལྡེབ་ཡོངས་བའི་རེ་བ་དང་སྨོན་འདུན་དང་། སེར་སྐྱ་ ཕོ་མོ་སུ་འདྲ་ཞིག་རྒྱུན་ལས་ལ་ཕེབས་ན་དགའ་བསུ་ལས་དེ་ལ་ཕོ་མོ་དང་ཆོས་ལུགས་སྐྱ་སེར་དབྱེ་འབྱེད་མེད་་པར་ཕེབས་རོག།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-04-14 at 9:38 pm

    ༄༄། ཆུ་བཞི་སྒང་དྲུག་གི་ཚོགས་པ་འདིའི་སྐོར་ལ།
    https://www.facebook.com/photo.php?v=10152318074911460&set=vb.824661459&type=2&theater

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme