Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཉམ་འབྲེལ་རྒྱལ་ཚོགས་སྒོ་དྲུང་གི་མཐའ་མའི་མཆིད།

Posted on 2012-03-20 By ཁ་བརྡ་ 13 Comments on མཉམ་འབྲེལ་རྒྱལ་ཚོགས་སྒོ་དྲུང་གི་མཐའ་མའི་མཆིད།

(བཀྲེས་ལྟོགས་ཉིན་ཉེར་བདུན་པའི་དབུགས་རྒྱུན་མཐའ་མའི་མགྲིན་ཚབ་ཏུ།)

ཨ་འཇམ།

ད་ལྟ་འཛམ་གླིང་མི་དམངས་ཀྱིས་གོ་མཚོན་ཐང་དུ་བཞག་ནས་རྒྱལ་ཁབ་བར་གྱི་རྩོད་གཞི་དག་ཀྱང་ཅོག་ཙེའི་སྟེང་ནས་ཐག་གཅོད་བྱེད་བཞིན་པའི་སྐབས་སུ་མཆིས། ངེད་ཚང་སྟེ་གངས་རིའི་རི་ཁྲོད་དུ་འཚོ་བའི་ངའི་སྤུན་ཟླ་རྣམས་ཉིན་རེ་ནས་ཉིན་རེར་དམར་གསོད་བྱས་པའི་གྲངས་ཚད་འཕར་བཞིན་ཡོད་ལ། དེ་བཞིན་དུ་ངའི་སྤུན་ཟླ་ཚོ་ཡང་གུ་དོག་པའི་འཚོ་གནས་ནས་འུ་ཐུག་པའི་སྣང་ཚུལ་ཛ་དྲག་གི་ངོ་བོར་འཕེལ་བཞིན་མཆིས་པས། རང་ཉིད་མེར་སྒྲོན་བཞིན་པའི་སྣང་ཚུལ་ནི་ད་སྔ་འཛམ་གླིང་གི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་གྲངས་ཚད་ཅིག་ཏུ་འཕེལ་བཞིན་པའི་སྐབས་རེད། ད་ལྟའི་གནས་བབ་འདི་ཉིད་མུ་མཐུད་དུ་བཞག་ཚེ་ཡ་ང་བའི་གདུག་རྩུབ་དང་འུ་ཐུག་པའི་སྣང་ཚུལ་འདི་ལས་ངའི་མི་རིགས་འདི་ཉིད་འཛམ་གླིང་གི་ཉམས་རྒུད་ཀྱི་འགྲོས་ཚད་ཆེས་མགྱོགས་ཤོས་ཀྱི་སྟེང་ན་གནས་ཡོད། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱན་ཟུང་གིས་གཡོ་ཙམ་ཡང་མ་གནངས་པའི་གོ་ལ་འདིའི་གྲུ་ཟུར་གྱི་མུན་ནག་གི་ཆ་ཤས་ཤིག་རེད།
ད་ལྟ་ང་ཚོ་ཁྱོད་ཚང་གི་སྒོ་དྲུང་དུ་འབྱོར་ཡོད། སྒོ་མོ་འདི་ནས་ཀེར་གྱིས་ལངས་ནས་གནམ་ལ་ལྟ་བ་ནི་བརྗིད་ཆགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕོ་བྲང་ལྟ་བུའི་ཁང་ཆེན་དེ་མིན། ཁང་རྩེག་ནང་ན་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་ཁྱེད་ཅག་བརྗིད་ཉམས་ནི་དེ་བས་ཀྱང་མིན། ང་ཚོ་རི་དང་ལུང་བ་བརྒལ་ནས་ཁྱེད་ཚང་གི་སྒོ་འགྲམ་ནས་ཉལ་འགོ་ཚུགས་ཡོད། འདི་ལ་རྒྱུ་མཚན་མང་པོ་མེད་དེ། ཁྱེད་ཅག་གི་ཅོག་ཙེའི་སྟེང་ན་བོད་པ་ཚང་ལ་མེ་འབར་བཞིན་པའི་ཡིག་ཆ་མེད་པས་ཡིན། བོད་པ་ཞེས་པའི་མི་རིགས་འདི་ཉིད་ལ་གཅར་རྡུང་བྱེད་བཞིན་པའི་ཐམ་ག་མེད་པས་ཡིན། ང་ཚོས་ཉིན་རེ་ནས་ཉིན་རེ་ཁྱོད་ཚང་གི་སྒེའུ་ཁུང་ལ་ཅེར་ནས་བསྡད་ཡོད། ཡིན་ནའང་། ཁྱེད་ཅག་དེ་རིང་ཚགས་ཤོག་ངོས་སུ་འཛུམ་ཤིག་ཤིག་གིས་རྒྱལ་ཁབ་གང་རུང་ཞིག་གི་གནད་དོན་ཐག་བཅད་ཚུལ་གྱི་གསར་འགྱུར་མང་དུ་འབྱོར་གྱིན་འདུག ཁང་རྩེག་དེའི་སྒེའུ་ཁུང་ནང་ནས་ཁྱོད་ཚོས་ཉིན་རེ་བཞིན་ལྟོགས་ཤི་ཁོ་ནར་སྒུག་པའི་བོད་པ་ཉམ་ཐག་ངེད་ཅག་དངོས་གནས་མཐོང་མེད་པ་འདྲ། ང་ཚོས་རང་ཉིད་ཁོ་ནའི་ཁ་ཟས་རྫོགས་ཏེ་རྩམ་པ་སློང་ཕྱིར་ཁྱེད་ཚང་གི་སྒོ་འགྲམ་དུ་བཅར་བ་ག་ལ་ཡིན། ང་ཚོ་ཡང་ཁྱེད་ཅག་བཞིན་གནམ་ལ་ཟུག་པའི་ཁང་རྩེག་ཏུ་སྡོད་མ་ཐུབ་ཀྱང་རང་ཉིད་དང་འཚམ་པའི་སྡོད་ཁང་དྲོད་ཁོལ་ལེ་བ་རེད་ཡོད། འོན་ཀྱང་ང་ཚོ་ལ་བསྒྲགས་གཏམ་གཅིག་གིས་ཉམ་ཐག་མི་རིགས་སྐྱོབ་ཐུབ་པའི་རྐུབ་སྟེགས་དང་ཅོག་ཙེ་དེ་མེད། ད་ལྟ་ང་ཚོས་བསམ་བཞིན་དུ་རང་ཉིད་ལྟོགས་ཤི་ལ་འཇུག་པ་འདི་ནི་ཁྱོད་ཚོས་མི་ཞེས་པར་འདྲ་མཉམ་དུ་ལྟ་མ་ཐུབ་པས་ཡིན། གལ་སྲིད་ཁྱོད་ཅག་འཛམ་གླིང་ཞི་བདེ་ལ་དགའ་མཁན་ཞིག་ཡིན་ན། གལ་སྲིད་ཁྱོད་ཅག་ཉམ་ཐག་རྒྱབ་དཔུང་དུ་ལངས་མཁན་ཞིག་ཡིན་ན། གལ་སྲིད་ཁྱོད་ཅག་བདེན་པའི་གནས་ལུགས་ལ་དགའ་མཁན་ཞིག་ཡིན་ན། གལ་སྲིད་ཁྱོད་ཅག་མིའི་རིགས་འདྲ་མཉམ་དུ་ལྟ་མཁན་ཞིག་ཡིན་ན། བལྟས་བལྟས་རིག་རིག་ལ་མེ་ནང་དུ་མཆོངས་བཞིན་པ་དང་། དྲག་གནོན་གྱིས་གསོད་བཞིན་པའི་ངའི་མི་རིགས་ཀྱང་འཛམ་གླིང་མི་རིགས་གཞན་དང་འདྲ་མཉམ་དུ་ལྟ་རོགས། བལྟས་པས་མ་ཟད་ལོ་ངོ་འདི་དག་ཏུ་དམག་ཤུགས་ཀྱི་མནར་གཅོད་ཚད་ལས་བརྒལ་བའི་འོག་གི་ ངའི་ཕ་ཡུལ་བཙོན་ཁང་དུ་བསྒྱུར་བར་གཟིགས་རོགས་གྱིས། ངའི་སྤུན་ཟླ་ཉེས་མེད་དུ་རྡུང་བར་སྐྱོབ་རོགས་གྱིས།
ད་ལྟ་ངེད་ཅག་ཁྱེད་ཅག་གི་སྒོ་དྲུང་ན་འཆི་བ་ལ་ཉེ་བར་ཕྱོགས་ཡོད། དང་ཐོག་གི་སྔོ་ཡུག་ཡུག་གི་ཁང་རྩེག་སྒེའུ་ཁུང་དེ་ཡང་ད་ནི་རབ་རིབ་ཙམ་ལས་མཐོང་ཐུབ་ཀྱི་མི་འདུག ཉིན་ཉེར་བདུན་ཕྱིན་པའི་དེ་རིང་འཇིག་རྟེན་འདིར་བདེ་བའི་ངང་གསོན་པའི་མི་ང་ཚོ་ཕལ་ཆེར་ཁྱོད་ཅག་གིས་བསྐྱབས་མ་སོང་། དེ་ཡང་ང་ཚོ་མི་གསུམ་འཆི་རུ་བཅུག་པ་ནི་གནད་དོན་ཆེན་པོ་ཅི་ཡང་མིན་ཏེ། ང་ཚོའི་རྒྱབ་ཏུ་འཆི་བར་ཕྱོགས་གཞིས་ལུས་ཁྲི་ཕྲག་མང་པོ་བསྐྱབས་མ་སོང་བ་དེ་ནི་ཁྱོད་ཅག་གི་ནག་ཉེས་ཆེ་ཤོས་དེ་ཡིན། མ་འོངས་པར་མུ་མཐུད་དུ་ངའི་སྤུན་ཟླ་ཚོས་ཁྱོད་ཀྱི་སྒོ་དྲུང་ནས་རྣམ་ཤེས་གཏའ་མར་བཞག་སྟེ། དེ་རིང་གི་མེ་ལྕེ་ལྟར་འཆི་བར་ཕྱོགས་མཁན་གྱི་རྣམ་ཤེས་མང་པོས་འཚང་ག་ཤིག་ཤིག་གིས་ཁྱོད་ཀྱི་སྒོ་མོ་བརྡུང་སྲིད། དེ་དུས་ཁྱོད་ཀྱི་ཡིག་ཆ་དེ་འབྱོར་ལྡན་རྒྱལ་ཁབ་ཀྱི་ངོ་སོའི་ཆེད་དུ་མ་ཡིན་པར། ཉམ་ཐག་པའི་མིའི་རིགས་སྐྱོབ་བྱེད་ཅིག་ཏུ་བསྒྱུར་ཐུབ་པའི་རེ་བ་ཡོད། ད་ནི་ཉིན་ཉེར་བདུན་གྱི་དབུགས་རྒྱུན་མཐའ་མ་ཡིན། ང་ཚོ་རང་ཉིད་ལ་དབང་བའི་ཚེ་སྲོག་འདི་ཉིད་འུ་ཐུག་པའི་ངང་ཁྱོད་ཀྱི་སྒོ་དྲུང་ནས་ཞི་བའི་ངང་བཀོལ་ཚར་བ་ཡིན། འདི་ནི་མི་དཀྱུས་མ་ཞིག་ལ་ཡོད་པའི་རང་ཉིད་ཀྱི་རིན་ཐང་དང་ནུས་པ་ཆ་ཚང་ཞིག་བཀོལ་ཟིན་པ་ཡིན། ད་ནི་མགོ་ཡོམ་འཁོར་ཚད་ཀྱང་ཧ་ཅང་མགྱོགས་པས། གནམ་ས་ངོས་ཟིན་དཀའ་བའི་ཚོད་དུ་མཆིས། དེ་ལྟར་ཁྱོད་ཀྱི་ཁང་རྩེག་རྩེ་མོ་ཡོམ་ཡོམ་དཀྲུག་བཞིན་མཆིས། ཕལ་ཆེར་དེ་ལྟར་དེ་ལྟར་ང་ཚོ་ཡང་ཁྱོད་ཀྱི་སྒོ་འགྲམ་ནས་དེ་ལྟར་མཇུག་བསྡུས་འགྲོ་བ་འདྲ།
༢༠༡༢ ༣ ༢༠ ལ་བྲིས།

སྣ་ཚོགས།

Post navigation

Previous Post: བཙན་འོག་གི་བོད་དུ་རང་ལུས་མེར་སྲེག་དང་ངོ་རྒོལ་ས་ཁྲ། ༼༢༠༡༢་༣་༣ ནས་ ༡༨ བར༽
Next Post: མ་འོངས་རྩ་དོན་སྒྲུབ་ཕྱོགས།

Comments (13) on “མཉམ་འབྲེལ་རྒྱལ་ཚོགས་སྒོ་དྲུང་གི་མཐའ་མའི་མཆིད།”

  1. ཀླུ་སྨྱོན། says:
    2012-03-20 at 7:05 pm

    ངེད་མཉམ་འབྲེལ་རྒྱལ་ཚོགས་དང་ཁྱོད་བོད་པ་ཚོའི་བར་འབྲེལ་བ་ཅི་ཡང་མེད་པས་ང་ཚོའི་རྣ་ཅོག་བསུན་པོ་མ་བཟོ་བར་ཕར་རྒྱུགས་ཤིག

  2. རྒྱ་གར་རྨ་བྱ། says:
    2012-03-20 at 10:32 pm

    སྙིང་སྟོབས་ཅན་གྱི་བོད་མི་གསུམ་གྱི་ལྟོགས་གོམས་ལས་འགུལ་དེ་བཞིན་ད་ལྟ་སྐྱོག་མཚམས་ཤིག་ཏུ་སླེབས་ནས་ཡོད་པས། འདི་ལྟར་ང་ཚོས་ཤུགས་གནོན་སྟེར་དགོས་པའང་ཛ་དྲག་གི་དགོས་དབང་ཡིན་པས། འདི་ལྟར་བྲིས་པ་ཧ་ཅང་ལེགས་སོོ།།

  3. ཟངས་རྡོ says:
    2012-03-20 at 11:08 pm

    མཉམ་འབྲེལ་རྒྱལ་ཚོགས་རང་དབང་དང་འཆམ་མཐུན་གྱི་སྟེ་གནས་ཁྱེད་རྣམས་ཀྱི་ངེད་མི་རིགས་འདི་སྐྱོབས་རོགས་ཞུ།
    ཀླུ་སྨྱོན་འདི་ར་བཟི་ཡོད་ས་རེད་་་་ཁ་སྟོང་ནང་ནས་ཚིག་སྟོང་རེ་བཤད་དེ་ཁྱོད་ཀྱིས་སྐྱོབས་བསམ་ཀྱང་དེའི་ནུས་པ་ཡོད་པ་མ་རེད།

  4. རུ་ཤུལ‚ཆོས་གྲུབ་ says:
    2012-03-21 at 1:41 am

    ཀླུ་སྨྱོན་གྱི་བཤད་པ་ངོ་མ་བདེན་གི རྒྱལ་ཚོགས་ཀྱིས་བཤད་ན་འདི་ལྟ་བུ་ལས་ང་ཚོ་ལ་མཁོ་བའི་གཏམ་ཞིག་རྡོའི་སང་གེའི་ཁ་ནས་གསེར་དང་གཅིག་པ་རེད། ད་ཅི་བྱེད། ཉིན་མ་རེ་རེར་འུ་ཚང་གི་དཔའ་བོ་འདས་པའི་གྲངས་ཀ་ཇེ་མང་རེད། ངོ་མ་སེམས་ཀྱི་མི་བཟོད་ཀི

  5. རྩམ་དགའ། says:
    2012-03-21 at 1:53 am

    ཨ་ཁུ་ཚང་གི་སྐད་ཆ་དེ་བདེན་པ་རང་རེད་འདུག ཁོང་ཚོས་མཐོང་གིན་མ་རེད་ལ་་་་མཐོང་ཡང་ཕན་གྱིན་མ་རེད་པ། མི་མང་གིས་ཁོང་ཚོ་ཅིག་མ་སྒུལ་ན་འགུལ་ཤེས་ནི་མ་རེད།

  6. ཐུབ་པ། says:
    2012-03-21 at 4:28 am

    རེད། ཁྱོད་ཚོ་བོད་པ་ཚོ། ངེད་མཉམ་འབྲེལ་རྒྱལ་ཚོགས་ལ་ཤིག་གི་རིན་ཐང་ཡང་མེད་པས། སྟག་ལ་སྟག་ལྤགས་མ་སློང་བར་མགྱོགས་མྱུར་ཕར་རྒྱུགས་ཤིག
    ཀྲུང་གོ་རྒྱལ་ཁབ་ལ་སྙན་ཞུ་ཕུལ་བའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ངེད་ཅག་གི་གམ་དུ་ཤོག་ཅིག
    ཁྱོད་ཅག་གི་མེས་རྒྱལ་ཀྲུང་གོས་ཐག་མ་ཆོད་པ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ལ་ལས་ཡག་ཡོད་མ་རེད།
    ཧ་གོ་སོང་ངེ།

  7. ཁ་སྒང་ཤེར་རྒྱམ། says:
    2012-03-21 at 5:34 am

    གནད་ལ་འཁེལ་བ་ཞིག་གསུང་འདུག དབྱིན་ཡིག་ཏུ་བསྒྱུར་ཐུབ་ན་ཤིན་ཏུ་ལེགས་སྙམ།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-03-21 at 10:39 am

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱག་ལས་ནང་ལ། ང་ཚོ་བོད་མི་ཚོ་ལ་ཡང་དྲང་བདེན་གྱིས་ཐག་གཅོད་ཅིག་བྱ་དགོས་པ་མི་འདུག་གམ། དྲང་བདེན་རྒྱལ་འགྱུར་ཅིག །

  9. རྣམ་པར་རྒྱལ་བ། says:
    2012-03-21 at 1:45 pm

    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱ་བསམ་ན་ཕར་ངོས་ཀྱིས་ནུས་སྟོབས་ཆེ་སོང་སྟབས། བྱ་ཐབས་ཁྱོན་ནས་ཡོད་མ་རེད། དབྱིན་སྐད་རང་མ་སོང་ན་remote control གྱི་དབང་དུ་འགྲོ་དགོས་པས་སོ། མྱུར་དུ་བདེ་སྐྱིད་ཀྱི་ཉི་མ་འཆར་བར་སྨོན། གཞིས་ཀྱི་སྤུན་ཟླ་རྣམ་པས་ཞི་རྒོལ་སྐབས་རང་གི་མངོན་འདོད་ཁག་སྐད་རིགས་གཞན་གྱི་ཐོག་ཏུ་རིས་སུ་བཀོད་སྟེ་འདྲ་དཔར་ཁག་འདི་ཕྱོགས་སུ་གཏོང་ཐུབ་ན་དགེ་ཚན་ཆེ་བར་སེམས།
    བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།

  10. དོན་འགྲུབ། says:
    2012-03-21 at 3:49 pm

    འདི་ཉིད་ཡིག་རིགས་གཞན་དུ་བསྒྱུར་ཐུབ་མཁན་ཨེ་ཡོད།

  11. ཆབ་སྐྱེས་བཙན་པོ། says:
    2012-03-21 at 3:57 pm

    ཨ་འཇམ་གྱིས་བཤད་པ་དེ་དངོས་གནས་རེད་ལགས། མུན་ནག་གི་གྲུ་ཟུར་ཞིག་ན་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་ང་ཚོའི་འདི་ལ། འཛམ་གླིང་གི་མི་རིགས་ཡོད་དོ་ཅོག་ལ་གཅེས་སྐྱོང་བྱེད་བཞིན་པའི་རྒྱལ་ཚོགས་ཀྱིས་ཀྱང་ང་ཚོ་ལ་གཟིགས་སྐྱོང་མེད་པ་ལ་ང་ངོ་མ་སྐྱོ་སོང་། ད་དུང་རྒྱལ་སྤྱིའི་དཔའ་རྒོད་གསུམ་གྱིས་རྒྱལ་ཚོགས་ཀྱི་མདུན་དུ་ཉིན་ཉེར་དགུ་ལ་ཟས་བཅད་དེ་སྲོག་ཉེན་ལ་ཐུག་ཡོད་ན་ཡང་བརྡ་ལན་མེད་པ་དང་རྒྱབ་སྐྱོར་ཀྱི་རྣམ་པ་ཞིག་ཅིང་མེད་པ་ལ་དེ་བས་ཀྱང་མི་སྐྱོ་བ་ག་ལ་སྲིད། ཡིན་ན་ཡང་ང་ཚོས་སྐྱོ་བ་སྙིང་སྟོབས་ལ་བསྒྱུར་ཏེ་ཚང་མས་འབད་བརྩོན་བྱ་དགོས།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-03-21 at 6:28 pm

    ངས་དྲན་ཚོད་ཅིག་ཞུས་ན། དཔའ་བོ་ཐུབ་བསྟན་དངོས་གྲུབ་གྲོང་ཚར་ནས། དེའི་སྐབས་ཀྱི་གཞོན་ལྷན་འགོ་འཁྲིད་དེས། ངས་བྱུས་བཀོད་འོག་མི་ཞིག་གི་སྲོག་ཤོར་སོང་ཞེས་ངུ་སྐད་ཐོན་པ་གོ་བྱུང་བས་དེ་དོན་སོམས་དགོས་པ་ཡང་མི་འདུག་གམ།

  13. རག་ཕྱགས་རྡོར says:
    2012-03-25 at 12:07 am

    མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་འདི་ཅི་རེད་ཟ་ཡ་རེད་དང་མཐུང་ཡ་རེད་ཅིའི་དོན་དུ་རེད་དགོས་པ་ཅིའི་ཕྱིར་དགོས་ཆད་ཅི་མིང་ལ་ལྟས་ན་རྒྱལ་ཁབ་དུ་མ་མཉམ་དུ་འབྲེལ་བ་བྱེད་ས་དང་སྤྱི་སྡུག་གི་གླེང་སྟེགས་ཤིག་ཡིན་པ་འདྲ་གར་སྲིད་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་འདི་མིང་དང་དོན་མཚུངས་བ་ཡིན་ན་བོད་གངས་ཅན་པ་རྣམས་ཀྱི་སྤྱི་སྡུག་ལ་ཅེའི་ཕྱིར་མི་བལྟ་བ་རེད་ཡང་ན་བོད་གངས་ཅན་པ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་མི་ཚུད་བ་རེད་དམ་ཡང་ན་བོད་གངས་ཅན་པ་རྣམས་འགྲོ་བ་མིའི་ཁུངས་སུ་མེད་པ་རེད་ད་ཡིན་ན་བོད་གངས་ཅན་པ་རྣམས་འགྲོ་བ་སུའི་ཁུངས་སུ་འདུད་པ་རེད་སུ་ཡི་ཁུངས་སུ་འགྲོ་དགོས་པ་རེད་སུ་ཡི་ཁུངས་སུ་བོད་གངས་ཅན་པ་རྣམས་ཀྱིས་འཚོ་གནས་བྱེད་དགོས་པ་རེད་དམ།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme