Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདང་ནུབ།

Posted on 2013-08-15 By ཡེ་ཤེས་ 12 Comments on མདང་ནུབ།


ཀླུ་སྨྱོན།

མདང་ནུབ་ང་སྟེས་དབང་མིན་པར་སངས་རྒྱས་སོང་།
ཉོན་མོངས་ཅི་ཡང་མ་སྤངས་པར།
སྡིག་པ་ཅི་ཡང་མ་བྱས་པར་སངས་རྒྱས་སོང་།
ཕྲག་དོག་དང་མི་ཁའི་ཁྲོད།
འཕྱ་སྨོད་དང་སྡང་མིག་གི་ཀློང་ནས་སངས་རྒྱས་སོང་།
དེ་ནི་སངས་རྒྱ་འདོད་ཡོད་པ་མིན་པར།
མི་འདོད་བཞིན་དུ་སངས་རྒྱས་པ་ཞིག་རེད།
རྒྱུ་མཚན་དེའི་དབང་གིས།
ངའི་ཆོས་གསུང་ས་ཡང་འགྲོ་བ་སེམས་ཅན་མ་ཡིན་པར།
ནམ་མཁའ་དང་རི་ཚོགས།
རྒྱ་མཚོ་དང་གཙང་པོ་རེད།
སངས་རྒྱས་མ་ཐག་ངས་འཁྲིག་པ་སྤྱད་པ་ཡིན།
དེ་ལ་བདེ་སྟོང་ཟུང་འཇུག་ཅེས་བཏགས་ཆོག
སངས་རྒྱས་མ་ཐག་ངས་ཤ་ཆང་ལ་རོལ་པ་ཡིན།
དེ་ལ་ཚོགས་ཀྱི་འཁོར་ལོ་ཞེས་འབོད་ཆོག
སངས་རྒྱས་མ་ཐག་ང་གཅེར་བུར་བུད་པ་ཡིན།
དེ་ལ་ཡང་བརྟུལ་ཞུགས་སྤྱོད་པ་ཞེས་བསྙད་འོས།
ང་སངས་རྒྱས་པར་ཁྱེད་ཅག་གིས་དགའ་བསུ་ཞུ་འོས།
རྒྱུ་མཚན་ནི་ཁྱེད་ཚོ་ནམ་མཁའ་དང་རྒྱ་མཚོའི་བུ་ཕྲུག་ཡིན་པས་སོ།

སྙན་ངག

Post navigation

Previous Post: རོ་ཝལ་བོད་ཆེད་ཐེབས་རྩའི་༢༠༡༣དང་༢༠༡༤ལོའི་མ་དངུལ་གསལ་བསྒྲགས།
Next Post: ཚོར་སྣང་གིས་བཟི་བའི་ཀ་ཕྲེང་།

Comments (12) on “མདང་ནུབ།”

  1. ཅོག་མྱི། says:
    2013-08-15 at 11:45 pm

    ཁྱེད་ཀྱིས་དྲུང་པའི་རྗེས་འབྲངས་ནས།
    གསང་བ་ཡང་གསང་ཆོས་ཀྱི་ཆར།
    ཨ་རི་གཤིན་སར་ལེགས་དྲངས་ཤིང་།
    ཁམས་དང་བསྟུན་ནས་སྐྱོང་འདི་རྨད།

    བདེ་གཤེགས་སྙིང་བོ་ཁྱེད་ལའང་བདོག
    རྫོགས་པར་སངས་རྒྱས་ཅིར་མི་སྲིད།
    ཕོ་མོའི་མཚན་མའི་སྦུབས་ནང་ནས།
    རིག་པ་གྲོལ་བའི་ཀླུ་ལ་འདུད།

  2. ཨོ་རྒྱན་ཉི་མ། says:
    2013-08-16 at 12:06 am

    དབྱིན་ཇི་འཚམས་པ་ཞིག་གིས་རྡོ་རྗེ་ཕག་མོ་ལ་ཆགས་པ་རང་མཚན་པ་སྐྱེས་ཏེ། ཁུ་བ་ཤོར་སོང་དུས་བདེ་གསལ་མི་རྟོགས་པའི་ཉམས་སྐྱེས་སོང་ཞེས་བཤད་ཀྱིན་འདུག་ཟེར། དེ་འདྲ་བོ་རེད་པས། ཧཧཧ

  3. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-08-16 at 12:07 am

    རི་མོ་འདི་ཐེ་ཝེན་གྱི་ཆོས་ཚོགས་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་ཁ་གཏོང་ཆེད་བྲིས་པ་ཞིག་རེད།་
    གཟབ་གཟབ་གནང་རོགས།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-08-16 at 3:08 am

    ཀླུ་སྨྱོན་ལས། བསམ་སྒྲོལ་མཐོང་རྒྱ་ཆེ་བ་ཡོད་ས་རེད།

  5. ལུང་རྟོགས། says:
    2013-08-16 at 4:16 am

    མདང་ནུས་སངས་རྒྱས་ཡོད་མེད་མི་ཤེས་ཏེ། སྡོམ་པ་ཤོར་སོང་བ་ཡིན་ཐང་།

  6. གནམ says:
    2013-08-16 at 5:08 am

    པད་མའི་འདབ་སྟེང་གི་ཆགས་སྦྱོར་འདིས་ཡང་ཨ་ཁུའི་རྨྱི་ལམ་ཧྲགས་འདུག་གི་ཨ། ད་མི་བལ་ནི་རེད། ཨ་ཁུ་ཀླུ་སྨྱོན་འདྲ་བོའི་ནང་བསྟན་ཆོས་ལུགས་པ་ལ་ཟུར་ཟའི་རི་མོ་ཞིག་ཡིན་པ་གསལ་ཐང་རེད།

  7. lobsang199 says:
    2013-08-16 at 8:00 am

    ད་ནུབ་སངས་རྒྱས། ད་རིང་ཚོགས་བསགས་། ས་ཉིན་གང་དུ་འགྲོ་རྒྱུ་ཡིན་ནམ་ཧཧ
    སྐུ་མཁྱེན་རྡོ་རྗེ་མྱལ་བ་མ་འགྲོ་རོག།

  8. བཀྲ་ཤིས་དོན་འགྲུབ། says:
    2013-08-16 at 11:16 am

    རི་མོ་འདི་བོད་བརྒྱུད་ནང་བསྟན་ལ་ཁ་གཏོང་ཆེད་དུ་བྲིས་པ་ཡིན་རུང་མིན་རུང་། བོད་བརྒྱུད་ནང་བསྟན་གྱི་སྙིང་པོ་མཚོན་ཐུབ་པའི་རི་མོ་ཞིག་ཡིན་པ་གསལ་པོ་རེད་བཞག རི་མོ་འདི་དང་བསྡུར་ན་ཀུན་བཟང་ཡབ་ཡུམ་གྱི་རི་མོ་དེ་ཚོ་ཁ་དོག་གིས་དབེན་པ་ཤ་སྟག་རེད།

  9. གསར་བུ། says:
    2013-08-17 at 5:18 pm

    ཀརྡོ་ཉེར་ཕྱོགས་པ་ཟེར་བ་འདིས་ནམ་ཉི་ཤར་ལ་གནད་དོན་གལ་ཆེ་ཞིག་བཟུང་ཡོད་མདོག་གིས་གཞན་གྱི་སྐད་ཆ་བསྐྱར་བཀོད་རྐྱང་བྱེད་ནས་དུས་ཚོད་མང་པོ་ཞིག་དེ་ནས་ཚར་འགྲོ་གི གལ་ཏེ་ཁྱོད་ལ་བཙན་འཛུགས་མཁན་འདྲ་མེད་ན་སྐུ་མཁྱེན་སུན་སྣང་དེ་འདྲ་རྗེས་ཕྱོགས་མ་བཟོ་རོགས། ཁྱོད་ཀྱི་ཆེད་ལས་དེ་ག་རང་ཡིན་རྒྱུ་མ་རེད་པ།

  10. ཇ་མ་ says:
    2013-08-17 at 11:20 pm

    ཕལ་ཆེར་བདེན་སྲིད་པ་ཡིན།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-08-18 at 2:11 am

    ༩༽ གསར་བུ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༧ སྐར་མ་ ༡༨
    ཀརྡོ་ཉེར་ཕྱོགས་པ་ཟེར་བ་འདིས་ནམ་ཉི་ཤར་ལ་གནད་དོན་གལ་ཆེ་ཞིག་བཟུང་ཡོད་མདོག་གིས་གཞན་གྱི་སྐད་ཆ་བསྐྱར་བཀོད་རྐྱང་བྱེད་ནས་དུས་ཚོད་མང་པོ་ཞིག་དེ་ནས་ཚར་འགྲོ་གི གལ་ཏེ་ཁྱོད་ལ་བཙན་འཛུགས་མཁན་འདྲ་མེད་ན་སྐུ་མཁྱེན་སུན་སྣང་དེ་འདྲ་རྗེས་ཕྱོགས་མ་བཟོ་རོགས། ཁྱོད་ཀྱི་ཆེད་ལས་དེ་ག་རང་ཡིན་རྒྱུ་མ་རེད་པ། ་་་་་་་ཟེར།

  12. ལོ་མ་ལྗང་ཁུ says:
    2013-08-18 at 3:11 pm

    ང་སྐྱེ་བོ་ཕལ་བ་ཞིག་གིས་པར་འདི་ལ་ལྟ་བཞིན་ལྟ་བཞིན་སངས་རྒྱས་སོང་བ་ལྟ་བུ་ཞིག་མི་ཤེས་ཀི་མོད་། ནུབ་ཕྱོགས་པའི་69་ཞེས་བའི་ཆགས་སྤྱོད་དེ་ཡིད་ལ་ཝ་ལེར་ཝ་ལེར་ཤར་མི་ཡོང་གི་ན་ཨ་ལགས་ཚང་གི་ཤ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme