Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཐོ་རིམ་སློབ་ཐོན་པ་ ༤༠༩༢ ཅན་གྱི་བོད་ཁྱིམ།

Posted on 2010-11-022010-11-02 By ཁ་བརྡ་ 1 Comment on མཐོ་རིམ་སློབ་ཐོན་པ་ ༤༠༩༢ ཅན་གྱི་བོད་ཁྱིམ།

ཤེས་རྡོར།
སྐད་ཆ་འདི་གོ་དུས་སེམས་རྩ་དྲོ་བོ་ཅིག་འདུག་ཅེས་ཐག་རིང་ན་ཡོད་པའི་གྲོགས་ཀྱིས་ང་ལ་གསུངས་སོང་། ངས་ཅི་ལྟར་ལན་འདེབས་དགོས་པའང་མ་ཤེས་པར་བོད་ཁྱིམ་བཙུགས་ནས་ལོ་ལྔ་བཅུ་ཕྱིན་པ་རེད་ཅེས་ཁ་ནས་ཤོར་སོང་། གཅིག་བྱས་ན་གྲོགས་པོས་ང་ཅི་ཞིག་ལ་གཡོལ་གྱིན་པའང་ཚོར་སྲིད་ཀྱི་རེད།
བོད་ཁྱིམ་ནི་དངོས་གནས་༸གོང་ས་མཆོག་གི་ཐུགས་རྗེ་འོག་སློབ་མའི་གྲངས་འབོར་ཆེ་ཤོས་ཀྱི་གཞུང་དང་ཐད་འབྲེལ་མེད་པའི་སྒྲིག་འཛུགས་ཤིག་ཡིན་ཚུལ་གོ་མྱོང་ཡང་། སློབ་གྲྭའི་བྱེད་སྒོ་རྣམ་གསུམ་ཤེས་རིག་ལས་ཁུངས་ལ་ལྟོས་མི་དགོས་པ་ཞིག་ཡིན་ཚུལ་ཡིག་ངག་གང་ནས་ཀྱང་ཐོས་མ་མྱོང་།
ས་དང་གནམ་ལས་ངོ་མི་ཤེས་པའི་བཙན་བྱོལ་བོད་པ་ཚང་མ་ད་ནི་འཐོམས་སངས་ཚར་བ་ཡིན་ཙང་། བོད་སྤྱི་བའི་ལས་དོན་སྒྲུབ་རྒྱུར་ལྷག་བསམ་གྱིས་རྒྱབ་འཁྱོག་མ་འཁྱོག་གཅིག་པུར་རག་ལུས་བསྡད་པ་༸གོང་ས་མཆོག་གི་ཞལ་ནས་ཡང་ཡང་ཐོས་མྱོང་ལ། དེའི་ཁར་ཁ་སང་བོད་ཁྱིམ་མཛད་སྒོའི་ཐོག་ཁོང་གིས་བཤད་ནི་མང་པོ་བཤད་པ་ཡིན་ཞེས་ཐུགས་སྐྱོ་བའི་རྣམ་འགྱུར་ཞིག་ངས་གསལ་ལེེར་མཐོང་སོང་། ཁོང་གི་གཡས་གཡོན་ན་ཡོད་པ་ཚོའི་ཁྲོད་ནས་ཀྱང་ཁ་ཤས་ཀྱིས་ལམ་སེང་ཐལ་མོ་སྦྱར་ཏེ་གདོང་ཞུམ་པའི་རྣམ་པ་སྟོན་གྱིན་ཁོང་ལ་ཅེར་ནས་འདུག་པའང་གསལ་བོར་མཐོང་སོང་། ཡིན་ནའང་ངས་ཤེས་སོང་བ་ཞིག་ནི་བཤད་པ་དེ་བཤད་པ་རེད་ཟེར་བ་ཙམ་ལ་བརྩིས་ནས་འཇོག་མི་ཉན་དེ་རེད།
༸གོང་ས་མཆོག་གིས་ཅི་ཞིག་བཤད་ཚར་བ་རེད། ཅི་ཞིག་བཤད་བཞིན་པ་རེད། སྐད་ཡིག་རང་དབང་གི་དར་ཆ་ཕ་ཡུལ་དུ་འཕྱར་བཞིན་པའི་སྐབས་སུ་༸གོང་ས་མཆོག་གིས་གནའ་ནས་ཅི་ཞིག་བཤད་པ་རྣམས་ཐུགས་ལ་དྲན་སོས་པ་ཡིན་ནམ། ཡང་ན་༸གོང་ས་མཆོག་རྒྱ་མའི་དར་ཆའི་འོག་གི་ཁོང་གི་སློབ་ཕྲུག་ཚོའི་སྐད་ཡིག་རང་དབང་གི་ལས་དོན་དང་བརྩེ་དུངས་ལ་ངོ་གནོང་བ་ཡིན་ནམ། ཡང་ན་༸གོང་ས་མཆོག་ལོ་ལྔ་བཅུའི་སློབ་ཐོན་པ་ཚོས་རྒྱ་ཨིན་ཤེས་ཚད་ལ་ཞེ་མེར་ནས་ ༢༠༠༨ ལོའི་དེ་རིང་གི་སྐད་ཆ་དེ་ཡིད་ལ་ལྷང་ལྷང་དྲན་པ་ཡིན་ནམ། ༸གོང་ས་མཆོག་ཁྱེད་ཁོ་ན་ངོ་གནོང་དགོས་སམ། ཁྱེད་ཁོ་ནས་ཡང་ཡང་བཤད་དགོས་སམ།
སློབ་ཐོན་ ༤༠༩༧ ནི་གང་དུ་གནས་སམ་ཞེས་དྲི་བ་ཞིག་ཡོད་དབང་དུ་བཏང་ན། དེ་ནི་རྒྱ་ཁ་གཅིག་གཅོད་བྱེད་པའི་སྐུའི་གཅུང་མོ་རྗེ་བཙུན་པདྨ་དང་དེའི་འོག་གི་འགན་འཛིན་ལྷན་ཚོགས་ཀྱིས་མཁྱེན་ཐུབ་པ་རེད། ངས་གུས་བརྩི་ཆེན་པོས་རིག་གནས་ལས་དོན་གྱི་ཆེད་དུ། སྐུའི་གཅུང་མོ་རྒྱ་ཁ་གཅིག་གཅོད་མ་ཟེར་འདོད་བྱུང་། དེ་ནི་བཙན་བྱོལ་གྱི་ལོ་ངོ་ཉི་ཤུ་རྐང་པ་ས་ལ་འཛུགས་པའི་དུས་ཚོད་ཡིན་ཡང་། དེའི་བར་གྱི་ལོ་ངོ་སུམ་བཅུར་བོད་ཀྱི་སྐད་ཡིག་རིག་གནས་སླར་གསོའི་ཕུགས་རྒྱང་རིང་པོའི་སློབ་གསོ་ཞིག་ཁོ་མོས་མ་རྙེད་ཅིང་། སྟོང་ལོ་གསར་པའི་ནང་གི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་ཁོ་མོས་ཞེ་སྡང་ཆེན་པོ་སྟོན་གྱི་ཡོད། དེ་ནི་ལས་དོན་གཞན་གྱི་ཆེད་དུ་བཀའ་ཤག་ཏུ་བཅར་སྐབས་སུའང་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་རྒྱུ་མིན་ཞེས་སྐད་མཐོན་པོས་ཡང་ཡང་གསུངས་བཞིན་འདུག
ང་རང་ལ་མཚོན་ན། སྤྱི་ཁྱབ་ཚེ་དབང་ཡེ་ཤེས་གཙོས་གྲོས་ལ་དབང་ལ་རྣམས་ཀྱི་མཉམ་དུ་ཤེས་ཡོན་སྲིད་བྱུས་ཐད་བགྲོ་གླེང་ཞིབ་ལྷུག་བྱེད་སྐལ་བྱུང་བས། ཤེས་ཡོན་སྲིད་བྱུས་ཀྱི་གཞི་རྩའི་ལྟ་གྲུབ་དང་། འདབ་གཤོག་ཉིས་ལྡན་ཆགས་མིན་གྱི་ཐད་ཁོང་ལ་རེ་དོགས་རྩ་ནས་མེད་པ་གསལ་བོར་ཐོས་ཤིང་། དོན་ཚན་ ༡༡ དགེ་རྒན་གྱི་སྤུས་ཚད་ཐད་དཀའ་ངལ་ཡོད་པ་ལས་གཞན་ཅི་གང་གི་རྣམ རྟོག་མེད་པའི་རྣམ་འགྱུར་བསྟན་པའི་ཁར། ལག་ལེན་བསྟར་རྒྱུ་མིན་ཞེས་པའི་སྐད་ཆ་དེའང་སྐད་ཆ་ཙམ་གྱི་ངོ་བོར་འགན་འཛིན་ལྷན་ཚོགས་ནས་འཇོག་གི་ཡོད་པའང་ཁོང་གིས་ངོས་ལེན་གསལ་བོ་བྱས་སོང་། ཕྱོགས་འདི་དག་ནས་ལྟོས་ཡོང་ན་བོད་ཁྱིམ་དང་བོད་སྐད་ཡིག་གི་བར་ཐག་ཞེ་དྲག་རིང་པོ་ཡིན་པའི་ཚོར་བ་ང་ལ་མ་བྱུང་ཁར། གང་མགྱོགས་ལག་ལེན་བསྟར་ཚེ་༸གོང་ས་མཆོག་གིས་རིག་གནས་ལས་དོན་ཐད་བཀའ་སློབ་གནང་སྐབས་བཤད་ནི་མང་པོ་བཤད་པ་ཡིན་ཞེས་པ་དེ་འདྲ་གསུངས་མདོག་ཁ་བོ་མ་རེད་བསམ་སོང་།
ཡིན་ནའང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་བཅུ་པར་ཕུལ་པའི་བོད་ཁྱིམ་གྱི་ལན་འདེབས་ནང་། རང་རེའི་སྐད་ཡིག་དང་ཆོས། རིག་གཞུང་ལ་སོགས་པ། ཁོང་ཚོའི་བཞེད་པའི་འཛམ་གླིང་འཕོ་འགྱུར་ལ་གཞིགས་པའི་དེང་དུས་ཤེས་ཡོན་སྤྲོད་རྒྱུ་ལས་གལ་ཆུང་བར་སྔར་མུས་ལྟར་བཞག་ཡོད་ཅིང་། དཔེ་སྟོན་སློབ་གྲྭར་ལྟ་ཞིབ་ཀྱིས་སྔ་འཕྲོས་རིང་ངང་སྒུག་བྱ་རྒྱུའི་གནས་དུས་ཚོད་རྩིས་ཀྱི་སྐད་ཆ་རྫིག་ཉམས་དོད་པོས་གསུངས་འདུག
དེང་སང་བཙན་བྱོལ་བོད་མིའི་དཀྱིལ་འཁོར་ནང་གི་མཁས་པ་ཚོས། གནད་དོན་རྙིང་པ་འདི་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པ་ལས་གཞན་ཅི་གང་མིན་ཚུལ་ཚིག་ཐག་ཆོད་པོས་གསུངས་ཀྱི་ཡོད་ལ། ཡང་ཁ་ཅིག་གིས་མཁས་དབང་ཟམ་གདོང་རིན་པོ་ཆེས་མཁས་ཉམས་བསྟན་དྲགས་ནས་ཁོང་ཚོར་ཕོག་ཐུག་ཤོར་ཚུལ་ཀྱང་ཟེར་གྱི་ཡོད། དེ་ནི་ཁོང་གི་ཤེས་ཡོན་སྲིད་བྱུས་ཀྱི་སྔོན་གླེང་ནང་ ཐོག་མའི་ཛ་དྲག་གི་དུས་སྐབས་སུ་གཞན་གཡར་བྱས་པའི་ལམ་སྲོལ་ཆུ་ངན་ལམ་ཤོར་ལྟ་བུ་གོམས་གཤིས་སུ་འཇགས་ཏེ་དེ་ལས་གཞན་པའི་ལམ་སྲོལ་ཞིག་བསམ་བཞིན་ལག་བསྟར་བྱ་དགོས་མཐོང་མ་ཐུབ་པའམ། མཐོང་ཡང་བྱེད་མ་ཕོད་དབང་གིས་མི་ལོ་བཅུ་ཕྲག་ཁ་ཤས་དེ་མུར་འདས་ཞེས་པ་འདིས་ལོ་རྒྱུས་ནང་འཁོད་རྒྱུའི་རྣམ་དཔྱོད་ཁ་ཤས་ལ་སྡོམ་བརྒྱབས་པ་ཡིན་ཙང་། ཕྱི་ནང་གསང་གསུམ་ནས་ལམ་ལྷོང་མི་ཡོང་བའི་རྐྱེན་མང་འཕྲད་པ་རེད་ཅེས་ཀྱང་མི་མང་པོས་ཚོད་དཔག་བྱེད་ཀྱིན་ཡོད།
གཅིག་བྱས་ན། ཚོད་དཔག་འདི་ཡང་བདེན་པ་འདྲ་སྟེ། ཡང་ཁོང་གིས་ མདུན་སར་སྤྱན་དྲངས་པའི་མཁས་པ་ཁས་ཤས་ལ་རིག་པའི་སྒྲུབ་བྱེད་ཚར་ནས་ལྐོག་ནས་གཞན་དག་རྦད་པའི་ངང་ཚུལ་གྱིས་གྲོས་ཚོགས་ལྟ་བུ་ཞིག་ནས་ཤེས་ཡོན་སྲིད་བྱུས་འདི་བཀག་མ་ཐུབ་ན། བོད་མིའི་ཤེས་ཡོན་གྱི་མདུན་ལམ་ལ་གནོད་ཚབས་ཆེན་པོ་ཡོང་བའི་ཉེན་བརྡ་གཏོང་མཁན་ཡོད་པའང་མཁྱེན་ཚུལ་གསུངས་འདུག
འདི་ལྟར་ལྟོས་ཡོང་དུས། ངའི་མིག་ལ་བོད་འདི་སྣང་སྟངས་ནི་༸གོང་ས་མཆོག་དང་། ལས་ཀྱི་སྣེ་མོ་བ། གཞི་རིམ་མང་ཚོགས་བཅས་རིགས་གསུམ་གྱིས་སྣང་གི་འདུག་པས། ཤི་ཡང་མིག་བཙུམ་མི་ཐུབ་ཟེར་མཁན་ཆོས་ཀྱི་རྒྱལ་མཚན་ལྟ་བུའི་བོད་སྐད་ཡིག་རིག་གནས་ཀྱི་ཀ་བ་དེ་ཚོ་ཡང་ཡང་དྲན་པ་ལྟ་བུ་ཞིག་སྟེ། བཙན་བྱོལ་ནང་གི་སྐད་ཡིག་རིག་གནས་ལམ་ཁ་གང་འདྲ་ཞིག་ཏུ་འགྲོ་འམ་བསམ་དུས། བཙན་བྱོལ་བོད་མི་ཚོར་ཤེས་ཡོན་ལས་སྒྲུབ་བྱ་གཞན་མི་དགོས་པ་ལྟ་བུ་ཞིག་ཏུའང་མཐོང་ལ། ནམ་ཞིག་ར་རི་སྤྲིན་པའི་ཟོལ་འདི་དྭངས་ནས། མཁས་མང་བརྡར་བའི་ཤེས་ཡོན་སྲིད་བྱུས་འདི་ཡོངས་སུ་ལག་བསྟར་བྱེད་ཐུབ་པ་ཞིག་ཀྱང་མི་ཡོང་ངམ་བསམ་ནས་རང་སེམས་རང་གིས་གསོ་ཞོར།
བོད་ཁྱིམ་དང་ཤེས་ཡོན་སྲིད་བྱུས་བར་གྱི་གནས་བབ་འདི་གྲལ་གྱི་མཐའ་ན་གནས་པའི་གཞི་རིམ་མང་ཚོགས་དང་། གཞིས་ལུས་མི་མང་དང་། དེའི་ནང་གི་བུ་ཕྲུག་རྒྱང་དུ་བཏང་བའི་ཕ་མ་ཚོས་ཀྱང་ཅུང་ཙམ་མཁྱེན་ན་གློ་བ་སིམ།
༢༠༡༠། ༡༡། ༡། ཉིན།

རྩོམ་རིག

Post navigation

Previous Post: རྒྱ་གཞུང་གི་ཁྱད་ནོར "རིམ་བསྒྱུར་རྩད་རྫོགས" ཕྱིར་ཕྱུངས་ཏེ། ཆོས་དད་རང་མོས་ལ་མཛུབ་སྟོན་བྱེད་པ།
Next Post: ཀུན་ཕན་ཐེབས་རྩ་ཚོགས་པ་ཚང་གི་གསལ་བསྒྲགས།

Comments (1) on “མཐོ་རིམ་སློབ་ཐོན་པ་ ༤༠༩༢ ཅན་གྱི་བོད་ཁྱིམ།”

  1. ཚེ་རིང་། says:
    2010-11-03 at 6:22 am

    བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་སྲིད་བྱུས་ལ་སྐྱོན་ཆ་རྩ་བ་ནས་མེད་ཅེས་བཤད་མི་ཐུབ། སྐྱོན་ཅི་ཡང་མེད་མཁན་ཞིག་ཧ་ལམ་ཁག་པོ་ཡིན། བོད་ཀྱི་རིག་གནས་སློབ་གཉེར་ལ་བོད་ཁྱིམ་ནས་ནུས་ཤུགས་འདོན་གྱི་མེད་པའི་བསམ་ཚུལ་ཞིག་བཤད་ཀྱི་ཡོད་པ་འདྲ་པོ་འདུག གང་ལྟར་ཁྱེད་རང་གི་རྩོམ་ཡིག་འདིའི་བརྗོད་པ་བདེ་མོ་ཞིག་མི་འདུག
    གལ་ཏེ་བོད་ཕྲུག་རྣམས་མཐོ་རིམ་སློབ་གྲྭ་ཁག་ལ་འགྲོ་དགོས་ཀྱི་ཡོད་ན། འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་གཏང་དགོས། ཡིག་རྒྱུགས་དེ་གཉིས་ཀྱི་སྐད་ཡིག་གི་གཞི་རིམ་ནི་གཙོ་བོ་དབྱིན་ཇི་དང་། ཧིན་སྐད་སོགས་སྐད་ཡིག་འགའ་ཤས་ཡོད། བོད་ཡིག་མེད། གལ་ཏེ་ཡིག་རྒྱུགས་ཆེན་མོ་དེ་གཉིསཀྱི་གྲུབ་འབྲས་ཡག་པོ་ཞིག་དགོས་ན། ངེས་པར་ཐོག་མར་དབྱིན་སྐད་དེ་ལེགས་པོ་དགོས། ཡིག་རྒྱུགས་ཀྱི་གྲུབ་འབྲས་ནི་སློབ་ཕྲུག་སྒེར་ངོས་ལ་གལ་ཆེན་ཡིན་པ་སྨྲོས་མེད་དང། འབྲེལ་ཡོད་སློབ་གྲྭ་དང་ཡང་འབྲེལ་བ་ཡོད། གལ་ཏེ་སློབ་གྲྭ་ཞིག་ནས་རྒྱུན་བསྟུད་མར་སློབ་ཕྲུག་ཡིག་རྒྱུགས་མ་ལོན་མཁན་མང་པོ་ཞིག་ཐོན་ཚེ། སློབ་གྲྭ་སྒོ་བརྒྱབས་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད། མ་ཟད་དེང་དུས་ཀྱི་མཐོ་རིམ་སློབ་གྲྭ་ལེགས་གྲས་སུ་སྐད་ཡིག་གི་ཆུ་ཚད་ལེགས་པོ་མེད་ན། སློབ་ཕྲུག་གཞན་དང་བསྡུར་མི་ཐུབ།
    དེར་བརྟེན་སློབ་ཚན་ཚང་མ་བོད་ཡིག་ཐོག་བཟོ་རྒྱུ་འདི་བསམ་བློཡག་པོ་གཏོང་བ་་དང་ཚོད་བལྟ་ལེགས་པོ་ཞིག་མ་བྱས་ཚེ། ཧོལ་རྒྱུགས་ཀྱི་དབང་དུ་ཕྱིན་པ་ཡིན་ན། བོད་ཕྲུག་སྟོང་ཕྲག་མང་པོའི་མདུན་ལམ་དང་འབྲེལ་ནས་ཡོད།
    སྤྱིར་འཛིན་རིམ་ལྔ་པ་བར་དུ་དབྱིན་སྐད་དང་ཧིན་སྐད་མ་གཏོགས་ཚང་མ་བོད་ཡིག་ནང་བཟོས་ཡོད། འཛིན་རིམ་བརྒྱད་པ་བར་བཟོ་རྒྱུའི་འཆར་གཞི་ཡོད་པ་གོ་ཐོས་བྱུང་ཡང་། ལག་བསྟར་བྱས་ཡོད་མེད་ཤེས་མ་སོང་།
    ཟབ་ཟབ་བྱེད་དགོས་པ་གནད་ཀྱི་དོན་རེད། བོད་ཀྱི་རིག་གནས་གལ་ཆེན་པོ་ཡིན་པ་བཞིན་དུ་དེང་དུས་ཀྱི་ཤེས་ཡོན་ཀྱང་གལ་ཆེན་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme