Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཐོ་རིམ་སློབ་མའི་གནབ་བབ་དང་བསམ་བློའི་འགན་འཁྲི།་༼གཟའ་ཉི་མའི་གླེང་མོལ་ཆེད་རྩོམ༽

Posted on 2012-05-202012-05-20 By ཁ་བརྡ་

རྩོམ་པ་པོ་དབང་ཆེན་རྡོ་རྗེ། (ཝཱཎ་མཐོ་སློབ།)

དང་པོ། མཐོ་རིམ་སློབ་མའི་གནས་བབ།

སྒང་བ་བོད་པའི་མི་རིགས་ཀྱི་བདག་དབང་ཧྲིལ་བོ་ཤོར་ནས་མི་ལོ་ང་གསུམ་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་སྐྱ་ཆད་སྔོ་སྡུག་གི་ལས་དབང་ཁྲོད་ནས། མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སོགས་མི་ཉམས་རྒྱུད་འཛིན་དང་གསར་བ་ནང་འདྲེན་གྱི་བྱ་བཞག་སླད་དུ་མཐོ་རིམ་སློབ་གྲྭའི་བསྟི་གནས་མི་ཉུང་བ་ཞིག་གསར་འཛུགས་དང་སྔར་ཡོད་རྨང་གཞིར་སྲ་བརྟན་གྱི་ལས་དོན་བསྐྱངས་དང་སྐྱོང་བཞིན་ཡོད། འདིར་སློབ་ཆེན་སློབ་མའི་གནས་བབ་དང་འབྲེལ་ནས་བཤད་ན། བོད་ནང་དུ་གནའ་དེང་ཤེས་ཡོན་སློབ་སྦྱོང་གི་སློབ་ཆེན་སློབ་གྲྭ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་ཀྱི་གོ་རིམ་ཞིག་དང་། དེ་བཞིན་མཐོ་རིམ་སློབ་མའི་གནས་བབ་ཀྱང་གྱལ་ཙེ་གོམ་ཙེའི་ཁྲོད་ནས་སྔར་ལས་ཕྱི་ནང་གི་གནས་བབ་ཕུན་སུམ་ཇེ་ཚོགས་དང་ཇེ་ལེགས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད། བོད་ནང་གི་སློབ་ཆེན་སློབ་མར་མཚོན་ན། དམར་པོའི་སྲིད་གཞུང་གི་སློབ་གསོའི་ཤུགས་རྐྱེན་གྱི་འོག་ནས་མི་རིགས་རང་གི་ཐུན་མིན་སློབ་གསོར་རོ་མྱོང་གི་རང་དབང་བྲལ་ཞིང་བགོ་སྐལ་དུ་སྨིན་པའི་བསྐལ་བ་ཤིན་ཏུ་དབེན་ཡང་། རང་གི་མི་རིགས་ལ་ཤ་ཚ་ཞིང་བློ་དཀར་བའི་མི་བུ་རུས་རྐང་ཅན་མང་པོའི་འབད་འབུངས་ཁྲོད་ནས་མི་རིགས་རང་གི་སློབ་གསོའི་ནུས་པ་སྐྱེད་སྲིང་བྱེད་པའི་ཁོར་ཡུག་བསྐྲུན་པའི་ལས་དོན་རླབས་ཆེན་བསྒྲུབས་ཡོད་ལ། དེའི་སླད་དུ་སྐྱེས་ཆེན་མང་པོ་ཞིག་གིས་སྐུ་སྲོག་ལོངས་སྤྱོད་དང་བཅས་པའང་བློས་བཏང་མྱོང་བའི་བྱ་བཞག་རླབས་ཆེན་དེ་དག་ཀུན་གྱིས་ཤེས་གསལ་རེད། སྐྱེས་ཆེན་དེ་དག་གིས་རླབས་ཆེན་བྱས་རྗེས་བཞག་པའི་འབྲས་རྟགས་སུ། དེང་གི་ཆར་བོད་ཁམས་ཧྲིལ་བོའི་ཁྱོན་ན་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ལ་ཤ་ཐང་ཐང་གིས་འབད་པ་ཙམ་མིན་པར། མིག་སྔའི་སྤྱི་ཚོགས་ཀྱི་གནས་བབ་དང་སྟོང་ཆའི་ཕྱོགས་མང་པོ་ཁ་སྐོང་བར་དངོས་སུ་སྒྲུབ་ཕོད་པའི་སྙིང་སྟོབས་དང་སྤོབས་པ་ཡོངས་སུ་རྒྱས་བཞིན་པའི་བོད་ལྗོངས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་བཅས་སློབ་ཆེན་དེ་དག་ལ་མཚོན་ན། རང་མི་རིགས་ཀྱི་རིག་གཞུང་གཞི་རྩར་བྱས་ཐོག་དེང་རབས་རིག་གཞུང་ལ་ལྟ་བའི་བློ་མིག་ཡངས་པོར་ཕྱེས་ཏེ། སྐབས་བབ་ཀྱི་ཡིག་སྒྱུར་ལས་དོན་དང་རིག་གཞུང་ཞིབ་འཇུག མི་རིགས་རང་གི་བརྡ་སྤྲོད་དང་རྩོམ་རིག་སོགས་ཀྱི་བེམ་པོར་དུས་དང་བསྟུན་པའི་བླ་སྲོག་གསར་བ་ཞུགས་དགོས་པར་བརྩོན་པ་ལྷོད་མེད་གནང་བཞིན་པ་ཟུར་བལྟས་ལེབ་མཐོང་རེད།
དེ་བཞིན་དུ་བོད་བྱེས་འབྱོར་བའི་མཐོ་རིམ་སློབ་གྲྭ་ཁག་གི་གནས་བབ་ལ་བལྟས་ཏེ་གླེང་ན། ཕྱི་ཡི་རིག་གཞུང་སྣ་མང་གི་བཙན་གནོན་འོག་ན་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནབ་བབ་རབ་རིབ་ཙམ་ལས་མི་མངོན་ལ། རང་གི་ཕ་སྐད་བེད་སྤྱོད་ཀྱི་ཁོར་ཡུག་ཀྱང་རྒྱ་ཧ་ཅང་ཆུང་བའི་ཕྱི་ནང་གི་རྒྱུ་རྐྱེན་དེ་དག་ལ་མ་བལྟོས་པར། མི་རིགས་ཀྱི་གནད་དོན་ནི་སྐད་ཡིག་དང་རིག་གཞུང་གི་གནས་བབ་ལ་ཐུག་པའི་ངེས་ཤེས་རྙེད་པའི་སྙིང་སྟོབས་ལ་བརྟེན་ནས། བཙན་བྱོལ་བའི་འཁོེས་ཞན་པའི་འཚོ་བ་དང་གནས་བབ་ཁྲོད་དུའང་། མི་རིགས་རང་གི་སྲོལ་རྒྱུན་རིག་གཞུང་དང་སྐད་ཡིག་རྒྱུད་འཛིན་དར་སྤེལ་དང་སྦྲེལ། མི་རིགས་གཞན་གྱི་རིག་གཞུང་གི་ཉིང་བཅུད་བསྡུ་ལེན་སླད་དུ་ནུས་ཤུགས་ཅི་ཡོད་འདོན་མུས་ཡིན། ལྷག་པར་གནའ་དེང་རིག་གཞུང་ཟུང་འབྲེལ་གྱི་སྒོ་ནས་སྦྱང་བརྩོན་གནང་ས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། གཞན་ཡང་བོད་ཀྱི་ཐུན་མོང་རིག་གནས་གཙོ་བཟུང་སྒོས་ཞིབ་འཇུག་གི་སྦྱང་བརྩོན་གྱི་ལྟེ་གནས་གཙོ་བོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་སཱ་ར་བོད་ཀྱི་མཐོ་རིམ་སློབ་གླིང་། དེ་བཞིན་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གཞུང་སློབ་གཉེར་བྱེད་ས་ཀིརྟི་ཆེས་མཐོའི་བོད་ཀྱི་སློབ་གཉེར་ཁང་དང་ས་སྐྱ་མཐོ་སློབ་སོགས་མཐོ་རིམ་སློབ་གཉེར་ཁང་བཅུ་ཕྲག་ལྷག་གསར་འཛུགས་དང་འབྲེལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ལས་དོན་ཐད་གང་ནུས་ཅི་ལྕོགས་ཀྱིས་ཞབས་འདེགས་ཞུ་བཞིན་ཡོད།

གཉིས་པ། མཐོ་རིམ་སློབ་མའི་བསམ་བློའི་འགན་འཁྲི།

སྤྱིར་མཐོ་རིམ་སློབ་མའི་བསམ་བློའི་འགན་འཁྲིའི་སྐོར་མདོར་བསྡུས་ནས་གླེང་ན་རང་ཉིད་ཀྱི་མི་ཚེའི་བསམ་བློའི་འགན་འཁྲི་དང་། རིག་གཞུང་གི་བསམ་བློའི་འགན་འཁྲི་དང་། མི་རིགས་རང་ལུགས་ཀྱི་བསམ་བློའི་འགན་འཁྲི་བཅས་ཀྱི་སྒོ་ནས་གླེང་གིན་ཡོད་ཀྱང་། འགན་འཁྲི་འདི་དག་ཁོ་ན་གླེང་བས་སྐབས་རེར་མཐོ་རིམ་སློབ་མའི་བསམ་བློའི་ནང་དུ་མིག་སྔའི་སྤྱི་ཚོགས་ཁྲོད་ཁ་ཡོད་ལག་ཡོད་ཀྱི་གནས་བབ་དང་གནད་དོན་དག་ལ་འགན་འཁྲི་བའི་བསམ་བློའི་སྙིང་སྟོབས་སྨིན་པར་འགོག་རྐྱེན་བཟོ་བའི་མྱོང་ཚོར་ཞིག་ང་ལ་རྒྱུན་པར་སླེབ་ཀྱིན་འདུག དེ་བས། དེ་རིང་བདག་གིས་གླེང་འདོད་པ་ནི། མཐོ་རིམ་སློབ་མའི་བསམ་བློའི་འགན་འཁྲི་ནི་ཐོག་མཐའ་བར་གསུམ་དུ་དངོས་ཡོད་སྤྱི་ཚོགས་ལ་གདོང་གཏད་དེ་དེའི་གནས་བབ་ཀྱི་འགན་འཁྲི་འཁུར་བའི་བསམ་བློ་སྙིང་སྟོབས་དང་ནུས་པ་མཐོར་འདེགས་གཏང་རྒྱུ་འདི་གལ་ཆེ་བར་མངོན།
འོ་ན། མིག་སྔའི་སྤྱི་ཚོགས་ཀྱི་གནས་བབ་གང་འདྲ་ཞིག་ལ་ཇི་ལྟར་གདོང་གཏད་དགོས་སམ་ཞེ་ན། མཐོ་རིམ་སློབ་མ་རྣམས་ནམ་ཡང་སྤྱི་ཚོགས་དང་ཐག་ཉེ་སར་བཅར་ནས་མིག་སྔའི་སྤྱི་ཚོགས་ཀྱི་རུལ་སུངས་ཀྱི་གནབ་བབ་དང་སྐྱུར་དྲི་བྲོ་བའི་རིགས་སྟེ། གཞན་སྐད་སྦྲགས་མས་རལ་གྲི་འཕྱར་ནས་ཕ་སྐད་གཙང་མའི་རང་མགོ་གཅོད་ཀྱིན་པའི་རིགས་དང་། གནས་ལུགས་ལ་སྡང་ཞིང་དད་པ་ལ་མོས་པའི་མཁྲེགས་འཛིན་གྱི་ལྟ་བ། མི་རིགས་ཀྱི་ངོ་གདོང་རྫུན་མ་གཡར་ནས་རང་རིགས་ཀྱི་བླ་འཚོང་པའི་བྱ་སྤྱོད་ངན་པ། ཕྱོགས་ལྷུང་གི་ལྟ་བའི་རྣོ་ལྕགས་ངར་མས་མཐུན་སྒྲིལ་གྱི་ཨ་ལོང་གཏོར་བར་བྱེད་པ། གཞན་ཡང་། ཤེས་ཡོན་གྱི་འོད་སྣང་བསྟེན་ཏེ་རྒྱལ་ཁམས་འཚོལ་བར་སྐྲག་ཏེ་ཤེས་རྨོངས་ཀྱི་གྲོག་རོང་ཉུལ་བའི་བརྟུལ་ཞུགས་འཛིན་པ། ལྟ་གྲུབ་གསར་རྙིང་གི་འགལ་འདུའི་མེ་ཕུང་བསྐོར་ནས་མི་རིགས་ཡར་རྒྱས་ཀྱི་སྤྱན་ཟུང་རབ་རིབ་ཏུ་བསྒྱུར་བར་བྱེད་པ། ད་དུང་། ཕན་ཚུན་ཕྲག་དོག་གི་དུག་མདའ་རྣོ་བོས་མདུན་སྐྱོད་དང་ཡར་རྒྱས་ཀྱི་སྙིང་རྩར་སྣུན་པར་བྱེད་པ་སོགས་མདོར་ན་མིག་སྔའི་སྒང་བ་བོད་ཚང་གི་སྐྱི་གཡའ་བའི་གནས་བབ་འདི་དག་གི་ཁ་དར་བཞིན་པའི་སྐབས་འདིར་མཐོ་རིམ་སློབ་མས་སྔར་ལས་ལྷག་པའི་འགན་འཁྲི་དང་གདོང་གཏད་པའི་དུས་ལ་བབས་ཡོད།
ཕྱོགས་གཞན་ཞིག་ནས་བཤད་ན། དོན་དངོས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་ལ་དོ་ཁུར་དང་ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་ལ་ཕན་ཐོགས་པའི་རིགས་ལ་བསྔགས་བརྗོད་དང་རྟིང་སྐུལ་གྱིས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པའི་འགན་འཁྲིའང་ཡོད།
དེ་ལྟ་བུའི་རུལ་སུངས་ཀྱི་གནས་བབ་དག་ལ་གདོང་ལེན་ཇི་ལྟར་བྱ་དགོས་ཚུལ་ནི། མཐོ་རིམ་སློབ་མས་ངོས་ནས་སྒྲུབ་འོས་ཤིང་སྒྲུབ་ཏུ་རུང་བ་སྟེ། དུས་དང་བསྟུན་པའི་སྒོ་ནས་རྩོམ་ཡིག་སྣ་མང་སྤེལ་ནས། སྤྱི་ཚོགས་ཀྱི་སྟེང་གི་བྱ་སྤྱོད་ངན་པ་དང་མཁྲེགས་འཛིན་གྱི་ལྟ་བའི་རིགས་ལ་ཀུན་སློང་རྣམ་དག་གིས་དགག་གཞག་དང་ཐེར་འདོད་ཀྱིས་ཡོ་བསྲང་བྱེད་པའི་འགན་འཁྲི་འཁུར་དགོས། དེ་ལྟར་མི་རིགས་དང་སྤྱི་ཚོགས་གཉིད་ལས་སློང་བར་སྙིང་སྟོབས་དང་ཆོད་སེམས་སྒོ་ནས་ལངས་ཕྱོགས་བརྟན་པོ་འཛིན་དགོས། ཡིག་རྨོངས་པའི་ཁ་དར་ཞིང་ཤེས་ཡོན་དང་བསམ་བློར་མུ་གེ་ཐེབས་པའི་སྤྱི་ཚོགས་ཁྲོད་དུ་རང་མོས་ཀྱི་བགྲོ་གླེང་སྣ་ཚོགས་བཀོད་སྒྲིག་བྱས་ཏེ། (དཔེར་ན་བོད་ཀྱི་”སློབ་ཆེན་སློབ་མའི་གླེང་སྟེགས”་ལྟ་བུ།) བགྲོ་གླེང་དཀྱེལ་ཡངས་དང་བསམ་ཚུལ་ལྷུག་བརྗོད་ཀྱི་སྒོ་ནས་མི་མང་དང་སྤྱི་ཚོགས་ཧྲིལ་བོའི་གོ་རྟོགས་ཀྱི་ནུས་པ་མཐོར་འདེགས་ལ་འབད་འབུངས་བྱས་ནས་སྔར་ལས་ལྷག་པའི་གྲུབ་འབྲས་ཐོན་པར་སྤོབས་པས་ངང་བརྗོད་ཆོག
སྐབས་འདིར་གོང་སྨོས་དེར་དཔེ་མཚོན་ཙམ་དྲངས་ནས་བཤད་ན། བསམ་བློའི་ཀུན་ནས་ཕྱུག་པའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་བཀྲ་ཤིས་རབ་བརྟན་དང་ཁོང་གི་ཚབ་མཚོན་བརྩམས་ཆོས་ཁྲག་ཡིག་ལྟ་བུ་དང་། དེ་བཞིན་ནུབ་བྱང་ཚང་གི་སློབ་མ་འགས་འདོན་སྤེལ་བྱེད་བཞིན་པའི་ཤར་དུང་རི། གཞན་ཡང་། དུས་རབས་ཀྱི་ང་སོགས་ཀྱིས་བདེན་པ་ཉིད་སྲོག་ཏུ་བརྩིས་ནས་མི་རིགས་ཀྱི་བདེ་སྡུག་ངོ་མ་གླེང་བཞིན། མིག་སྔའི་སྤྱི་ཚོགས་ཀྱི་གནད་དོན་དག་གསལ་འདོན་དང་དམར་རྗེན་གྱིས་ལྷང་ལ་ཕུད་དེ་བཤད་ཕོད་པའི་བློ་སྟོབས་དེ་དག་ལ་ཚང་མས་མཐེ་བོང་སྒྲེང་བཞིན་ཡོད།

 

གསལ་བཤད། 

རྩོམ་ཡིག་འདི་ནི། ནོར་གླིང་མཐོ་སློབ་ཀྱི་སློབ་ཀ་ཁག་ཅིག་གིས་འཆར་ཅན་གྱི་རེས་གཟའ་གཟའ་ཉི་མའི་ཉིན༼གསའ་ཉི་མའི་གླེང་མོལ༽ཞེས་པ་ཞིག་ཚུགས་མུས་ལ། དེ་རིང་དྲ་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་༼ཁྲོ་གཏུམ་གྱི་ཡུར་ཆུ༽ཞེས་པའི་ནང་དྲ་སྟེང་གི་བགྲོ་གླེང་སྐབས་ཆེད་འགྲེམས་གནང་བའི་ཆེད་རྩོམ་ཞིག་ཡིན། གླེང་མོལ་འདི་འབྲེལ་གྱི་གནས་ཚུལ་དག་དྲ་སྦྲེལ་ཁ་བྱང་ http://www.tibettimes.net/blogs.php?id=486&post_id=20687 འདི་རུ་ཡོད་པ་ནས་མཁྱེན་རྟོགས་ཡོང་བ་ཞུ།

ཆེད་རྩོམ་མཁོ་འདོན་པ་ཁྲོ་གཏུམ་གྱིས།

སྣ་ཚོགས།

Post navigation

Previous Post: མཐོ་རིམ་སློབ་མའི་གནས་བབ་དང་བསམ་བློའི་འགན་འཁྲི། ༼གཟའ་ཉི་མའི་གླེང་མོལ་ཆེད་རྩོམ༽
Next Post: གཟའ་ཉི་མའི་གླེང་མོལ།

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme