Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདའ་གཞུ་ཁུར་བའི་དགེ་སློང་།

Posted on 2016-09-192016-09-19 By རེབ་གོང་བཀྲ་ཤིས། 11 Comments on མདའ་གཞུ་ཁུར་བའི་དགེ་སློང་།

བན་ཤུལ་དཔའ་མཁར་རྒྱལ། (འོས་སྦྱོར།)

ལྷ་ལུང་དཔལ་རྡོར་གྱི་མི་ཚེའི་བྱུང་བ་བརྗོད་པའི་སྐོར།

“ང་ལོ་གསུམ་གྱིས་བསད་པ་སྔས། ཡང་ན་ལོ་གསུམ་གྱིས་བསད་པ་ཕྱིས།” བཙན་པོའི་དཔའ་གཏམ།

ལྷ་ལུང་དཔལ་རྡོར་ནི་དུས་རབས་བརྒྱད་པའི་ལོ་རབས་བདུན་ཅུ་བ་ཙམ་དུ་འབྲོམ་སྟོད་གུར་མོ་ཆེར་༼༡༽སྐྱེས་ཤིང་། ཡུལ་དེ་ནི་དིང་སང་གི་སྟག་རྩེ་རྫོང་འབྲོམ་སྟོད་ཤང་སྙན་རོང་ཡུལ་གྱི་ཉེ་འདབས་སུ་གུར་པ༼༢༽ཞེས་པའི་ས་ཆར་ཡོད། ཁོང་གི་ལོ་ན་ཆུང་ངུའི་དུས་ཀྱི་སྐྱ་མིང་ལ་སྟག་ཉ་བཟང ༼༣༽ དུ་འབོད་ཅིང་གཙང་གི་གྲོ་ཤོད་སོགས་ལ་དབང་བསྒྱུར་ནས་དམག་དཔོན་བྱས་སྟབས་ཕྱིས་སུ་མཚན་ལའང་དཔོན་སྟག་ཉ་བཟང་ཞེས་ཐོགས་པ་ཞིག་རེད། རང་ལོ་བཅུ་བདུན་པར་སྤ་གྲོ་སྟག་ཚངས ༼༣༽ ཞེས་པའི་ས་ཆར་སྐབས་དེའི་བོད་ཁམས་སུ་གྲགས་ཆེ་བའི་རྒྱ་གར་གྱི་གསང་སྔགས་སློབ་དཔོན་ཆེན་མོ་པདྨ་སམ་བྷ་ཝ་ལ་མཇལ་ཁ་ཞུས་ཡོད། དེ་ནི་སྐབས་དེ་གའི་མཐོ་རིམ་མི་སྣ་དང་ཞང་བློན་སོགས་ཀྱིས་ངེས་པར་དུ་བརྒྱུད་པའི་གོ་རིམ་ཤིག་ཡིན་ནའང་སྟག་ཉ་བཟང་གིས་སྐབས་དེ་ག་རང་དུ་ཆོས་སོགས་ཞུས་པའི་གནས་ཚུལ་གང་ཡང་བྱུང་མེད་དོ།།

unnamedདེ་ནས་རང་ལོ་ཉི་ཤུའི་སྟོད་ཙམ་དུ་སླེབས་སྐབས་སུ་སྤྱི་ལོ༧༩༨ལོའི་རྒྱ་བོད་གཡུལ་འཁྲུག་ཆེན་མོའི ༼༤༽ འགོ་དངོས་སུ་བརྩམས་ཤིང་།བོད་ཁམས་སྤྱི་ནས་བློན་ཆེན་སྟག་སྒྲ་ཀླུ་གོང་སོགས་དྲག་གྲས་རྣམས་དམག་དཔོན་ལ་འདེམས་བསྐོ་གནང་དུས་སུ་དཔོན་སྟག་ཉ་བཟང་ཡང་དེའི་ཁོངས་སུ་ཚུད་དེ་དམག་འཐབ་ལ་ཞུགས་ཡོད། ཁོང་གིས་དཔའ་ངར་ཞུམ་མེད་སྒོ་ནས་རྒྱ་བོད་བྱེ་མའི་ཐོག་ཏུ་རྒྱའི་དམག་རྣམས་བཏུལ་བ་༼༥༽དང་རྒྱ་བོད་ས་མཚམས་བསྲུང་བའི་༼༦༽ལས་ལ་འབད་སྟབས་རིན་པོ་ཆེ་གཡུའི་གཡུང་དྲུང་གི་གོ་ཐོབ་༼༧༽ དང་སྟོང་སྡེ་ཡི་བྲན་ཁྱིམ་སོགས་ཀྱང་བྱ་དགར་བསྩལ་ཡོད།
ཡིན་ནའང་དུས་ཕྱིས་སུ་དཔོན་སྟག་ཉ་བཟང་ལ་དམག་རྒྱག་པའི་བསམ་བློ་དེ་རིམ་བཞིན་ཉམས་ནས་དམངས་བྱིངས་དང་འདྲ་བར་ཆོས་ཉམས་ལེན་བྱེད་པའི་ཕྱོགས་སུ་བསྐྱོད་འགོ་ཚུགས་ཡོད་ལ་ལན་གཅིག་སྟག་ཉ་བཟང་གི་རྨོག་གི་ཏོག་གཟུངས་སུ་ཡི་གེ་ཞིག་སྦས ༼༨༽ ཡོད་ཅིང་དེས་བོད་ཁམས་ཀྱི་སྐབས་དེ་གའི་མི་རྣམས་ཀྱི་བསམ་བློ་མཚོན་ཐུབ་ལ་ཡི་གེ་དེ་ནི། བྲ་ཉེ་ལ་ནི་གང་སྐྱེས་པ།། རྐང་མཐིལ་རྨེ་བ་དམར་པོ་ཅན།།ཤི་ནས་དམྱལ་བར་སྐྱེ་བར་འགྱུར།།༼༩༽ཞེས་འཁོད་པ་དེ་ཡིན།

ཡི་གེ་དེ་ནི་སྐབས་དེ་གའི་རྒྱ་གར་ནང་བའི་ཆོས་སྤེལ་བ་དག་གི་རིགས་ལམ་དང་བོད་ཀྱི་ཆོས་ལ་དགའ་ཞིང་སྟག་ཉ་བཟང་གི་གནས་ཚུལ་དངོས་ཤེས་པའི་ཆོས་བློན་དག་མཉམ་འབྲེལ་སྒོས་བོད་ཀྱི་འཇིག་རྟེན་པའི་མི་དྲག་རྣམས་ཆོས་ཕྱོགས་སུ་འགུགས་པའི་ཐབས་ལམ་ཤིག་ཡིན་ངེས་སོ་སྙམ་ཡང་ད་དུང་དཔྱད་གཞི། དེ་ནས་སྟག་ཉ་བཟང་གིས་སྐབས་དེ་གའི་ཆོས་ཀློག་མཁན་ཤིག་ལ་དེ་ཀློག་དུ་བཅུག་ནས་ཡི་གེ་དེར་གོ་བ་བླངས་ཤིང་རང་ལ་ཁྱད་ཆོས་དེ་ལྟར་ཚང་བ་ཤེས་ནས་སྤུན་གསུམ་གྱིས་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་ནོར་ལོངས་སྤྱོད་སོགས་ཕངས་མེད་དུ་དོར་ཏེ་རབ་ཏུ་བྱུང་འགོ་བརྩམས་ཡོད། སློབ་དཔོན་པདྨ་འབྱུང་གནས་ཀྱི་བཀའ་ཕབ་ནས་གདན་དྲངས་ཡོང་ཤིང་འཕགས་ཡུལ་ནུབ་ཕྱོགས་གླང་བོའི་ཚལ་ནས་ཡིན་པའི་སློབ་དཔོན་ཆེན་མོ་བི་མ་ལ་མི་ཏྲ་༼༡༠༽རབ་བྱུང་བའི་མཁན་པོ་བྱས་ནས་གཙུག་ཕུད་བཞེས་པ་དང་སློབ་དཔོན་པདྨ་འབྱུང་ནས་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ཏེ་སྟག་སྐྱ་བོའི་རབ་ཏུ་བྱུང་བའི་ཆོས་མིང་ལ་དཔལ་གྱི་རྡོ་རྗེ་ཞེས་འབོད་པ་དང་སྤུན་མཆེད་གཞན་གཉིས་ཀྱི་མིང་ལ་རབ་འབྱོར་དབང་བོ་དབྱངས་དང་དཔལ་གྱི་དབྱངས ༼༡༡༽ཞེས་བཏགས་ཡོད།

ཐོག་མར་གྲིབ་ཀྱི་དཀར་མོ་རོང་ནས་ཆོས་ལ་སློབ་སྦྱོང་བྱས་ནས་སྒོམ་སྒྲུབ་ཉམས་ལེན་གནང་བ་དང་ཕྱིས་སུ་སྐད་གྲགས་ཆེ་བའི་བསམ་ཡས་དགོན་པར་ཕེབས་ཏེ་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར༼༡༢༽རྩ་བའི་ཡོངས་འཛིན་དུ་བསྟེན་ནས་ནང་བའི་རིག་གཞུང་ལ་སློབ་གཉེར་གནང་སྟེ་རིམ་བཞིན་སྐབས་དེའི་བོད་ཁམས་ན་གྲགས་ཆེ་བའི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་གྲས་༼༡༣༽སུ་ཚུད་ཡོད། ཕྱིས་སུ་རིམ་བཞིན་སྙན་པའི་གྲགས་པ་ཆེར་རྒྱས་ནས་བསམ་ཡས་མཁན་རབས་དགུ་བར་༼༡༤༽ཕེབས་པ་དང་དགེ་སློང་དཔལ་གྱི་རྡོ་རྗེ་༼༡༥༽ཞེས་པའི་འཇའ་ས་གནང་བ་དེ་ཡང་དིང་སང་བྲག་ཡེར་བར་བཞུགས་ཡོད།
ཕལ་ཆེར་དགུང་ལོ་ལྔ་བཅུའི་༼༡༦༽སྟོད་ཙམ་དུ་བཙན་པོ་ལྷ་སྲས་དར་མའི་ནང་བློན་དབས་རྒྱལ་ཏོ་རེ་དང་ཕྱི་བློན་རྒྱལ་ཚ་ཁྲི་འབུམ་སོགས་ཀྱིས་ཆོས་ཁྲིམས་ལ་འགལ་བ་མང་དུ་བྱས་ནས་༼༡༧༽སྲིད་ལུགས་གསར་བསྒྱུར་གྱི་དབུ་བརྩམས་ཤིང་སྐབས་དེའི་རབ་བྱུང་བའི་གྲངས་ཀར་བཀག་སྡོམ༼༡༨༽མཛད་པས་བོད་རུ་བཞིའི་ཆོས་གྲྭ་ཀུན་ལ་བཤད་ཡམས་སྣ་ཚོགས་དར་བ་དང་ཁྱད་པར་དུ་སྐབས་དེའི་ཆོས་ཀྱི་ལྟེ་གནས་བསམ་ཡས་དགོན་པ་ཟང་ཟིང་ལང་ལོང་དུ་གྱུར་བའི་དུས་སུ་ལོ་ཙཱ་བ་སོགས་མཆོད་གནས་རྣམས་ཀྱིས་རྗེ་མངའ་བདག་རལ་བ་ཅན་གྱིས་ཆོས་དང་མཐུན་པར་མཛད་པ་འབངས་ཀྱི་སོ་ཚིལ་སོགས་ལ་འདི་ལྟར་ལགས་༼༡༩༽ཞེས་རྒྱལ་བོ་ལ་ཞི་བའི་སྒོ་ནས་ཆིངས་འགྲིག་ཡོང་བར་འབད་བརྩོན་གནང་ཡོད་ནའང་མཐའ་མར་བཙན་པོའི་ཆབ་སྲིད་ཀྱི་བཀའ་ལ་བཟློག་ཐབས་མེད་པ་ཤེས་ནས་རྒྱལ་བོ་བཀྲོངས་བའི་ཇུས་འགོད་ནི་སྣུབས་སངས་རྒྱས་ཡེ་ཤེས་༼༢༠༽སོགས་ཀྱིས་བྱས་ཤིང་དེའི་ལས་འགན་ནི་དགུང་ལོ་རྒན་ཡང་ཤེད་རྩལ་དང་དམག་ཇུས་ལ་མྱོང་བ་དངོས་ཡོད་པའི་བསམ་ཡས་མཁན་པོ་ལྷ་ལུང་དཔལ་རྡོར་གྱིས་དང་དུ་བླངས་ཏེ་རྒྱལ་པོ་བཀྲོངས་པ་རེད།

ཡིན་ནའང་རྒྱལ་རབས་ལོ་རྒྱུས་རྣམས་སུ་རྒྱལ་བོ་བཀྲོངས་བའི་གནས་ཚུལ་བྱུང་ཡོད་པ་དེར་ཡ་མཚར་བ་གང་ཡང་མེད་ཀྱང་བོད་རྒྱལ་བཀྲོངས་བའི་ཕྱིས་ཀྱི་བོད་ཁམས་ཀྱི་གནས་ཚུལ་ལ་བསམ་བློ་ཁྱོན་ནས་གཏོང་མ་ཐུབ་པའམ་དེའི་སྐོར་གྱི་འཆར་གཞི་གང་ཡང་མེད་པ་དེ་ནི་སྐབས་དེའི་རྒྱ་གར་དང་བོད་ཀྱི་སེར་མོ་བ་ཆབ་སྲིད་ལ་མིག་རྒྱང་ཐུངས་བ་དག་གིས་མཉམ་སྦྲེལ་བྱས་ནས་བཟོས་པའི་ལོ་རྒྱུས་ཀྱི་ནག་ཉེས་ཚབས་ཆེན་ཡིན་པ་མགྲིན་པ་གཟེངས་སུ་གཏོད་ནས་བཤད་ཆོག་པ་ཡིན། དེ་ནས་རྒྱལ་པོའི་མཐའ་འཁོར་གྱི་བློན་པོ་ནུས་མེད་དག་གིས་ལྷ་ལུང་དཔལ་རྡོར་གྱི་རྗེས་འདེད་བྱས་ཡོད་ནའང་ཁོང་ལ་སྔོན་ནས་བཟུང་དམག་རྩལ་སྦྱོང་བརྡར་དང་དེའི་ཉམས་མྱོང་ཡོད་ལ་ཁྱད་པར་དུ་རྒྱལ་པོ་བཀྲོངས་བར་འཆར་གཞི་ཡང་ངེས་ཅན་ཡོད་སྟབས་འཛིན་བཟུང་བྱེད་ཐུབ་མེད་པར་བྲག་ཡེར་བ་རུ་ཅུང་ཟད་ཡིབ་ནས་བསྡད་དེ་ཕྱིས་སུ་མདོ་སྨད་ཀྱི་ས་ཁོངས་ཏན་དིག་དུ་བྲོས་པའི་སྐོར་གསལ་ཡོད་ལ་རིམ་བཞིན་དགོན་ལུང་སོགས་སུ་ཕེབས་ནས་སྨད་འདུལ་སླར་གསོ་ལ་རམ་འདེགས་ཅུང་ཟད་བྱས་ཏེ་ཉིན་ཡིབ་མཚན་སྦས་སྒོས་བྲོས་བྱོལ་གྱི་འཚོ་བ་བསྐྱལ་ནས་སྐུ་ཚེ་ཡི་འཕེན་པ་རྫོགས་པར་མངོན་ནོ།།

དཔྱད་གཞིའི་ཡིག་ཆ་དང་མཆན།
༼༡༽《ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་བསྟན་པ་དར་རྒྱས་མ་བཞུགས་པ་ལགས་པས་གཟིགས་མཛོད་ཨང》བྲག་ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་གྱིས་མཛད་པ། དཔེ་རྙིང་ཕྱག་བྲིས་མ།ཤོག་ལྡེབ༡ན་གསལ།

༼༢༽《གྲོང་ཁྱེར་ལྷ་སའི་རིག་གནས་ལོ་རྒྱུས་དེབ་དང་པོ་སྟག་རྩེ་རྫོང》གྲོང་ཁྱེར་ལྷ་སའི་རིག་གནས་རྩོམ་སྒྲིག་ཁང་ནས་རྩོམ་འབྲི་བྱས། ༡༩༩༡ལོར་དཔར་བསྐྲུན་བྱས། ཤོག་ངོས༦༨ན་གསལ།

༼༣༽《བྲག་ཡེར་བའི་དཀར་ཆག་བླ་མ་ཟངས་རི་བས་ཡེར་པ་བསོས་པའི་སྤེའུ་སེར་ནས་ཐོན་པ་བཞུགས》བླ་མ་ཟངས་རི་བས་གཏེར་ནས་བཏོན། དཔེ་རྙིང་ཕྱག་བྲིས་མ། ཤོག་ལྡེབ༡ན་གསལ།

༼༤༽《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ཞེས་པ《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པར་བསྡུས་ཡོད།བོད་མིིང་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར་བ།༡༩༨༠ལོར་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་བསྐྲུན་བྱས། ཤོག་ངོས༤༠ན་གསལ།

༼༥༽ ༼༧༽《ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་བསྟན་པ་དར་རྒྱས་མ་བཞུགས་པ་ལགས་པས་གཟིགས་མཛོད་ཨང་》བྲག་ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་གྱིས་མཛད་པ། དཔེ་རྙིང་ཕྱག་བྲིས་མ། ཤོག་ལྡེབ༡ན་གསལ།

(བཙན་པོའི་རིག་གནས་ལས་དྲངས།)

དཔྱད་རྩོམ།

Post navigation

Previous Post: རྩེད་འགྲན་རུ་ཁག་རེར་དངུལ་མང་ཙམ་མ་བསྡུས་ག་མེད་རེད།
Next Post: བུ་མོ་འདི་ཡག་ག་ལ།

Comments (11) on “མདའ་གཞུ་ཁུར་བའི་དགེ་སློང་།”

  1. ཀརྡོ་རབ་འབྱམསཔ་ says:
    2016-09-19 at 2:54 pm

    ་་་་་་་་་ མཐའ་མར་བཙན་པོའི་ཆབ་སྲིད་ཀྱི་བཀའ་ལ་བཟློག་ཐབས་མེད་པ་ཤེས་ནས་རྒྱལ་བོ་བཀྲོངས་བའི་ཇུས་འགོད་ནི་སྣུབས་སངས་རྒྱས་ཡེ་ཤེས་༼༢༠༽སོགས་ཀྱིས་བྱས་ཤིང་དེའི་ལས་འགན་ནི་དགུང་ལོ་རྒན་ཡང་ཤེད་རྩལ་དང་དམག་ཇུས་ལ་མྱོང་བ་དངོས་ཡོད་པའི་བསམ་ཡས་མཁན་པོ་ལྷ་ལུང་དཔལ་རྡོར་གྱིས་དང་དུ་བླངས་ཏེ་རྒྱལ་པོ་བཀྲོངས་པ་རེད། ་་་་་་་་་

  2. ཀརྡོ་རབ་འབྱམསཔ་ says:
    2016-09-19 at 4:03 pm

    ཆོས་རྒྱལ་ཁྲི་རལ་དང་། ཁོང་གི་གཅེན་པོ་དར་མ་གཉིས་ཀ་གསོད་མཁན་བོད་མི་དེ་ཚོ་སུ་དང་སུ་རེད་དམ། ལགས།

  3. ཀརྡོ་རབ་འབྱམསཔ་ says:
    2016-09-19 at 4:06 pm

    ཁྲི་རལ་བཀྲོང་མཁན། གླང་དར་བསྒྲལ་མཁན་གཉིས་ཀ རང་གི་སྤུན་ཉེ་རེད་དམ། བློན་ཚོགས་རེད་དམ། འབངས་མི་སེར་རེད། ལགས། བན་ཤུལ་ལགས།། །།

  4. ཀརྡོ་རབ་འབྱམསཔ་ says:
    2016-09-20 at 2:17 am

    ཁང་དཀར་ཚུལ་ཁྲིམས་ཀྱིས། དཔལ་རྡོར་ལོ་རྒན་བརྒྱད་ཅུ་ལྷག་ཟིནད་ཙང་གླང་དར་བཀྲོང་མི་ཐུབ་ཟེར་བ་དེ། རྫུན་རྐུབ་འདི་ནས་བཏོན་འདུག་གདའ། ཧཧཧཧ། །

  5. ཀརྡོ་རབ་འབྱམས་པ་ says:
    2016-09-20 at 9:37 am

    རྒྱལ་བརྒྱུད་བདུད་ཀྱི་སྤྲུལ་པ་འོངས། །
    གླང་འདྲའི་རྒྱལ་སྲས་དར་མ་སྐྱེས། །
    འུ་ཐུག་དགེ་སློང་དཔལ་རྡོར་ཁོང་། །
    ངར་དང་མ་ངར་ཀ་མེད་ཆགས། །

  6. ཅོ་རི་ཉི་མ། says:
    2016-09-20 at 4:10 pm

    ཨེ་་་ཀརྡོ་་ང་ཚོའི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་མཆོག་དར་མ་ལ་བདུད་འབོད་དང་གླང་འབོད་འདྲ་བྱེད་མདོག་མདོག་བྱས་བསྡད་ན་ཁའི་ནང་གི་སོ་བདག་པོ་མི་ཐུབ་པའི་དུས་ཚོད་སླེབས་འོང་སྲིད་པ་རེད་ད། རྣམ་དཔྱོད་ཅན་གྱི་རྒྱལ་མཆོག་ཁོང་གིས་བོད་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་མི་ལྷུང་བའི་ཆེད་དུ་ལས་དོན་བསྒྲུབ་སྐབས་སྲོག་ཤོར་སོང་་བ་རེད་ད་་་་་སྤྲང་ཕྲུག

  7. ཀརྡོ་རབ་འབྱམས་པ་ says:
    2016-09-20 at 11:50 pm

    ཡང་། ཅོ་ཅོ་རིས། ཁ་གདངས་སོང་། མ་རབས་པ་རང་བཙན་པ་ཡིན་མདོག་མདོག རྒྱ་གཞུང་མིག་ལོག་ཙམ་ཡང་ལྟ་མི་ནུས་པར། ཁྱོད་གསར་འབྱོར་བ་བཙན་བྱོལ་སྤྱི་ཚོགས་འདི་དཀྲུགས་ནས་སྡོད་ཨ།

  8. ཀློང་ཆུང་ says:
    2016-09-21 at 12:42 am

    གླང་དར་བསད་ནས་ད་ལྟ་ང་ཚོ་ཁ་བརྡ་ཙམ་མ་གཏོགས་འགྲོ་ས་མེད་པ་ཆགས་ཡོད། དུས་སང་ནས་ཁ་བརྡ་ཡང་སྒོ་འབྱེད་ཐུབ་མིན་ཤོད་མི་ཐུབ། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དྲ་རྒྱའི་གཞི་གྲངས་དེ་ཨ་རིས་རྒྱལ་སྤྱིའི་ཚོགས་པར་རྩིས་སྤྱོད་བྱེད་དགོས་ཟེར། ཨ་རིས་འདི་ཁས་ལེན་བྱས་ཟིན།

    དེའི་འབྲས་བུར་བོད་ཡིག་གི་གཞི་གྲངས་བཀོལ་སྤྱོད་ཐོབ་ཐང་རྒྱ་ནག་ལ་ཡོད། དེར་བརྟེན་ང་ཚོར་དཀའ་ངལ་མང་པོ་འཕྲད་སྲིད།

    ད་སྔོན་ལ་ཁྱོད་ཚོ་གླང་དར་བསྐོར་ལ་རྩོད། རྗེས་ལ་ཡིན་ད།

  9. ཀརྡོ་རབ་འབྱམས་པ་ says:
    2016-09-21 at 1:09 am

    ཁ་བརྡ་འདི་སྒེར་པའི་དྲ་ཚིགས་ཅིག་རེད། འདི་ལ་བརྟེན་ནས་རྣམ་དཔྱོད་པ་འགའ་ཞིག་གིས། མིང་དང་དངུལ་ཡང་བཟོ་བཞིན་ཡོད་རེད། འདི་གླང་དར་དང་། རྒྱ་གཞུང་སུས་སྒོ་བརྒྱབས་ན་ཡང་འགྱོད་པ་མེད། ཁ་བརྡ་ལ་བརྟེན་ནས་ང་རང་གིས་ཐུབ་པའི་ལས་ཀ་དེ་ནི་བྱས་ཚར།

  10. BONPO says:
    2016-09-22 at 12:11 am

    རྒད་པོ་འདི་ལོ་༡༠༢་ཡིན་ལབ་འདུག འདིས་མདའ་ཞིག་འཕང་ན་ཏན་ཏན་མི་གསོད་ས་རེད་དམ། མ་གཞི་ནས་རྒད་པོ་འདི་ལོ་བརྒྱ་བཅུའི་སྐབས་ད་དུང་ཕོ་རྒོད་ཅིག་ཡིན་བསམ་བསམ་འདྲ་ཡོད་ལེ་གདའ།
    https://www.youtube.com/watch?v=EaHJDcYHlBE
    ད་དུང་རྒྱ་ནག་གི་གསར་འགྱུར་ནང་ཚན་རིག་པས་དཔྱད་འབྲས་འདི་འདྲ་ཞིག་ཀྱང་བཀོད་འདུག བོད་མི་ཚོ་ཚེ་ཐག་རིང་ལེ་འདྲ་ཡོད་ས་རེད་ད།
    http://news.xinhuanet.com/english/2016-09/21/c_135703317.htm

  11. ཀརྡོ་རབ་འབྱམས་པ་ says:
    2016-09-22 at 1:10 am

    ཆོས་རྒྱལ་ཁྲི་རལ་པ་ཅན་ལ། སྲས་མེད་དགོས་དོན་ག་རེ་ཡིན་ནམ། འདི་ཡང་དྭོགས་པ་ཟ་དགོས་ངེས་ཅིག་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme