Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཉེན་ཆས་ངོ་སྤྲོད།

Posted on 2013-08-27 By ཁ་བརྡ་ 7 Comments on མཉེན་ཆས་ངོ་སྤྲོད།

ལུང་རྟོགས།

0གསར་འགྱུར་ལ་དགའ་བའི་གྲོགས་པོ་རྣམ་པར་གཏམ་བཟང་ཞིག་ཞུ་རྒྱུ་ཡོད། དེ་ཡང་ཉེ་ཆར་ཨ་རིའི་VOA རླུང་འཕྲིན་ཁང་ནས་ལེ་ཚན་ཁག་ལྟ་ཉན་བྱེད་སའི་མཉེན་ཆས་གསར་པ་ཞིག་བཟོས་འདུག མཉེན་ཆས་འདི་ཕབ་ལེན་གནང་དང་ལེ་ཚན་ལྟ་ཉན་བྱེད་རྒྱུ་ཧ་ཅང་སྟབས་བདེ་རེད། མཉེན་ཆས་འདི་ཀུ་ཤུ་རྟགས་ཅན་དང་ཨན་སྒྲོ་གཉིས་ཀའི་ནང་ཕབ་ལེན་བྱེད་ཐུབ་པ་ཞིག་ཡིན་འདུག གཤམ་ནས་མཉེན་ཆས་འདི་བེད་སྤྱོད་བྱེད་སྟངས་ཅུང་ཟད་ཞུ་རྒྱུ་ཡིན། མཉེན་ཆས་འདིས་གཤམ་ནས་ཕར་ ༡ མདུན་ངོས། ༢ ལེ་ཚན། ༣ དགའ་ཤོས། ༤ སྒྲ། ༥ more འམ་མང་བ་སྟེ་སྡེ་ཚན་ཆེན་པོ་ལྔ་ཡོད།

དེ་ལས་དང་པོ་མདུན་ངོས་ཞེས་པ་དེའི་ནང་ལ་གོང་ནས་ཕར་བརྙན་འཕྲིན་གྱི་ལེ་ཚན་ཁ་ཤས་དང་། གཤམ་ནས་མར་སྒྲ་ཡི་གསར་འགྱུར་ཁག་ཅིག་ཡོད། གཉིས་པ་ལེ་ཚན་ཞེས་པ་དེའི་ནང་ལ། བརྒྱུད་ལམ་སྣ་ཚོགས་དང་། བོད། རྒྱ་ནག ཨ་རི། འཛམ་གླིང་སྟེ་སྡེ་ཚན་ལྔ་ཡོད། དེའི་ནང་ནས་དང་པོ་བརྒྱུད་ལམ་སྣ་ཚོགས་ཞེས་པ་དེར་འཛུལ་ན། ཀུན་གླེང་དང་། ཀུན་གླེང་གསར་འགྱུར། དྲ་བརྙན་གསར་འགྱུར། དྲ་སྣང་གི་བོད་སོགས་བརྙན་འཕྲིན་གྱི་རིགས་ཚང་མ་ཡོད། གཤམ་གྱི་སྡེ་ཚན་དེ་དག་ན་གོང་གསལ་ས་ཁུལ་དེ་དག་གི་གསར་འགྱུར་རྣམས་ཡོད།
གསུམ་པ་དགའ་ཤོས་ཞེས་པ་དེའི་ནང་དུ། རང་ཉིད་གང་ལ་དགའ་མོས་ཡོད་པའི་སྒྲ་བརྙན་ཡིག་གསུམ་གྱི་ལེ་ཚན་ཁག་ཕབ་ལེན་བྱེད་ཆོག བཞི་པ་སྒྲ་ཞེས་པ་དེའི་ནང་ལ། སྔ་དགོང་ཉིན་གསུམ་གྱི་རླུང་འཕྲིན་ཁག་དང་། དེ་མིན་སྒྲ་ཡི་གསར་འགྱུར་ཁག་ཅིག་བཅས་ཡོད། ལྔ་པ་མང་བ་ཞེས་པ་དེའི་ནང་ལ། ༡ ང་ཚོར་སྒྲ་བརྙན་སྤྲོད་ས་དང་། ༢ སྒྲིག་བཀོད། ༣ འཚོལ། ཞེས་པའི་སྡེ་ཚན་གསུམ་ཡོད། དང་པོ་དེའི་ནང་ལ། བརྙན་པར་དང་། སྒྲ། ཡིག་ཐོག་བཅས་ནས་ཨ་རིའི་རླུང་འཕྲིན་ཁང་ལ་ཐད་ཀར་གསར་འགྱུར་མཁོ་སྤྲོད་བྱེད་ཐུབ།

དེ་ལས་དང་པོ་གཉིས་ལ་ནང་གསེས་སྡེ་ཚན་གཉིས་རེ་ཡོད་ཅིང་། དང་པོ་གཉིས་ནི་བརྙན་པར་དང་སྒྲ་གསར་ལེན་དང་གསར་འཇུག་བྱེད་ས་དང་། ཕྱི་མ་གཉིས་ནི་རང་ཉིད་ཀྱི་ཁ་པར་སོགས་ཀྱི་ནང་སྔར་ནས་ཡོད་པའི་པར་དང་སྒྲ་གཏོང་ས་རེད། གཉིས་པ་སྒྲིག་བཀོད་ཅེས་པ་དེའི་ནང་ལ། སྐད་ཡིག་གདམ་ས་དང་། ཡིག་གཟུགས་ཆེ་ཆུང་བཟོ་ས་སོགས་མང་པོ་ཞིག་ཡོད།
མཉེན་ཆས་འདིའི་ཁྱད་ཆོས་གཙོ་བོ་ནི།
༡ དགའ་ཤོས་ཞེས་པའི་སྡེ་ཚན་དེའི་ནང་ལ་ཨ་རིའི་རླུང་འཕྲིན་ཁང་གི་སྒྲ་བརྙན་ཡིག་གསུམ་གྱི་ལེ་ཚན་རྣམས་ཕབ་ལེན་བྱས་ན་དྲ་རྒྱ་མེད་ས་ནས་ཀྱང་ལྟ་ཀློག་ཉན་གསུམ་བྱེད་ཐུབ་པ།
༢ ཨ་རིའི་རླུང་འཕྲིན་ཁང་ལ་ཐད་ཀར་པར་དང་སྒྲ་ཡི་གེ་བཅས་ཀྱི་ལམ་ནས་གསར་འགྱུར་མཁོ་སྤྲོད་བྱེད་ཐུབ་པ།
༣ སྐད་ཡིག་སྣ་ཚོགས་རང་འདོད་ལྟར་གདམ་ནས་སྐད་ཡིག་དེ་དང་དེའི་ལམ་ནས་ལེ་ཚན་ལྟ་ཀློག་ཉན་གསུམ་བྱེད་ཐུབ་པ་བཅས་རེད།

སྣ་ཚོགས།

Post navigation

Previous Post: བདག་གི་ཕ་ཡུལ།
Next Post: ཞི་གནས་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་ཐོབ་ཐུབ་བམ།

Comments (7) on “མཉེན་ཆས་ངོ་སྤྲོད།”

  1. དོན་འགྲུབ says:
    2013-08-28 at 2:57 am

    ང་ནི་ནམ་ཡིན་ཡང་གསར་འགྱུར་ཉན་ན་འདོད་ཉིན་ཞིག་ཡིན། དྲ་གྲོགས་ཚོས་རོག་པ་མང་ཙམ་གནང་རོག

  2. དགའ་སྐུ་ says:
    2013-08-28 at 3:17 am

    ངོ་སྤྲོད་གནང་བར་དགའ་བསུ་ཞུ།

  3. དོན་འགྲུབ says:
    2013-08-28 at 7:52 am

    ང་ནི་ནམ་ཡིན་ཡང་གསར་འགྱུར་ཉན་ཀློག་བྱེད་པ་དགའ་པོ་ཡོད། དྲ་གྲོགས་རྣམ་པ་ཚོས་རོགས་པ་མང་ཙམ་བྱེད་རོགས།

  4. དོན་འགྲུབ says:
    2013-08-28 at 7:55 am

    ངོ་སྤྲོད་བྱེད་པ་འདི་ལ་ཐུགས་རྗེ་ཆེ་ཞུ།

  5. བཙན་ནག་པ། says:
    2013-08-28 at 11:20 am

    ཕབ་ལེན་བྱེད་སའི་གནས་གང་དུ་ཡོད་པ་དང་ཚུལ་ཇི་བཞིན་ངོ་སྤྲོད་ཞིག་གནང་རོགས།

  6. ལུང་རྟོགས། says:
    2013-08-28 at 12:23 pm

    ཀུ་ཤུ་རྟགས་ཅན་ཡིན་ན་ཕབ་ལེན་མཉེན་ཆས་ app store ཞེས་པ་དེའི་ནང་གི། འཚོལ་གཤེར་བྱེད་ས་ search ནང་ལ་VOA ཞེས་བྲིས་ནས་བརྩལ་ན་བརྙེད་ཐུབ།

  7. ལུང་རྟོགས། says:
    2013-08-28 at 12:25 pm

    ཕབ་ལེན་བྱེད་ཚར་རྗེས་ཁ་ཕྱེ་བ་དང་ཡིག་རིགས་འདྲ་མིན་མང་པོ་ཞིག་ཤར་ཡོང་། དེའི་ནང་ནས་ཨ་རིའི་རླུང་འཕྲིན་བོད་སྐད་ཅེས་པ་དེ་གདམ་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme