Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདང་ནོད་་ཁྲོང་ཕུ་(Donald Trump)ལས་ཨ་ཚོགས་ཀླུ་མཁར་བྱམས་དྲན་པ།

Posted on 2016-02-272016-02-27 By ཁ་བརྡ 17 Comments on མདང་ནོད་་ཁྲོང་ཕུ་(Donald Trump)ལས་ཨ་ཚོགས་ཀླུ་མཁར་བྱམས་དྲན་པ།

unnamed-1——ཅོག་མྱི།
 
ད་ལྟ་ཨ་རི་ན་ཆེས་ཚ་ཚ་འུར་འུར་གླེང་བཞིན་པའི་ཆབ་སྲིད་པ་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ལོས་ལངས་བ་མདང་ནོད་་ཁྲོང་ཕུ་ཞེས་བྱ་བའི་གཉེར་རྒན་དེ་ཡིན། ཚང་མས་ཉམས་བཞག་ཡོད་མེད་མ་ཤེས་མོད། ཁོང་གི་འཆད་རྩོད་སྤྱོད་གསུམ་ལས་ངས་འོ་སྐོལ་གྱི་སྲིད་སྐྱོང་འོས་མིར་ལངས་མྱོང་བའི་ཨ་ཚོགས་ཀླུ་མཁར་བྱམས་དྲན་སོང་། དགྲ་དང་ཕྱི་སྲིད་དང་རུ་ཡོང་བ་སོགས་ཀྱི་སྲིད་བྱུས་ལ་ལྟ་བ་ངན་རེངས་མཁྲེགས་གསུམ་འཆིང་བའི་མདང་ནོད་་ཁྲོང་ཕུས་གལ་སྲིད་ཁོ་སྲིད་འཛིན་གྱི་བཙན་ས་ཟིན་ན་༼ཕག་པ་ཡི་ཁྲག་བསྐུས་བའི་མེ་མདའ་ཡིས་ཁ་ཆེ་གཉའ་རེངས་བ་ཚོ་གསོད་རྒྱུ་ཡིན།༽༼ཨ་རི་དང་མག་སེ་ཁོ་བར་ནས་ལྕགས་རི་རིང་བོ་ཞིག་ལས་ནས་ལས་གླ་མག་ཁེ་སེའི་ཁོ་རྒྱལ་ཁབ་ནས་ལེན་རྒྱུ་ཡིན།༽༼ཁ་ཆེའི་བཙོན་པ་རྣམས་ལ་དམྱལ་བ་ལས་ལྷག་པའི་མནར་གཅོད་བྱ་རྒྱུ༽སོགས་རང་ག་བའི་ཆབ་སྲིད་པའི་བསམ་བློ་དང་སྲོལ་རྒྱུན་ཆབ་སྲིད་ཚངས་ཐིགས་ལས་འདས་བའི་གཏམ་བཤད་སྤེལ་ཡོད་པ་མ་ཟད་ཁོང་གིས་༼ད་ལྟའི་ཨ་རི་སྲིད་འཛིན་ནི་ཁྲིམས་མཐུན་གྱི་ཨ་རི་བ་ཞིག་མིན་པ་དང་གླེན་པ་ལུག་འདྲ་བ་ཞིག་རེད།༽སོགས་ཨ་རིའི་སྲིད་འཛིན་ལ་མཚང་འབྲུ་བའི་སྐད་ཆའང་མང་བོ་བཤད་ཡོད།

ཁོང་གི་གཏམ་བཤད་འདི་དག་གིས་ཆབ་སྲིད་ཁེ་ཕན་ཚོགས་པ་སྟེ་གྲོས་ཚོགས་གཙོ་བྱས་བའི་ཚོགས་པ་དང་ཚོགས་མི་མང་བོར་ཕོག་ཐུག་ཐེབས་ཡོད་པ་མ་ཟད་ཁོང་གི་ཆབ་སྲིད་ཚོགས་པ་སྟེ་སྤྱི་མཐུན་ཚོགས་པའི་ཁེ་ཕན་དང་སྙན་གྲགས་ལའང་ཤིན་ཏུ་ནས་མི་ཕན་པའི་གནོད་པ་ཚབས་ཆེན་བཟོས་བས་ཨ་རི་སྲིད་འཛིན་དང་སྤྱི་མཐུན་ཚོགས་པའི་འགན་འཛིན་སོགས་ཀྱིས་ཁོང་ནི་སྲིད་འཛིན་འོས་མིར་མི་འོས་བའི་གཏམ་བཤད་མང་བོ་སྤེལ་ཡོད་ལ་ཡེ་ཤུ་བླ་རྒན་ཕ་ཕ་ནས་ཀྱང་ཁོང་ལ་དགག་ལན་བརྒྱབ་ཡོད།
ཡིན་ནའང་ཟླ་འདི་དག་གི་འགྲན་བསྡུར་ལས་མདང་ནོད་་ཁྲོང་ཕུ་ནི་གཞན་གྱིས་དོ་ཟླར་མི་ཕོད་པའི་འོས་མིར་གྱུར། དབང་བསྒྱུར་ཚོགས་པ་དང་ཁེ་ཕན་ཚོགས་པ་དག་གིས་ཡོངས་སུ་བཟུང་ཡོད་པའི་ཨ་རིའི་ཆབ་སྲིད་ཀྱི་དཀྱིལ་འཁོར་ལ་བཙན་ས་གཞན་ཞིག་ནས་འགྲན་ཡ་བྱེད་ཐུབ་པ་ཁོ་མ་གཏོགས་གཞན་མེད་པ་དེ་ཡོངས་སུ་མཐོང་ནས་ཨ་རི་མང་ཚོགས་ཀྱིས་ཁོང་གི་རིན་ཐང་ངོས་ཟིན་ཏེ་གཅེས་ཤིང་སྤྲས་བའི་སྔོན་འགྲོའི་འོས་ཤོག་ཁོ་ལ་བླུག་པ་མ་ཡིན་ནམ།

ཆབ་སྲིད་པས་ཁེ་ཕན་དང་དབང་དྲག་གི་དབང་གིས་ཕྱོགས་ཞེན་བྱེད་མོད་མང་ཚོགས་ནི་དེ་དག་གི་རྗེས་སུ་ཆུ་སྣ་གར་ཁྲིད་མི་བྱེད་པ་དེ་ནི་ཨ་རིའི་མང་གཙོའི་ཆེས་རིན་ཐང་ལྡན་པའི་ཁྱད་ཆོས་ཡིན་པ་དང་ཨ་རིའི་མི་སེར་རེ་རེའི་༼ཐམས་ཅད་བདག་ལ་དགྲར་ལངས་ཀྱང་།། དེ་དག་གིས་ཀྱང་མནར་མེད་པའི།། མེ་ནང་འཁྲིད་ཅིང་འཇུག་མི་ནུས།༽ལྟ་བུའི་ཆོད་སེམས་ལས་ད་ལྟ་འཛམ་གླིང་ན་ཆེས་སྤུས་དག་པའི་མང་གཙོ་རྒྱལ་ཁབ་ཅིག་བསྐྲུན་པ་རེད།
འདི་འདྲ་བའི་སྤྱི་ཚོགས་ནང་དུ་བཤད་ཕོད་པའི་གང་ཟག་ནི་དེ་དག་གི་རྗེ་བོ་དང་མི་དབང་དང་ནོར་བུར་བཀུར་ནས་བདག་སྐྱོང་བྱེད་གིན་ཡོད། ཡིན་ནའང་ཕྱི་འཁོར་ནས་ང་ཚོ་བོད་པའི་བཙན་བྱོལ་མང་གཙོ་ལ་བལྟ་དུས། ཨ་ཚོགས་ཀླུ་མཁར་བྱམས་ལྟ་བུའི་སྨྲ་བའི་སེང་གེ་ཞིག་བཙན་བྱོལ་སྒྲིག་འཛུགས་ཀྱི་ཁེ་ཕན་དང་སྲིད་བྱུས། དེ་བཞིན་བཙན་བྱོལ་བའི་བརྟན་བརླིང་མ་ཡིན་པའི་གཤིས་ཀ་དང་རབ་ཏུ་མ་སྨིན་པའི་མང་གཙོ་ལྟ་བ་སོགས་ཀྱི་འཆིང་ཐག་གིས་དམ་ལ་བཏགས་ནས་ཆམ་ལ་ཕབ།

སྤྱིར་ན་ཁོ་བོས་ཁོང་གི་གཏམ་བཤད་ལ་ཉན་དུས་དྲང་བོ་དྲང་བཞག་དང་བག་ལ་མ་ཞ་བར་བཤད་པའི་སྐད་ཆ་ཏག་ཏག་ཡིན་སྙམ་པར་མ་ཟད། དགྲ་ངོར་ཐབས་ཀྱིས་མཆོང་ཐུབ་པའི་སྙིང་སྟོབས་ཀྱིས་ཁེངས་བའི་མཐའ་ཚིག་ཀྱང་ལོས་ཡིན་སྙམ། ང་ཚོར་གཏམ་སྐོར་ནས་བཤད་མཁན་གྱི་ཆབ་སྲིད་པ་མང་མེད་ན་ཉུང་མེད་པའི་ཚོད་རེད་ལ། རྣག་ཐོག་གཙག་འཁེལ་གྱི་སྐད་ཆ་བཤད་མཁན་ཉུང་མེད་ན་མང་མེད་པའི་ཚོད་རེད།
དེའི་ཕྱིར་ང་ཚོའི་དབང་དྲག་རྣམས་ཀྱིས་རྡ་ས་ནས་༧རྒྱལ་བའི་མཚན་འཁྱེར་ཏེ་མང་ཚོགས་ལ་འཇིགས་བསྐུལ་ནས་ཀླུ་མཁར་བྱམས་འགོག་དུས། གདན་ས་ཐམས་ཅད་ཀྱིས་ཀྱང་དེའི་རྗེས་སུ་འབྲངས་ཤིང་ཀླུ་མཁར་བྱམས་གཏོ་བཞིན་འཛེམས་ལ་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཀྱང་ཀླུ་མཁར་བྱམས་དང་སྡིང་ཆ་གཅིག་གི་སྟེང་ནས་སྐད་ཆ་བཤད་རྒྱུ་མིན་སོགས་ཡ་མ་བརླ་ཡི་སྐད་ཆ་ལབ་ཡོང་དུས། ང་ཚོའི་བཙན་བྱོལ་བ་བྱིངས་ཀྱི་རང་དབང་ལ་དགའ་བའི་ལྷག་བསམ་དང་སྙིང་སྟོབས་དེ་སྐད་ཅིག་ཉིད་དུ་མི་སྣང་བར་གྱུར་ཏེ་དབང་དྲག་གི་ཕྱོགས་སུ་གྱང་ཁའི་རྩྭ་བཞིན་བཀུག་སོང་།
འདི་འདྲའི་མང་ཚོགས་རྨིང་གཞི་བྱས་བའི་སྤྱི་ཚོགས་ཞིག་ལ་གཡོ་སྒྱུ་ཝ་མོ་ལྟ་བུའི་མི་བུ་ཆར་ཤུལ་གྱི་ཤ་མོ་བཞིན་བརྡོལ་ངེས་ལ་སྙིང་སྟོབས་དགུ་འགྱུར་ཅན་གྱི་སྲིན་པོ་གདོང་དམར་གྱི་རང་གཤིས་ཅན་གྱི་དཔའ་བོ་རྣམས་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་སྐེམས་འགྲོ་གི་ཡོད། དེའི་ཕྱིར་ངས་འདི་ནས་བཙན་བྱོལ་བོད་མིའི་མ་སྨིན་པའི་མང་གཙོ་གཤིས་རྒྱུད་ཀྱིས་སྤྱུགས་པའི་སྨྲ་བའི་སེང་གེ་ཞིག་ལ་རྗེས་དྲན་ཞུ་གི་ཡིན།

སྣ་ཚོགས།

Post navigation

Previous Post: སྲིད་སྐྱོང་མི་གླེང་། སྤྱི་འཐུས་མི་རྩོད།
Next Post: ལྷ་ཡུལ་གྱི་ཉེན་བརྡ།

Comments (17) on “མདང་ནོད་་ཁྲོང་ཕུ་(Donald Trump)ལས་ཨ་ཚོགས་ཀླུ་མཁར་བྱམས་དྲན་པ།”

  1. རིག་ལྡན། says:
    2016-02-27 at 9:23 am

    ཁྲོམ་གྱིས་བཤད་པ་ནི་ལག་ལེན་ཡིན་པ་དང་ཀླུ་ཡིས་བཤད་པ་ནི་ཁ་ཡི་ཝུ་བ་རེད། ལག་ལེན་དང་ཝུ་བ་མཚུངས་བསྡུར་བྱེད་མི་ཤེས་པའི་མི་ཚོ་ལ་འུར་འདྲོགས་རིང་ལུགས་པའམ་ཕུགས་མེད་རིང་ལུགས་པ་ཞེས་བརྗོད་ཆོག་པ་ཡིན།

  2. ཟླ་བ། says:
    2016-02-27 at 6:27 pm

    མི་འདིའི་རྩོམ་དེ་འདྲའི་ཀློག་ཁག་པ་ལ། དབྱིན་ཡིག་དག་བོད་བསྒྱུར་བྱས་པ་ལས། གཅིག་ཀྱང་བསྒྱུར་གཞི་དང་ཁད་ཉེ་མི་འདུག་དོན་ཅི། ད་དུང་ཨ་རིའི་འོས་མི་དང་བོད་མིའི་འོས་བསྡུ་བསྡུར་རྒྱུ་དང་། མང་གཙོ་འཆད་ཀྱིན་འདུག བོད་རྣམས་གླེན་པ་ལུག་དང་གཞན་དག་ལྷ་རུ་བཀུར་བའང་བོད་འདིའི་གཤིས་ཀ་ཡིན། ཁྱོད་ལ་ཁག་མེད།

  3. ཀརྨ་བློ་གསལ་ says:
    2016-02-28 at 12:03 am

    ངན་པ་མ་མཐོང་ན། བཟང་པོ་མི་དྲན་ཟེར་བའི་དཔེ་ལྟར། དབུ་ལམ་ཚོགས་པས་མི་སྒེར་གྱི་ཁེ་ཕན་ཆེད་དུ་ཁྱོད་ཤི་ང་གསོན་གྱི་ནང་འཁྲུག་རྒྱག་གིན་པའི་སྐབས་འདིར་ཨ་ཚོགས་ཀླུ་མཁར་བྱམས་དྲན་མཁན་བྱུང་པའང་བོད་ལ་ད་དུང་རེ་བ་ཆུང་ངུ་ཞིག་ལྷག་ཡོད་པའི་རྟགས་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 1:19 am

    ཨ་རིའི་ཁྱི་སྨྱོན་ ཌེ་ནོལ ཊོམ་ དང་། བོད་པའི་ཁྱི་སྨྱོན་ ཨ་ཚོགས་ གཉིས་ཀྱི་ སྐོར་ལ་ཨེ། ཡ་ཡ། ག་ལེར་ལྟ་ཆོག

  5. ༄།།སྟར་བུ་དམར་བོ། says:
    2016-02-28 at 4:37 am

    མདང་ནོད་ཁྲོང་ཕུ་ཡིས། འཐབ་ཡ་དང་ཁ་གཏད་འཛིན་ས་དགྲ་རེད། རང་ཉིད་ཀྱི་དགྲ་ངོ་མ་དེ་རེད། རང་ཉིད་དང་རང་མི་རིགས། རང་རྒྱལ་ཁབ་བཅས་ཀྱི་དགྲ་གཉེན་དངོས་དེ་སུ་ཡིན་ཤེས་ཤིང་ངོས་ཟིན་ནས་བཤད་པ་རེད། དེའི་ཕྱིར། ངས་ཁོ་ལ་དཔའ་བོ་དང་རླབས་ཆེན་རེད་ཟེར་ན་འདོད། ཀླུ་བྱམས་ཀྱིས་འཐབ་ཡ་དང་ཁ་གཏད་འཛིན་ས་གཉེན་རེད། རང་གི་གཞུང་རེད། རང་གི་དབུ་ཁྲིད་རེད། ཨ་མ་དང་འདྲེ་མོ་གོ་ནོར་ཐེབས་ཡོད་པ་རེད། འཇིག་རྟེན་གཏམ་དཔེར། ཕུ་ནུ་ནང་འཛིང་བྱས་ན་ཁྲེལ་མེད་རྒྱལ། ཟེར་བ་ལྟར་ཀླུ་བྱམས་ཁ་ནང་བལྟས་ལ་དཔའ་བ་ཞིག་རེད། དེ་བཞིན་དུ། ཨ་མ་དང་འདྲེ་མོ་གཉིས་གོ་ནོར་ཐེབས་པའི་ཀླུ་བྱམས་རྗེས་འབྲངས་མི་ཉུང་གི་ཡ། བོད་འདི་ལ་རེ་བ་ཆུང་ས་རེད།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 6:07 am

    ཌེ་ནོལ ཊོམ་ གྱིས།
    https://www.facebook.com/GavinNewsom/videos/10154037127588117/

  7. བསྟན་རྣམ། says:
    2016-02-28 at 11:15 pm

    མི་འདི་ཡང་ཀླད་མེད་ཁོ་ཐག་ཟིག་རེད། ཌེ་ནོལ་ ཊོམ་ཕུ་འུར་རྒྱག་རྒྱུར་དགའ་བ་ངོ་མ་རེད། ཡིན་ནའང་ཁོང་གིས་མེག་སི་ཁོ་ས་མཚམས་ཡོངས་རྫོགས་ལ་རྫིགས་པ་རྒྱག་ཐུབ་ཀྱི་རེད་དམ། ད་རུང་དེའི་འགྲོ་གྲོན་མེག་སི་ཁོ་ནས་ལེན་ཐུབ་ཀྱི་རེད་དམ། བསམ་བློ་ཐོངས། ཁོས་ག་རེ་བྱས་ནས་དེ་ལྟར་བཤད་ཀྱི་ཡོད་མེད་ལ་བསམ་བློ་བཏང་ཨེ་མྱོང་། ཕལ་ཆེར་མྱོང་ཡོད་རྒྱུ་མ་རེད། ཁྱོས་རྩོམ་ཡིག་བྲིས་སྟངས་ནས་ཧ་གོ་སོང་། དེ་ལྟར་ཡིན་ནང་ཌེ་ནོལ་ཊོན་ཕུ་དེ་ཁ་ཕོ་ཆེ་ཡང་རང་ཉིད་ལ་འཇོན་ཐང་ཧ་ལས་བ་ཞིག་ཡོད་རེད། ཁོང་འཛམ་གླིང་སྟེང་གི་ཚོང་བ་དང་འཆར་ཞིབ་པ་སྐད་གྲགས་ཡོད་མཁན་ཞིག་རེད། དེས་ན་ཀླུ་མཁར་བྱམས་ལ་ག་རེེ་ཡོད་པ་རེད་དམ། འཇོན་ཐང་ཡོད་པ་རེད་དམ། སློབ་སྦྱོང་ཡོད་པ་རེད་དམ། ཀླུ་མཁར་བྱམས་ལ་ཁ་ཕོ་གཅིག་པུ་མ་གཏོགས་གང་ཡང་ཡོད་མ་རེད། མདོར་བསྡུས་ན་ཁ་ཕོ་ལག་རྡུམ་ཞིག་རེད། དེ་དང་ཌེ་ནོམ་་ཊོམ་ཕུ་བསྡུར་བ་ནི་ཡང་གང་ཡང་འཇོན་ཐང་མེད་མཁན་ཡི་གེ་བ་ཐབས་ཆག་ཟིག་ཡིན་པ་ཤེས་སོང་།

  8. སྤོབས་པ་མཐའ་ཡས། says:
    2016-02-28 at 11:54 pm

    ཁོ་སྲིད་འཛིན་ཏུ་གྱུར་ན་རྒྱ་ནག་ལ་བཟོ་ལྟ་སྤྲོད་གི་ཡིན་ཟེར།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-02-29 at 12:23 am

    ཊེལ་ཊོམ་ལ་ཐོབ་ན། ཁ་ཆེའི་ཁོང་ཁྲོས། ༩།༡༡དགུ་བཅུ་གཅིག་གཉིས་པ་ཅིག གང་མགྱོགས་འོངས་རྒྱུ་ངེས་པ་རེད་དོ།།

  10. ཅོག་མྱི། says:
    2016-11-09 at 9:20 pm

    ང་ཡི་མ་འོངས་ལུང་བསྟན་གྱི་རྩོམ་འདི་ལ་ཅིག་ལྟོས།

  11. ཅོག་མྱི། says:
    2016-11-09 at 9:23 pm

    ཆབ་སྲིད་ལ་རྒྱང་བལྟ་བྱེད་ན་འདི་འདྲའི་མིག་རྒྱང་དགོས་བ་རེད། མིག་རྒྱང་དང་ཆོད་སེམས། ང་རྒྱལ་མེད་པར་ཁྱེད་བཟང་ང་བཟང་བྱས་ནས་བསྡ་ན་ཡོང་རྒྱུ་ཅི་ཡང་མེད།

  12. ཅོག་མྱི། says:
    2016-11-09 at 9:28 pm

    ས་སྟེང་ས་འོག་ས་བླ་ན།
    ཡོན་ཏན་ཅན་ནི་མང་ན་ཡང་།
    དེ་དག་ཡོན་ཏན་ཙམ་དུ་ཟད།
    ཐམས་ཅད་མཁྱེན་པ་ཤིན་ཏུ་ཉུང་།

    རྟག་པར་ཁ་བརྡ་གཞི་བྱས་ནས།
    ངག་འཆལ་སྨྲ་བའི་དྲ་འབུ་དག
    དུས་ཚོད་ཆུད་ཟོས་མི་བྱེད་པར།
    མཐོང་རྒྱ་ཡོད་པའི་སྐད་ཆ་ཤོད།

  13. ཨ་འབར་འཇིགས་དབང། says:
    2016-11-09 at 10:30 pm

    ༅༅།་དྲོ་ནལ་དྲོམ་ཨ་རིའི་སྲིད་ལ་བདམས་ཐོན་བྱུང་ཡང་ཁོས་སྔོན་དུ་བཤད་པ་བཞིན་་་གང་ཡང་བྱེད་
    མི་ཐུབ། མེག་སོ་ཀོ་དང་ཨ་རིའི་བར་བརྩིགས་པ་རྒྱག་གི་ཡིན་བརྗོད་པའང་འཇོན་གྱི་མ་རེད།
    རྒྱ་ནག་གིས་ཨ་རི་ལ་མདོ་བསྐོར་བཏང་ནས་ཚོང་བརྒྱབ་པ་དེ་བཀག་རྒྱུ་ཡིན་བརྗོད་པའང་མི་ཡོང།
    ཁ་གང་བཏང་ཡང་དངོས་སུ་གང་ཡང་མི་འཇོན་པ་ཤེས་གསལ་རེད།
    འོས་ཐོབ་རྒྱུའི་ཆེད་ཀླུ་མཁར་བྱམས་ལྟ་བུ་འུར་བཤད་པ་རང་རེད་མ་གཏོགས་གང་ཡང་མི་ཡོང།
    ཡང་ན་ཤེས་ཡོན་མེད། ཡང་ན་དཔལ་འབྱོར་མེད།
    འུར་གཏམ་ཤ་སྟག་བཤད་ན། སུ་དང་གང་གི་མི་ཉན།

  14. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:44 am

    ་་་་་་་་་ འོས་ཐོབ་རྒྱུའི་ཆེད་ཀླུ་མཁར་བྱམས་ལྟ་བུ་འུར་བཤད་པ་རང་རེད་མ་གཏོགས་གང་ཡང་མི་ཡོང། ་་་་་་
    འདི་འདྲ་ཞིག་ངའི་བློ་ལ་ཡང་འཁྱུག་ཙམ་ཤར་བྱུང་། ད་ཨ་རིའི་མི་སེར་ལེན་མཁན་བོད་མི་ཚོ། ཊོམ་འདྲ་བོའི་མངའ་འོག་ལ་སྡོད་དགོས་དུས། ང་ཡིན་ན་ངོ་ཚ་བ་་་་་་་ ཧཧཧཧ།། །།

  15. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:45 am

    #4 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    February 28th, 2016 at 1:19 am
    ཨ་རིའི་ཁྱི་སྨྱོན་ ཌེ་ནོལ ཊོམ་ དང་། བོད་པའི་ཁྱི་སྨྱོན་ ཨ་ཚོགས་ གཉིས་ཀྱི་ སྐོར་ལ་ཨེ། ཡ་ཡ། ག་ལེར་ལྟ་ཆོག

  16. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:46 am

    ང་ཚོའི་ཨ་ཚོགས་ཀྱིས་ཀྱིས་ཀྱང་། འོས་གང་འཚམས་བླངས་ཡོད་རེད་གདའ། ཧཧཧཧཧཧཧཧཧ།།

  17. ཅོག་མྱི། says:
    2016-11-10 at 10:03 pm

    ཨ་རི་སྲིད་འཛིན་གསར་བ་ལ་འཚམ་འདྲི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme