Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།

Posted on 2009-12-18 By དགེ་རབ་ 6 Comments on མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།

སྨྱུག་རྒོད་གངས་བུ་དཔལ།
____________________________
༡ མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།
ལྷིང་འཇགས་ཀྱི་འཇིག་རྟེན་དཀྲོག་པར་མི་འདོད་ཅིང་།
ཚིག་ངན་གྱིས་རྣ་བ་དཀྲུག་པར་མི་འདོད།
འོད་སྣང་གིས་ངའི་མིག་གོང་ཧྲིལ་པོར་འགེབས།
དབུགས་རྔུབ་ཀྱི་རྒྱུ་བའི་སྒྲ་ཙམ་རྣ་བས་ཚོར།
དྲ་འདྲེན་གྱི་ལྒེ་ཁུང་ནང་འཚོལ་ཞིབ་ཀྱི ་དྲ་བྱང་བླུག།
“ང་སུ་རེད་དམ”་འདི་ངས་འཚོལ་དགོས་པ་ཡིན།
༢ མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།
རྒྱ་ཟས་ཀྱིས་གོར་ལྕོག་འགེངས་ཤིང་།
རྒྱ་དངོས་ཀྱིས་གཡས་གཡོན་འགེངས།
ནིའུ་ཡོག་གི་ཤང་ཀའི་རྒྱ་ཟས་ཁང་འདི།
མི་མང་ཀྱིས་འདུ་འཛོམས་ཁང་ཆེན་དུ་གྱུར།
ངས་ “ང་སུ་རེད་དམ་” ཞེས་སྐད་རྒྱབ།
ལྷིང་འཇགས་ཀྱི་འཇིག་རྟེན་དཀྲོགས།
གྲོག་མ་ཞིག་ཀྱང་གཉིད་ལས་སད།
༣ མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།
དྲ་ཁང་ནང་བོད་རིགས་ཀྱིས་ཁེངས་ཤིང་།
གློག་ཀླད་ནང་རྩེད་འགྲན་gameགྱིས་ཁེངས།
ཕྱི་རོལ་དུ་ཐོ་རེངས་སྐར་ཆེན་གྱི་འོད་སྣང་འོག
ར་བཟི་ཁྱུ་ཞིག་མཉམ་འཛོམས་ཀྱི་གླུ་གཞས་ལེན།
ངས་ཁོང་ཚོར་དྲིས། “ང་སུ་རེད་དམ”
༤ མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།
སྡུག་སྐད་ཀྱི་ངུ་སྒྲས་རྣ་བ་བརྟོལ།
དྲང་བདེན་གྱི་འབོད་སྒྲས་ཁོར་ཡུག་འཁོར།
ཁྱི་སྤྱང་དང་ཝ་མོ་དགོད་པའི་རི་ཀླུང་ན།
མི་སྐད་ལ་སྙིང་པོ་ཅི། འོན་ཀྱང་།
ངས་སྐད་རྒྱབ། “ང་སུ་རེད་དམ”
ཨེའུ་ཨའུ།་་་་་་ཨེའུ་ཨའུ།་་་་་་
ཕལ་ཆེར་ནང་དོན་ལ་རི་བོང་ངམ་བོང་བུ་རེད་ཟེར་བ་འདྲ།

སྙན་ངག

Post navigation

Previous Post: དྲ་གྲོགས་ཚོ། ཁོ་བོར་གཤེ་ཡང་རུང་། སྨད་ཀྱང་ཆོག
Next Post: འཐག་བཞིན་པའི་འགྲོ་བ་མིའི་སེམས།

Comments (6) on “མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།”

  1. མགོན་པོ་ཕྱག་གཉིས་པ། says:
    2009-12-18 at 1:53 pm

    ངས་ཁྱེད་ལ་བཤད།
    ཁྱེད་རང་ནི་ཁ་སང་གི་ཁྱེད་རང་ལས་བལྟམས་པའི་དེ་རིང་གི་ཁྱེད་རང་རེད།
    ཁ་སང་གི་ཁྱེད་རང་ + དེ་རིང་གི་ཁྱེད་རང = སང་ཉིན་གྱི་ཁྱེད་རང་རེད།
    མཚམས་རེར་ཁྱེད་རང་གིས་རྩིས་རྒྱབ་ནས་རང་ཉིད་རྙེད་ཐུབ་ལ།
    མཚམས་རེར་ཁྱེད་རང་གིས་སྒོམ་རྒྱབ་ནས་རང་ཉིད་རྙེད་ཐུབ།
    ཡིན་ན་ཡང་།
    མི་གཞན་ལ་དྲིས་ནས་རྙེད་པའི་ཁྱེད་རང་དེ་མི་གཞན་གྱི་ཁྱེད་རང་རེད་མ་གཏོགས་ཁྱེད་རང་གི་ཁྱེད་རང་མ་རེད།

  2. སྨྱུག་རྒོད་གངས་བུ་དཔལ། says:
    2009-12-18 at 2:20 pm

    ངས་ང་སུ་ཡིན་འཚོལ་བ་ནི།
    ཁྱེད་ཀྱི་ང་ལས་གཞན་པའི་ང་རང་གི་ང་འཚོལ་རྒྱུ་མ་ཡིན་པར།
    ང་ཚོའི་ང་འཚོལ་བ་ཡིན།

    ང་ཚོའི་ང་དེ་སུ་རེད་དམ།
    རིགས་གནས་ཅན་ཞིག་གམ། ལག་རྩལ་ཅན་ཞིག
    ལ་རྒྱ་ཅན་ཞིག་གམ། འཇོན་ཐང་ཅན་ཞིག
    སྙིང་རུས་ཅན་ཞིག་གམ། སྤྱི་སེམས་ཅན་ཞིག
    རྣམ་དཔྱོད་ཅན་ཞིག་གམ། རྒྱུ་ནོར་ཅན་ཞིག
    ཆེ་མཐོང་ཅན་ཞིག་གམ། གཟུར་གནས་ཅན་ཞིག
    རང་ཚུགས་ཅན་ཞིག་གམ། ཆིག་སྒྲིལ་ཅན་ཞིག
    ཡ་རབས་ཅན་ཞིག་གམ། ཕན་སེམས་ཅན་ཞིག
    ཡང་ན།
    ང་རྒྱལ་ཅན་ཞིག་གམ། རྒྱགས་པ་ཅན་ཞིག
    ཕྱོགས་རིས་ཅན་ཞིག་གམ། འཁྲུག་རྩོད་ཅན་ཞིག
    རྨོངས་པ་ཅན་ཞིག་གམ། རྦེད་མེད་ཅན་ཞིག
    ཅོལ་ཆུང་ཅན་ཞིག་གམ། བླ་སྡར་ཅན་ཞིག
    ལྐུགས་རྟགས་ཅན་ཞིག་གམ། འདོད་རྔམས་ཅན་ཞིག
    རྔ་མ་ཅན་ཞིག་གམ། ར་ཅོ་ཅན་ཞིག
    གད་སྙིགས་ཅན་ཞིག་གམ། དབུལ་ཕོངས་ཅན་ཞིག
    མི་རབས་གཞན་བརྟེན་ཅན་ཞིག་གམ། མི་རྒྱུད་གཞན་གཡོག་ཅན་ཞིག
    སོམ་དང་ཡ།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-18 at 7:13 pm

    དངོས་ནས་འདི་འདྲ་བསམ་དུས།

    རོལ་དབྱངས་ཤིག་གི་སྣེ་མོ་རུ་འདར་བཞིན་པའི་སེམས་པ་ཞིག
    དལ་འཇག་གེར་ངུས་དུས ཚོར་ཤུགས་ཆེན་པོས
    སྐད་ངག་ཡོད་ཚད་ཀྱི་རང་གི་གློ་སྙིང་བཏོན་ནས
    མི་རབས་ཤིག་ལ་དྲན་ཤིང་འཇོག་འདོད་ཀྱང་

    དབྱངས་རྟ་ཡི་ཁུགས་སོ་རེ་རེ་ན
    ཡིག་འབྲུ་རེ་རེ་ཡི་ནང་དུ་སྐོང་བའི་འབོད་པ
    རོལ་ཆའི་རམ་འདེགས་ཀྱི་སྔ་གཞུག་ན
    མཐེབ་གཞོང་སྟེང་གི་མཛུབ་མོ་བཞིན་དུ་རང་འདུག་མེད་དུས
    ལྷིང་འཇག་གི་མཚན་མོ སྐར་མ་ངུ་བའི་ཁྲོད་དུ
    ང་རང་ཟླ་བའི་གླིང་དུ་འགྲོ་འདོད་ཀྱང་

    ཆེམ་ཆེམ་འཕྲོ་བའི་གནམ་འོག་གི་མཚན་མོར
    འཕྲུལ་ཆས་མང་བོ་ཞིག་གི་སྐད་སྒྲ་ཆད་དུས
    ངའི་ཕ་ཡུལ་ཁ་བ་ཅན་གྱི་ས་གཞི་དང་མཛེས་སྡུག་བསམ་ནས
    མུད་པ་ཐེད་རེག་བར་དུ་ཀུ་ཞིག་འདེབས་འདོད་ཀྱང་

    དྲ་ཐོག་ལ་འཇོག་ཐུབ་མཁན་གྱིི་སྤུན་ཟླ་སུ་ཞིག་ཡོད་ན་དེ་ལ་རེ་བ་ཞུས་ཡོད་ལགས།

  4. རི་སྤྱང་ཁེར་འགྲོ says:
    2009-12-18 at 7:22 pm

    ཁོ་རེ་ལྷ་ཀླུ་གཉན། ཁྱོའི་རྩོམ་འདི་དྲ་ཐོག་མེད་ན་གང་ན་ཡོད་ཀི།།

  5. མགོན་པོ་ཕྱག་གཉིས་པ། says:
    2009-12-18 at 9:43 pm

    ཨོ་རེད་རེད་རེད། ང་ཚོའི་ང་ཡིན་ན། དེ་ཁྲ་ཁྲ་པ་ཁྲ་རྟ་མོག་མོག་གི་སྤུ་འདྲ་བའི་ང་ཞིག་རེད། དེ་ལ་འདི་འདྲ་ཞིག་རེད་ཟེར་ནས་བཤད་ཐུབ་ཐབས་ཡོད་པ་མ་རེད། ཡང་ང་ཚང་མར་གཅིག་གྱུར་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་། ང་ང་ཟེར་བ་དེ་རེད། ང་གཅིག་པོའི་དོན་དག་ཤེས་པ་བྱས་ནས་ང་གཅིག་པོ་དེ་ང་གཞན་པཚོ་དང་གཅིག་པར་བལྟ་ཤེས་ན་ང་དང་ངའི་དཀའ་ངལ་མ་ལུས་པ་བསལ་ཚར་བ་རེད་དེ། དེའི་ཐོབ་ཐང་དེ་ང་ཚོར་འཇིག་རྟེན་བཀོད་པ་པོས་གནང་མེདཔ་དེའང་འཁང་ར་བྱེད་ས་གཞན་ཞིག་རེད།

  6. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-19 at 5:56 am

    རི་སྤྱང་ཁེར་འགྲོ་ལགས། ཉིད་ཀྱིས་གསུངས་པ་དེ་བདེན་པ་རེད་ལགས། ངས་ཞུས་པ་དེ་ནི་དྲ་ཚིགས་འདིའི་དྲ་དེབ་སྟེང་གི་སྙན་ངག་གི་ལེའུ་ཚན་དུ་འགོད་རོགས་ཟེར་བ་དེ་ཡིན་ལགས། གོ་བརྡ་མ་འཕྲོད་པ་འདྲ། ང་འདི་ལོ་ལོན་ནས་ཁ་ནང་གི་སོ་ཡང་འཐོར་བཞིན་ཡོད་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme