Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

{བཀའ་དྲིན་རྗེས་དྲན་སློབ་ཡོན།}

Posted on 2016-07-172016-07-17 By ཁ་བརྡ་ 6 Comments on {བཀའ་དྲིན་རྗེས་དྲན་སློབ་ཡོན།}

བྱམས་པ་ལྷུན་གྲུབ།

 
དེ་ཡང་དེ་སྔོན་༧གོང་ས་མཆོག་གིས་དགོན་པའི་ཉེ་ཁོར་གྱི་ཉམས་ཐག་མི་མང་ལ་ལྟ་སྐྱོང་གནང་ཐུབ་ན་ཕན་རླབས་ཆེ་སྐོར་བཀའ་སློབ་ཕེབས་དོན་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གིས་དགོས་ངེས་ཅན་གྱི་བོད་པའི་སློབ་མ་ཁག་ཅིག་ལ། མཐོ་རིམ་སློབ་གཉེར་གནང་བའི་སློབ་ཡོན་འབུལ་བའི་ལས་གཞི་ཞིག་ཕྱག་བསྟར་གནང་འདུག་པས། འདི་ནི་དངོས་གནས་མིག་དཔེ་འོས་པ་ཞིག་ཅིས་མིན།

དེ་ཡང་རང་རེའི་བོད་མིའི་སྤྱི་ཚོགས་ནང་དུ་མཐོ་རིམ་སློབ་གཉེར་གནང་འདོད་ཡོད་པའི་སློབ་མ་གང་འཚམས་ཡོད་ཀྱང་། དེ་དག་གི་ཁྲོད་ན་མཐོ་སློབ་སློབ་ཡོན་ཕུལ་བར་དཀའ་ངལ་ཡོད་མཁན་མང་དག་ཡོད་པས། དེའི་རྐྱེན་གྱིས་སློབ་མ་ཇི་སྙེད་ཅིག་ལ་སློབ་འདུན་ཤུགས་དྲག་ཡོད་ཀྱང་སློབ་ཆེན་འགྲིམས་མ་ཐུབ་པ་བྱུང་དང་འབྱུས་མུས་ཡིན། དེར་བརྟེན་བོད་པའི་ན་གཞོན་སློབ་མ་མི་ཉུང་བ་ཞིག་ལ་རང་གི་ཕུག་འདུན་བཞིན། མཐོ་རིམ་སློབ་གཉེར་བྱ་མ་ཐུབ་པའི་གྱོང་གུད་དང་སེམས་སྡུག་ཡོང་གི་ཡོད་པ་ཡང་དངོས་ཡོད་ཡིན།

དེ་ཡང་དེ་སྔོན་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་སྐབས་དགུ་པའི་མཐོ་རིམ་སློབ་མའི་ཚོགས་ཆེན་ཚོགས་སྐབས་རང་ཉིད་དངོས་སུ་ཞུགས་རྒྱུ་བྱུང་ལ། སྐབས་དེར་ཚོགས་བཅར་བའི་མཐོ་རིམ་སློབ་མ་ཕལ་མོ་ཆེས་ཞལ་གཅིག་གྲགས་ཀྱིས་སློབ་ཆེན་དང་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་གནང་འདོད་ཡོད་པའི་སློབ་མ་མང་དག་ལ་སློབ་ཡོན་ཕུལ་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཡོད་སྐོར་གླེང་སོང་ལ། དཀའ་ངལ་དེ་དག་སངས་བར་ཐབས་ལམ་ཇི་དགོས་སོགས་ཀྱི་སྐོར་བགྲོ་གླེང་ཡང་ལྷུག་པོར་གནང་སོང་།

e28469b6-c2d3-4131-88ee-f758a9f7ae14

དེས་ན། སྤྱིར་དཀའ་ངལ་འདི་རིགས་སེལ་བར་རང་རེ་བོད་མི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སྔར་ལྷག་སྐུ་ངལ་བསྐྱོན་ཏེ། སློབ་ཡོན་ཇེ་མང་འབུལ་བ་སོགས་ཐབས་ཤེས་གང་དྲག་གནང་བཞིན་ཡོད་ཀྱང་། བོད་མི་སྒྲིག་འཛུགས་ལ་དཔལ་འབྱོར་འབེལ་འབེལ་ལྷུག་ལྷུག་ཀྱང་མེད་པས་དཀའ་ངལ་འདི་དག་རིམ་གྱིས་སེལ་དགོས་པ་ལས། འཕྲལ་མར་སེལ་མི་ཐུབ་པའི་གནས་དོན་ཞིག་ཆགས་ཡོད།

དེའི་ཕྱིར། དེ་ལ་ཞོར་འདེབས་ཀྱིས་མཐོ་སློབ་སློབ་ཡོན་འབུལ་བའི་རོགས་སྐྱོར་ཕན་རླབས་སྒྲུབ་ཐུབ་མཁན་དང་རེ་བ་བཅོལ་ས་གཙོ་བོ་གཞན་ཞིག་ཡོད་པ་དེ་ནི་གདན་ས་གསུམ་གཙོས་པའི་དགོན་སྡེ་ཁག་དང་། རྒྱལ་ཕྱི་ནང་གི་བོད་མི་འབྱོར་ལྡན་རྣམས་དང་འཚོ་ཐབས་བཟང་བ་རྣམས་ཡིན།

དེང་སྐབས་བོད་མི་འབྱོར་ལྡན་དང་ཕྱི་རྒྱལ་གནས་བཞུགས་སོགས་སྤྱི་སྒེར་ཁག་ཅིག་གིས་ལས་གཞི་འདི་རིགས་ལ་རྒྱབ་སྐྱོར་གནང་འགོ་ཚུགས་བཞིན་ཀྱང་ཡོད་པས། དེ་དག་ནི་ཞབས་འདེབས་རླབས་ཆེན་ཡིན་པས་དངོས་གནས་ཡི་རངས་དང་བསྔགས་བརྗོད་འོས་པའི་ཡུལ་ཅིས་ལ་མིན།

དེ་ཡང་སེར་བྱེས་མཁས་སྙན་གྲྭ་ཚང་གིས་ཀྱང་དགོས་ངེས་ཅན་གྱི་ཉམས་ཐག་སློབ་མ་ཁག་ལ་དམིགས་ཏེ། ༢༠༡༥-༢༠༡༦ ནང་སློབ་མ་ཁག་ཅིག་ལ་བཀའ་དྲིན་རྗེས་དྲན་སློབ་ཡོན་དེ་ཕུལ་ཡོད་འདུག་ལ། ད་ལོ་ཡང་༧གོང་ས་མཆོག་དགུང་གྲངས་༨༡ སོན་པའི་འཁྲུངས་སྐར་ཉིན་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ཉམས་ཐག་ཁོངས་སུ་ཡོད་པའི་མཐོ་སློབ་འགྲིམས་པའི་ཉམས་ཐག་སློབ་མ་གྲངས་༡༣་དང་། གསར་འབྱོར་ཁོངས་ནས་ཉམས་ཐག་སློབ་མ་གཉིས་བཅས་ཁྱོན་སློབ་མ་ ༡༥ ལ་ ༢༠༡༦-༢༠༡༧ ལོའི་བཀའ་དྲིན་རྗེས་དྲན་གྱི་སློབ་དེ་ཕུལ་ཡོད་འདུག
སློབ་ཡོན་དེ་ཡང་སློབ་མ་སོ་སོའི་དགོས་མཁོ་དང་གནས་བབ་ལ་གཞིགས་ནས་མང་ཆ་ལ་ཧིན་སྒོར་ཁྲི་དྲུག་རེ་{༦༠༠༠༠}དང་། ཉུང་ཆ་ལའང་ཁྲི་གསུམ་རེ་{༣༠༠༠༠} བཅས་ཕུལ་གནང་འདུག་པས། དངོས་གནས་ལས་གཞི་འདི་རིགས་ནི་བསྟན་སྲིད་ཞབས་འདེབས་དང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན་ལ། དོན་དམ་པའི་རྒྱལ་བའི་ཞབས་བརྟན་ཀྱང་ཡིན་ངེས་སྙམ།།

དེས་ན། འབྱུང་འགྱུར་ལོ་ཟླའི་ནང་ལ་བོད་མི་ཉམས་ཐག་ལ་རོགས་སྐྱོར་དང་མཐོ་རིམ་སློབ་ཡོན་འབུལ་བ་སོགས་ཀྱི་ལས་གཞི་འདི་རིགས་ལ། དགོན་སྡེ་གྲྭ་ཚང་དང་འབྱོར་ལྡན་མི་སྣ་འཚོ་ཐབས་བཟང་བ་སོགས་རྒྱབ་སྐྱོར་རོགས་རམ་གནང་མཁན་གང་མང་བྱུང་ན། བོད་མི་བྱིངས་རྣམས་ཀྱི་འཚོ་ཐབས་ཇེ་བཟང་དང་རང་རེའི་སྤྱི་ཚོགས་ནང་ཤེས་ལྡན་མི་སྣ་གང་མང་གསོ་སྐྱོང་ཡོང་བར་ཕན་རླབས་ཤིན་ཏུ་ཆེ་ངེས།།

གསར་འགྱུར།

Post navigation

Previous Post: མཚན་ཉིད་རིག་པའི་སྐོར་གྱི་དཔྱད་རྩོམ། ༼༢༽
Next Post: ༄།། ཞི་མོལ་ཚོགས་འདུ་ཨེ། འགྲོ་སོང་འཕྲོ་བརླག་མ་རེད་དམ།

Comments (6) on “{བཀའ་དྲིན་རྗེས་དྲན་སློབ་ཡོན།}”

  1. གཡག་རྒོད says:
    2016-07-17 at 3:18 pm

    འོ་ཡ། ལོ་མང་རིང་རེ་སྒུག་བྱས་ཏེ་བསྡད་པའི་དོན་བཟང་དེ་ད་གཞི་ནས་མགོ་བཙུགས་སོང་། བཀའ་དྲིན་ཆེ། དགེ་འདུན་པའི་སྡེ། ང་ཚོར་ཐུན་མོང་གི་གནད་དོན་ཞིག་ཡོད་པ་ནི་ཆོས་ལུགས་པ་དང་མང་ཚོགས་ཀྱི་བར་ཐག་རིང་དྲག་པ་དེ་རེད། འདི་དངོས་ཡོད་ཀྱི་གནས་ཚུལ་རེད། ཡེ་ཤུ་ཆོས་པ་ཚོར་མཚོན་ན་མང་ཚོགས་དང་གཞི་གཅིག་ཏུ་འདྲེས་ཏེ་ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་ཀྱི་ཞབས་ཞུ་གནང་གི་འདུག འདི་ནི་མང་ཚོགས་དང་ཆོས་ལུགས་པའི་བར་ཐག་སྦྲེལ་བྱེད་ཀྱི་ཟམ་པ་ལྟ་བུ་རེད། འུ་བུ་ཅག་ལ་མཚོན་ན་ཆོས་ལུགས་པ་མང་ཚོགས་དང་རྒྱང་བཀྱེད་བྱས་ཡོད་པས་མང་ཚོགས་ལ་ཆོས་དད་ཡོད་ཀྱང་ཆོས་ལུགས་པར་ལྟ་སྟངས་ཡག་པོ་གཏན་ནས་མེད། ལྷག་པར་དུ་སློབ་མ་ཚོའི་ཁྲོད་ན་གནད་དོན་འདི་ཆུང་ཆུང་ཞིག་མིན། ད་རེས་ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱས་བ་འདིས་འབྱུང་འགྱུར་འུ་ཚོ་འདུན་ལམ་ལ་སྔར་ལས་འོད་སྟོང་འཕྲོ་དངོས་རེད། སླར་ཡང་བཀའ་དྲིན་ཆེ་ཞུ།

  2. ཨ་འབར་འཇིགས་དབང། says:
    2016-07-17 at 11:57 pm

    ༅༅།་རྒྱལ་བའི་བཀའ་བཞིན་གྲུབ་པར་བཀྲིས་བདེ་ལེགས་དང་སྙིང་ནས་བསྔགས་བརྗོད་ཞུ།
    དེ་ནི་ཆོས་ཡིན། དེ་ནི་རྒྱལ་བའི་བཀའ་སློབ་ཡིན། འདི་ནི་གཞན་གཅེས་པར་འཛིན་པའི་ནང་པའི་
    ལྟ་གྲུབ་ཡིན། འདི་ལྷག་ཅི་ཡོད།

  3. ཨ་འབར་འཇིགས་དབང། says:
    2016-07-20 at 10:38 pm

    སྐུ་མདུན་གྱིས་བཀའ་གནང་བ་བཞིན་དགོངས་པ་བཞེས་པ་་་བཀའ་དྲིན་ཆེ།

  4. ཨ་འབར་འཇིགས་དབང། says:
    2016-07-23 at 11:08 pm

    ༅༅།་རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། དུས་ནམ་ཡང་བསླུ་བ་མེད་པ་ཡིན།

  5. ཨ་འབར་འཇིགས་དབང། says:
    2016-08-04 at 12:13 am

    ༅༅། ང་བོད་པ་ཡིན་པའི་བོད་ལ་དགའ།
    བོད་ཁ་བ་གངས་རིའི་ལྗོངས་ལ་དགའ།
    ཆོས་སྟོན་པ་སངས་རྒྱས་ཁོང་ལ་དགའ།
    ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན།

  6. ཨ་འབར་འཇིགས་དབང། says:
    2016-08-13 at 12:53 am

    ༅༅། མཐོ་ནམ་མཁའི་བྱ་ལམ་གོང་མ་ནས།། བྱ་ཐང་དཀར་ཞིག་གི་ཡར་ཤོག་ཟེར།།
    ཡར་མི་ཡོང་ཐང་དཀར་སྐུ་ཚེ་རིང།། ཁྱེད་འདྲ་བའི་ནམ་འཕང་ང་ལ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme