Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཇུག་མཐའི་སྐུ་པར།

Posted on 2022-09-022022-09-02 By ཁ་བརྡ No Comments on མཇུག་མཐའི་སྐུ་པར།

སྒོ་ཤེས་རབ་རྒྱ་མཚོ།

གཅིག

འདི་ནི་དགེ་ཆོས་ཀྱིས་བསྐྱོན་པའི་སྐུ་པར་མཐའ་མ་ཡིན་ཚུལ་གོ་བ་ནས། པར་འདི་ལ་དུངས་པའང་དམིགས་བསལ་བ་ཞིག་ཆགས་བྱུང་། སྐབས་དང་སྐབས་སུ། ངས་སྐུ་པར་འདི་ལ་ཡང་ཡང་བལྟས་པ་ཡིན། སེམས་མ་སྐྱིད་དུས་ལྷག་ཏུ་ཉིན་རེར་ཐེངས་འགའ་རེར་བལྟས་པ་ཡིན། ལན་རེར། ལྟ་བཞིན་ལྟ་བཞིན་རང་ཉིད་ཀྱང་སྐུ་པར་སྟེང་གི་མལ་ཁྲིའི་གམ་དུ་འབྱོར་སོང་བ་ལྟ་བུའི་འཁྲུལ་སྣང་སྐྱེ་བར་མ་ཟད། འཁྲུལ་སྣང་གི་འཇིག་རྟེན་དེ་ནས། དགེ་ཆོས་མཆོག་གི་སྐྱོ་གདངས་འདྲེས་མའི་ཞལ་བརྡ་ཡང་རྣ་བར་ལྷུང་འོང་བ་འདྲ་བས། བྲང་ཁོག་འཁྱག་སོབ་སོབ་བྱེད། མགྲིན་པ་ཡང་ཡང་བརྣང་བར་འགྱུར། འོ། ཞིབ་ཏུ་ཉན་ཚེ། དེ་ནི་འཁྲུལ་སྣང་ཞིག་ལར་ནས་མ་རེད། སྐུ་པར་འདིའི་འཁྲིས་ན་སྐྱེས་བུ་ཁོང་གི་ཚེ་མཇུག་གི་འཚོ་བ་དང་།

དཀའ་སྡུག་གི་མྱོང་བ། རེ་ཆད་ཀྱི་སེམས་ཁམས་སོགས་རེ་རེ་ནས་མོལ་གྱིན་པའི་སྒྲ་གསལ་ལྷང་ངེ་བ་ཞིག་ཐོས་རྒྱུ་འདུག སྐུ་པར་འདིའི་ཟུར་ན། མུན་པའི་འཇིག་རྟེན་གང་ཞིག་གིས། འོད་མདངས་མཚེར་བའི་སྐྱེས་ཆེན་ཞིག་ཕྱི་མའི་ཡུལ་དུ་མཐར་སྤྲོད་བཏང་བའི་མྱ་ངན་གྱི་ཤུགས་གླུ་རིང་མོའི་དབྱངས་སྐྱོ་སང་ངེ་བ་ཞིག་ཀྱང་གོ་རྒྱུ་འདུག་གོ ། ལྟོས་དང་། ཅི་ཞིག་བོར་སོང་བ་འདྲ་བའི་དགེ་ཆོས་ཀྱི་རེ་ཐག་ཆད་པའི་མིག་ཟུང་གིས་མི་ཡུལ་ལ་ཅེར་རེར་གཟིགས་འདུག ཁོང་གི་མིག་འོད་གཉོམ་པོ་དེ་དང་། ཞལ་མདངས་རྨས་མ་དེའི་ཕ་རོལ་ན་བཤད་དཀའ་བའི་གསང་བའི་གཏམ་རྒྱུད་ཅི་ཞིག་སྦས་ཡོད་དམ། སྐབས་འདི་ཤེད་དུ། མི་ཡུལ་“དང་ཁ་འབྲལ་རྒྱུར་ཐག་མི་རིང་བའི་ཁོང་ལ་ཐུགས་ནས་བརྗེད་མི་བཏུབ་པ་དང་། ཡིད་ནས་འདོར་མི་ཕོད་པ་ཅི་ཞིག་ལུས་ཡོད་དམ། ད་རུང་། སྐུ་པར་འདི་བསྐྱོན་དུས་ཁོང་ཉིད་ཅུང་ཟད་ར་རོ་བར་གྱུར་མེད་དམ་སྙམ་སྟེ། བཙུམ་མ་ཕྱེ་རུ་གྱུར་པའི་སྤྱན་གཉིས་ཀས་ནི་ལྡབ་ལྡིབ་སྣ་ཚོགས་ཤིག་གསུང་གིན་པའི་སྣང་བའང་སྟེར་མོད། ལུས་བཟི་རུང་སེམས་མི་བཟི་བའི་བློ་ལྡན་གང་དེའི་ཐུགས་ལ། མི་རིགས་ལས་ངན་ཞིག་གི་ཆགས་འཇིག་གནས་གསུམ་གྱི་རི་མོ་མཐའ་དག་གསལ་གྱི་ལེར་ཡོད་པར་ཐེ་ཚོམ་མེད་ཅིང་། དམ་པ་ཁེར་སྐྱེས་ཤིག་གི་མི་ཚེའི་སྐྱོ་གར་རིང་མོའི་རྒྱུ་འབྲས་རྐྱེན་གསུམ་ཀུན་ཀྱང་ཁྲ་ལམ་མེར་གསལ་བར་བཤད་ཅི་ལ་དགོས། 

གཉིས།

དྲང་མོར་བཤད་ན། ཕྱུ་པའི་དང་ག་གདངས་ཏེ་རྒྱབ་སྔས་ལ་ཁེན་གྱིན་པའི་མི་འདི་ནི། ནམ་རྒྱུན་བོད་ལུགས་ཀྱི་སྟོད་ཐུང་སེར་སྐྱ་སྤུས་དག་ཅིག་སྐུ་སྟོད་དུ་མནབས་ཤིང་། དྭངས་ཆ་ལྡན་པའི་སྤྱན་ཤེལ་ཟླུམ་པོ་ཞིག་ཞལ་ལ་གྱོན་ཏེ། མིག་ཟུང་གཉིས་ཀར་བློ་རིག་སྟོབས་ཀྱི་འོད་ཞགས་འཁྱུག་གིན་པའི་དགེ་འདུན་ཆོས་འཕེལ་དེ་གཏན་ནས་མ་རེད། འདི་ནི་ཉིན་ལྟར་ཉལ་མ་ལང་གི་ངང་འདར་སིག་སིག་བྱེད་ཀྱིན་ལྭ་བའི་སྐ་རགས་ཀྱང་ལྷུག་ཏེ། དུས་ཚོད་ཆང་ལ་གཏད། རེ་བ་བཟི་ལ་བཅོལ་ནས། རང་ཉིད་གསོན་པའི་འདུན་པ་དང་སྤྲོ་བ་ཡོད་ཚད་དོར་ཟིན་པའི“དགེ་ཆོས་སྨྱོན་པ”རེད། འདང་རེ་བརྒྱབ་ན། སྨྱོ་བར་ཡང་ཅི་ཁག་སྟེ། ཕ་ས་མ་མོའི་བྲང་མགོ་འདྲ་བོ་ན། རེ་བའི་འོད་ཀྱི་ཉག་མ་ཕྲ་ནས་ཕྲ་རུ་གྱུར། མུན་པའི་བྲག་རྫོང་བཙན་པོ་མཐོ་ནས་མཐོ་རུ་སོང་དུས། སེམས་ཀྱི་གས་སྲུབ་ཏུ་ལྡང་བའི་ཟུག་གཟེར་ནི་སུས་ཀྱང་བཤད་མི་ཤེས་པ་ཞིག་ལོས་ཡིན། ལྷག་པར་རང་གིས་མི་ཚེ་གང་བོར་འབད་པས་བསགས་པའི“གཞིས་ཁྱིམ་ཆུང་ཆུང”ངམ། མཐའ་བཞིའི་རྒྱལ་ཁམས་ངལ་དུབ་ཀྱིས་བགྲོད་ཀྱིན། རྔུལ་ཆུའི་ཐིགས་པ་རེ་རེ་བཞིན་སྤུངས་པའི་བརྩམས་ཆོས་དེ་དག་གཞན་གྱིས་ཕྲོགས་ཤིང་བརླགས་ཟིན་པའི་ཁོང་ལ་མཚོན་ན། རང་ཉིད་འཇིག་རྟེན་དུ་འཚོ་ཞིང་གནས་པའི་ཉི་མ་རེ་རེ་ཡང་། སེམས་ཀྱིས་བཟོད་ཐབས་བྲལ་པའི་མནར་གཅོད་ཀྱི་བརྒྱུད་རིམ་རེ་རེ་ཡིན་རྒྱུ་རེད་ཨང་། སྐྱེས་བུ་ཁོང་གིས་ནི། མི་ལོ་ལྔ་བཅུའི་དུས་ཐུང་ཕྲ་མོའི་ནང་། སྒང་བ་བོད་པ་ཚང་ལ་མི་རང་མཚན་པའི་བློ་རིག་གི་དཔྱོད་ལུགས་དང་མཐུན་པའི་སྲིད་དོན་ལོ་རྒྱུས་ཤིག་མེད་པ་ནས་ཡོད་པའི་སྒོ་མོ་གསར་དུ་ཕྱེ། གྲུབ་མཐའི་ཆགས་ཞེན་གྱི་ཕྱི་རོལ་ཏུ་བུད་དེ་གཟུ་བོའི་མིག་གིས་རང་ལ་ལྟ་བའི་སྒེའུ་ཁུང་ཞིག་མེད་པ་ནས་ཡོད་པའི་ལམ་དུ་གོམ་པ་སྤོས། བོད་པའི་ཆོས་དང་རིག་གནས་ཀྱི་རྩ་བ་ཡལ་ག་དང་བཅས་པར་རྒྱུ་མ་ཕུ་འདེད་ཀྱིས་ཕྱིར་རྟོག་བྱ་བའི་སྙིང་སྟོབས་ཤིག་མེད་པ་ནས་ཡོད་པའི་སྟེགས་བུ་གསར་དུ་བསྐྲུན། ཡུལ་དུས་ཀྱི་འགྱུར་བ་ལ་དཔགས་ཏེ་རང་ལམ་རང་གིས་འཚོལ་བའི་མིག་ཅིག་མེད་པ་ལ་ཡོད་དགོས་པའི་འབོད་བརྡ་ཡང་ཡང་སྤྲད་མོད། སུ་ཞིག་གིས་གོའམ། ཨེ་གོ་མི་གོ་བྱས་ནས་སུ་ཞིག་གིས་ཉན་ནམ། ཉན་མི་སྲིད་དེ། ཙག་རླུང་སེར་གསུམ་གྱི་འུར་སྒྲ་འཁྱིལ་བའི་དགོང་མོ་ཞིག་ལ། “རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབས”ཡོད་པའི་ཁོང་ནི། ཚེ་གང་བོར་རང་གི་ལྷག་བསམ་དང་བརྩེ་བའི་མདུད་པས་དམ་དུ་བཅིངས་པའི་སྤུན་ཟླ་ཚོས་བཙོན་དུ་བཅུག་སོང་། སྐུ་ལུས་ལ་འབྱོར་ལྕག་ལྔ་བཅུ་ཐམ་པ་སྙིང་རྗེ་མེད་པར་གཞུས་སོང་། དཀའ་སྡུག་དེ་སྙེད་ལ་ཨམ་གཙིགས་བསྡམས་ཏེ་སྲོན་གྱིན་པའི་ཁོང་གིས། ད་ནི་ཐུགས་རེ་ཡོད་ཚད་མ་འོངས་པར་བཅོལ་རྒྱུ་ལས་མེད་པར་དགོངས་ནས། རང་གི་རྩོམ་ཡིག་རྣམས་ཀྱི་ཚེ་སྲོག་བརྟན་ཐབས་སུ་ཧོར་ཁང་སྲས་ལ་གསང་འཕྲིན་བཏང་སྟེ། “ངའི་ཕ་ཁྱིམ་ཆུང་ཆུང་དེ་ཁྱེད་ལ་གཏད་པ་ཡིན”ཞེས་སྐྱབས་འཇུག་གི་མིག་ཆུ་གཏོར་ན་ཡང་། ཁོང་གི“ཕ་ཁྱིམ”ཧྲིལ་པོ་བསྐྱབ་པའི་ནུས་པ་ཧོར་ཁང་སྲས་ལའང་མེད་པས། དཔལ་ཡོན་གྱི་གཤེད་མ་ཚོས་ནི་མཁས་པ་ཉམ་ཆུང་དེས་མི་ཚེ་གང་བོར་བསགས་པའི་ཡི་གེའི་ཕུང་བོ་ཕལ་མོ་ཆེ་ཞིག་ཧམ་ཤེད་རྩུབ་མོས་ཐལ་བའི་རྡུལ་དུ་བརླགས་སོང་། དེ་ལྟར་ཁོང་གི་ཞལ་རྩོམ་འབོར་ཆེན་ཞིག་རྩ་མེད་དུ་བརླགས་ཟིན་པའི་གནས་ཚུལ་དེ་ཡུན་གྱིས་ཁྲི་མུན་དུ་བཞུགས་པའི་ཁོང་གིས་ཀྱང་མཁྱེན་པར་གྱུར། རྣོ་ལྕགས་ཀྱི་ཟོར་པ་ཞིག་དང་འདྲ་བའི་གཏམ་ངན་དེས་གློ་བུར་དུ་ཁོང་གི་སེམས་པ་དྲས་ཤིང་། རེ་བ་ཆད་པས། བསྙབ་ཐེངས་གཅིག་གིས་ཆང་དེམ་ཕྱག་ཏུ་བླངས་སོང་། བཙོན་ནས་སྒོར་ཐོན་པ་ན། “འཛམ་གླིང་ན་དཀོན་པའི་བེཻཌུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་སོང་བས་ད་གང་དགའ་གྱིས། ད་ནི་འདི་འདྲ་རང་བྱེད་ཀྱི་ཡིན”གསུངས་ཏེ་ཁ་ཤ་འདར་ལྷུག་ལྷུག་བྱེད། དེ་ནས་བཟུང་ཆང་ངོམས་མེད་དུ་བཏུང་ཞིང་། ཉིན་མཚན་ཀུན་ཏུ། ཨ་རག་ཚོད་མེད་དུ་བཞེས།  དགེ་ཆོས་ཕེབས་སོང་། སྐུ་པར་ལུས་སོང་། དོགས་སྣང་དང་འཇིགས་སྐྲག་གིས་ཅེ་རེར་ལྟ་བཞིན་པའི་མིག་མདངས་རྨས་མ་དེའང་ལུས་འདུག 

གསུམ།

ལོ་ངོ་དྲུག་ཅུ་ཙམ་འགོར་སོང་ན་ཡང་། ད་ལྟ་ད་རུང་། མི་ཡུལ་ནི་སྔར་བཞིན་མི་ཡུལ་ཡིན་ལ། བོད་ཡུལ་ཡང་སྔར་ལྟར་བོད་ཡུལ་རེད། འགྱུར་བ་ཞིག་ཡོད་པ་ནི། དགེ་ཆོས་བཞུགས་ཡུལ་གྱི་སྣང་རྩེ་ཤག་དང་རྩེ་ཞོལ་གྱི་བཙོན་ཁང་ན་ད་ཆ་མི་མེད་དེ། དེ་དག་སྔར་ནས་ཙི་གུ་ཚོའི་འདུ་ར་གོང་འགབ་ཏུ་གྱུར་ཟིན། མཚམས་རེར། རྒྱ་མོ་ཁ་མཁས་མ་དེ་ཁང་རྙིང་དེ་དག་ཏུ་ཡོང་ནས། སྔོན་དུས་དེ་རུ་མུན་པ་མཐུག་རབས་ཀྱི་བྱུང་བ་རྣམས་ཆུ་བཞུར་བཞུར་བྱས་ནས་བཤད་པ་གོ་ཐེངས་རེ་རེར། རྩིག་བར་ན་སྦས་པའི་ཙི་གུ་ཚོ་ཡང་སེམས་འགུལ་ཐེབས་ནས་མིག་ཆུ་འཆོར་གྲབས་འཆོར་གྲབས་བྱེད།  མ་གཞི་ཁང་རྙིང་དེ་དག་ལས་ལྡབ་ཀྱིས་བརྗིད་ཅིང་ཡངས་པའི་ཨར་འདམ་གྱི་ར་སྐོར་མང་པོའི་ནང་། འབྱོར་ལྕག་འཕྲུལ་ཆས་ཅན་དུ་བསྒྱུར་ཟིན་པའི་བྲོ་བ་མྱོང་བཞིན་དུ། རང་རང་གི་ས་ན“བེཻཌུརྱའི་བུམ་པ་རྡོ་ལ་བརྡབས”པའི་སྡུལ་བསྔལ་གྱིས་གཟིར་གྱིན་པའི་མི་སྔར་ལས་ཇེ་མང་དུ་སོང་ཡོད་ནའང་། ཁོ་པ་དག་གིས་ནི་ཆང་རག་ཅིག་འཐུང་རྒྱུ་རྙེད་པ་ཕར་ཞོག སྣོམ་ས་ཡང་རག་གི་མི་འདུག་ཟེར། སྐུ་པར་ལ་ཡང་ལྟ་ཞིག་ཤོར་དུས། དགེ་ཆོས་བཞད་མོ་བཞད་ཀྱི་འདུག བཟི་དྲགས་པའི་ཉམས་དང་བཅས། 

བསམ་ཚུལ།

Post navigation

Previous Post: བོང་རྫི་དང་བོང་རྫིའི་རྗེས་འབྲང་བ་རྣམས་ལ་བསྐུར་བའི་ཡི་གེ་རབ་གསལ་མ།
Next Post: དཔྱིད་ཀྱི་དྲན་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme