Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཐོ་སློབ་ཁག་ལ་ལྟ་ཞིབ་དང་སློབ་ཡོན་སྲིད་ཇུས་ངོ་སྤྲོད།

Posted on 2013-03-312013-03-31 By ཁ་བརྡ་ No Comments on མཐོ་སློབ་ཁག་ལ་ལྟ་ཞིབ་དང་སློབ་ཡོན་སྲིད་ཇུས་ངོ་སྤྲོད།

མཁོ་སྤྲོད་པ། མེ་སཱོར་ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།

ཟླ་འདིའི་ཚེས་༢༩ ནས་༣༡ བར་གྱི་ཉིན་གསུམ་རིང་བཙན་བྱོལ་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྡེ་ཚན་ནས་རྒན་ཚེ་ལྷ་ལགས་འདི་གར་རྒྱ་གར་ལྷོ་ཕྱོགས་མེ་སཱོར་གྲོང་ཁྱེར་ཏུ་ཕེབས་ནས། བཙན་བྱོལ་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་གཙོས་བོད་ཀྱི་མཐོ་སློབ་སློབ་མ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སྲིད་ཇུས་གསར་པ་དང་། བཙན་བྱོལ་བོད་ཀྱི་གཞི་རྩའི་ཤེས་ཡོན་ལྟ་གྲུབ་སོགས་ངོ་སྤྲོད་དང་། དེ་བཞིན་འདི་གར་གནས་ཡོད་མཐོ་སློབ་ཁག་ལ་གཟིགས་སྐོར་ལྟ་ཞིབ་གནང་པ་དང་། མཐོ་སློབ་ཁག་གི་སློབ་སྤྱི་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཐུག་འཕྲད་ཀྱིས། བོད་ཀྱི་མཐོ་སློབ་སློབ་མ་རྣམས་ཀྱི་ཉིན་རེའི་མཐོ་སློབ་འཚོ་བ་དང་། སློབ་སྦྱོང་གི་གནས་སྟངས། བོད་ཀྱི་མཐོ་སློབ་སློབ་མ་ཁག་གི་སློབ་ཡོན་དང་བྱ་སྤྱོད་གཙོས་པའི་ལས་རིམ་སོགས་ལ་བཀའ་མོལ་གནང་ཡོད་པ་དང་། ད་ཐེངས་ཁོང་ཉིད་འདི་གར་ཕེབས་ནས་བོད་པའི་མཐོ་སློབ་སློབ་མ་རྣམས་ལ་ནམ་རྒྱུན་གོ་ཐོས་བྱུང་མེད་པའི་བོད་ཀྱི་ཤེས་ཡོན་དང་སློབ་ཡོན་སྲིད་ཇུས་ཐད་གསལ་ཁ་སྤྲོད་ཐུབ་པ་མ་ཚད། བོད་རིགས་མཐོ་སློབ་སློབ་མ་མང་པོར་རང་ཉིད་སློབ་མཐའ་ཕྱིན་རྗེས་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་སུ་ཕྱག་ལས་གནང་བའི་སེམས་ཤུགས་ཀྱང་གང་མང་སྤར་ཐུབ་སོང་ཞེས་སློབ་མ་མང་པོས་གསུང་གི་འདུག།

ཁོང་གི་ཉིན་འདི་དག་གི་རིང་མེ་སཱོར་ས་གནས་མཐོ་སློབ་ཁག་ལ་ཕེབས་པ་དང་མཐོ་སློབ་དེ་ཚོའི་སློབ་སྤྱི་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་སུ་ཐུག་འཕྲད་བྱས་པར། འབྲེལ་ཡོད་མཐོ་སློབ་ཁག་གི་སྣེ་ཡོད་མི་སྣ་ཚོས་ཀྱང་སྣེ་ལེན་གང་ལེགས་ཞུས་ཡོད་པ་དང་། ཁོང་ཚོས་བོད་རིགས་མཐོ་སློབ་སློབ་མ་རྣམས་ཀྱི་སྦྱངས་འབྲས་དང་བྱ་སྤྱོད་གཙོས་གནས་ཚུལ་མང་པོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། མཐོ་སློབ་རང་ངོས་ནས་བོད་རིགས་སློབ་མ་རྣམས་ཀྱི་དགོས་མཁོ་དང་བསྟུན་མཐུན་རྐྱེན་དང་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན་པའི་ཁས་ལེན་ཡང་བྱས་ཡོད་པ་དང་། ཁོང་ཚོས་ད་ཐེངས་བཙན་བྱོལ་བོད་ཀྱི་ཤེས་རིག་ལྷན་ཁང་ནས་ལས་བྱེད་ཆེད་གཏོང་བྱས་ནས་བོད་རིགས་མཐོ་སློབ་སློབ་མ་རྣམས་ལ་དངོས་སུ་ལྟ་ཞིབ་བྱེད་པར་ཕེབས་པར་དགའ་བསུ་དང་ཡི་རངས་ཞུས་པ་མ་ཚད། ཐེངས་འདིར་འབྲེལ་ཡོད་ལས་བྱེད་དང་དངོས་སུ་བཀའ་མོལ་དང་གྲོས་བསྡུར་བྱུང་པར་གཞལ་མེད་སྤྲོ་སེམས་སྐྱེས་པ་དང་། དེ་ནི་བཙན་བྱོལ་བོད་ཀྱི་ཤེས་རིག་ལྷན་ཁང་དང་མཐོ་སློབ་དབར་འབྲེལ་འཐུད་ཀྱི་གསེར་ཟངས་དེ་ཉིད་ཇེ་བརྟེན་ཏུ་འགྲོ་བའི་ཡིད་ཆེས་དང་དགའ་མོས་གནང་གི་འདུག་ཅེས་གསུངས་སོང་།

རྒན་ཚེ་ལྷ་ལགས་ས་གནས་འདི་གར་མ་ཕེབས་ཀྱི་གོང་དུ་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷན་ལོར་ཕེབས་སྟེ་དེ་བཞིན་ལས་རིམ་བརྩམས་ཡོད་པ་དང་། ཚེས་༣༡ཉིན་དགོང་མོར་མེ་སཱོར་བོད་རིགས་མཐོ་སློབ་སློབ་མ་རྣམས་མཉམ་འཛོམས་ཀྱིས་དཀའ་སློབ་རིམ་པ་གནང་རྗེས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མན་ལོར་ལ་ལས་རིམ་བརྩམ་པར་ཕེབས་སོང་།

གསར་འགྱུར།

Post navigation

Previous Post: ནུབ་ཀྱི་རྒྱ་མཚོའི་འགྲམ།
Next Post: གྲོས་ཚོགས་ནང་གི་རྒྱབ་སྐྱོར་དང་བསམ་ཚུལ་གྱི་ཁྱད་པར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme