Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཇལ་ཁ་མི་དགོས་ལ་གསུང་ཆོས་ཀྱང་མི་དགོས།

Posted on 2016-07-052016-07-05 By ཁ་བརྡ 6 Comments on མཇལ་ཁ་མི་དགོས་ལ་གསུང་ཆོས་ཀྱང་མི་དགོས།

ལྷ་རྒོད།

 
ཁྱེད་ནི་དེང་དུས་ཀྱི་སྟོན་པའམ་ཡང་ན་འཇིག་རྟེན་གྱི་མིག ཞི་བདེའི་དེད་དཔོན། ཁྱེད་ནི་མ་རིག་མུན་པ་སེལ་བའི་སྒྲོན་མེ་དང་འགྲོ་རྣམས་ཐར་ལམ་འདྲེན་པའི་དེད་དཔོན།  ཁྱེད་ནི་གཟུར་གནས་དྲན་དབང་ཀུན་གྱི་གཙུག་ནོར་དང་སྐལ་ལྡན་སྐྱེ་བོ་ཀུན་གྱི་མགོན་སྐྱབས་དང་དཔུང་གཉེན།

མདོར་ན། ཁྱེད་ནི་སེམས་ཀྱི་ལྷ་ཡིན་ལ། ཁྱེད་ནི་བརྩེ་བའི་ཕ་དང་བྱམས་པའི་མ་ཡང་ཡིན།  ཁྱེད་ཀྱི་ཞལ་གསུང་རེ་རེའི་ནང་དུ་དྲང་སྲོང་བསླུ་བ་མེད་པའི་བདེན་ཚིག་གི་གད་རྒྱང་རེ་རེ་དང་། ཁྱེད་ཀྱི་ཞབས་རྗེས་རེ་རེའི་ནང་དུ་གསེར་མདོག་གི་གཟི་དཔལ་ལྡན་པའི་ཞི་བདེ་ཡི་འོད་སྣང་རེ་རེ།

གང་ལྟར་བརྗོད་མི་ནུས་པ་ནི་ཁྱེད་ཀྱི་རྣམ་པཪ་ཐར་པ་ཡིན་ལ། བསམ་མི་ནུས་པ་ནི་ཁྱེད་ཀྱི་བྱམས་བརྩེའི་བཀའ་དྲིན་དང་བླང་དོར་གྱི་ལམ་སྟོན་དག་ཡིན། འོ་རེད། ད་དུང་སྐྱེ་འགྲོ་སྤྱི་དང་གདོང་དམར་གངས་ཅན་པའི་ལས་དབང་ལ་ལོ་དང་ཟླ་བ། ཉིན་དང་མཚན་མོ། ཆུ་ཚོད་དང་སྐར་ཆ་ཙམ་ཡང་བློས་བཏང་མ་མྱོང་བའི་ཁྱེད་ཀྱི་ངང་ཚུལ་དག་ལ་ཡང་ཡང་བསམ་དུས་མིག་ཆུ་མི་ཤོར་བའི་རང་དབང་ཅི།
ད་དུང་དགུང་ལོ་བརྒྱད་ཅུ་གྱ་གཅིག་སོན་ཀྱང་འཛམ་གླིང་འདིའི་ཆེ་རྒུ་དག་གི་མདུན་དུ་ལག་ཟུང་ཐལ་མོ་གྱེན་དུ་བསྒྲེངས། དབུ་ཡི་གཙུག་ཏོར་ཐུར་དུ་སྒུར་བཞིན་གངས་ཅན་པའི་བདེ་སྡུག་ཞུ་འབོད་བྱེད་ཀྱིན་ཡོད་ལ་ལས་དབང་གླེང་གིན་ཡོད།

བླ་མ་ལགས། ངས་སེམས་གཏིང་ནས་དངངས་འཚབ་དང་སྐྱོ་གདུང་ལྷན་དུ་ཁྱེད་ལ་རེ་བསྐུལ་ཞུ་རྒྱུར། ད་ནི་དགུང་ལོའི་བབ་དང་སྐུ་གཟུགས་ཀྱི་གནས་སྟངས། བོད་མིའི་བསམ་སྤྱོད་སོགས་ཕྱོགས་གང་ནས་གཞིགས་ཀྱང་ཁྱེད་ཉིད་སྐུ་ངལ་མང་ཙམ་གསོ་བའི་དུས་ཚོད་ནི་ཕྱི་མ་དྲགས་ན་སྔ་དྲགས་མི་འདུག་སྙམ།

རྒྱུ་མཚན་ནི་འདས་ཟིན་པའི་ལོ་ཟླའི་ཕྲེང་བའི་བརྒྱུད་རིམ་ལ་ཕྱིར་མིག་རེ་ཅེར་སྐབས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་སོགས་ཕྱོགས་གང་གི་ཐད་ནས་ཁྱེད་ཀྱིས་འབད་བརྩོན་གནང་མ་མྱོང་བ་དང་ལམ་སྟོན་གནང་མ་མྱོང་བ་གང་ཡང་མེད། འོན་ཏང་མདུན་རྒྱབ་མི་མཚུངས་པའི་བོད་པ་ཚོས་ཁྱེད་ཀྱི་མདུན་ནས་མིག་ཆུ་ཤར་ཤར་བཏང་བ་དང་རྒྱབ་ནས་ཟུར་ཟ་ཤུར་ཤུར་བྱེད་མཁན་ཉུང་ཉུང་མིན་པའི་ཚོར་སྣང་ངང་གིས་སྐྱེས་ཀྱིན་འདུག །

གང་ལྟར་ཨ་ཕོ་རང་གིས་འཇོན་ན་འདས་མ་ད་གསུམ་གང་ལའང་སུ་གང་གིས་ཀྱང་གནང་མི་ནུས་པའི་ཁྱེད་ཀྱི་བླང་དོར་ལམ་སྟོན་ནི་མང་མེད་ན་ཉུང་སྐྱོན་གཏན་ནས་མ་མཐོང་། འོན་ཏང་བོད་པ་ཚོས་ནི་དོན་དངོས་ཉམས་སུ་ལེན་རྒྱུའི་དོད་དུ་ད་དུང་སྣང་མེད་བསྐྱུར་བ་དང་། ཆེས་ཐབས་སྡུག་པ་ཞིག་ལ་ཟུར་ཟའི་མདའ་མོ་འཕེན་མཁན་ནི་ལོ་རེ་ནས་ལོ་རེར་སྡུག་ཏུ་འགྲོ་གིན་ཡོད་པའི་བདག་ལ་ཚོར་སྣང་ཟབ་མོ་ཡོད།

ལྷག་པར་དུ་བཙན་བྱོལ་བའི་སྐབས་འཚོལ་རིང་ལུགས་པ་མི་སྒེར་དང་ཚོགས་སྡེ་དག་གིས་ནི་སྒེར་དོན་ཁོ་ནར་དམིགས་ཏེ་ཁྱེད་ཀྱི་མཚན་གནས་བེད་སྤྱོད་བྱ་རྒྱུར་ཧམ་སེམས་ཇེ་ཆེར་དང་། ཟློས་གར་ཇེ་མང་། བཀྲ་ལག་ཇེ་ཚ་ཡིན་སྟབས། ད་ནི་མི་ཆེན་དཔོན་ཆེན་ཡིན་པས་ངོ་སོ་དང་། ཚོགས་པ་སྒྲིག་འཛུགས་ཡིན་པས་དོན་ཆེར། སྤྱི་པའི་རྩ་དོན་ཡིན་པས་འགངས་ཆེར། དད་པ་དམ་ཚིག་གཙང་ཚུལ་གྱིས་ངོ་ཆེན་སོགས་སྒོ་གང་གི་ཐད་ནས་ཀྱང་ཟུར་མཇལ་མི་དགོས་ལ་གདན་ཞུ་མི་དགོས། བཀའ་ཆོས་མི་དགོས་ལ་བརྟན་བཞུགས་མི་དགོས།

མདོར་ན་ཁྱེད་ཀྱིས་སྐུ་ཚེ་ཧྲིལ་པོར་འཇིག་རྟེན་སྤྱིའི་བདེ་རྩ་དང་། ལྷག་པར་དུ་བོད་བསྟན་སྲིད་ཀྱི་དོན་དུ་བཏང་ཡོད། ད་ནི་སྐུ་གཟུགས་འཕྲོད་བསྟེན་གང་མང་གནང་དགོས། མཐར་དོན་ང་ལ་དགོས་པ་ནི་ཁྱེད་ཉིད་འཇིག་རྟེན་འདིར་བདེ་ཐང་ངང་དུ་སྐུ་ཚེ་ཡུན་རིང་དུ་བརྟན་དགོས་པ་ལས་མཇལ་ཁ་མི་དགོས་ལ་གསུང་ཆོས་ཀྱང་མི་དགོས། དེ་ལས་གོ་སྐབས་མིན།

བླ་མ་ལགས། ཁྱེད་ཉིད་སྐུ་ཚེ་བརྟན་པའི་སྨོན་མདུན་གདུང་ཤུགས་དྲག་པོ་དང་ལྷན་དུ་གསང་སྔགས་རིག་པ་འཛིན་པའི་སྡེ་ཆེན་པོ་ནས་གྱི་ན་བ་ལྷ་རྒོད་ཀྱིས་འགན་ཁུར་གྱི་སྤོབས་པ་དང་བཅས་ཏེ་སྤྱི་ལོ་2016/7/5 ཉིན་བྲིས།།

བསམ་ཚུལ།

Post navigation

Previous Post: དོ་ནུབ་ངའི་གདུང་བ་ཧ་ཅང་ལྕི།
Next Post: ༄༅། །དད་དམ་གཙང་མའི་མཆོད་སྤྲིན།

Comments (6) on “མཇལ་ཁ་མི་དགོས་ལ་གསུང་ཆོས་ཀྱང་མི་དགོས།”

  1. ནུབ་ཕྱོགས་གངས་ཕྲུག says:
    2016-07-05 at 12:45 pm

    ལྷ་རྒོད་ལགས་ཀྱིས་ལེགས་པོ་བྲིས་འདུག དངོས་གནས་གསུངཆོས་དང་་མཇལ་ཁ་མང་དྲག་འདུག

  2. གཡག་རྒོད says:
    2016-07-05 at 2:14 pm

    ང་འདི་ལྟ་བུ་ཀློག་རྒྱུར་ཤིན་ཏུ་དགའ། སེམས་ཚོར་དང་འདྲེས་ཏེ་ཡག་པོ་ཞིག་བྲིས་འདུག ངས་བཤད་བསམ་པ་དང་ཡིད་ལ་མ་འཁོར་བ་མཐའ་དག་གསུངས་འདུག

  3. རི་རྒྱལ་ཏི་སེ says:
    2016-07-05 at 9:16 pm

    སླུ་མེད་རྒྱུ་འབྲས་བདེན་མཐུས་བོད་ཡུལ་འདི།།
    སྐྱོང་ལ་ཟླ་བྲལ་ཕྱག་ན་པད་མོ་ཡིས།།
    སྤྲུལ་བའི་ཟློས་གར་རྒྱལ་དབང་རིམ་བྱོན་དབུས།།
    ཏོག་ལྟར་འཕགས་པ་བསྟན་འཛིན་རྒྱ་མཚོར་བསྟོད།།

  4. ྸཨ་འབར་འཛིགས་དབང། says:
    2016-07-05 at 10:48 pm

    ༅༅།་ལྷ་རྒོད་ལགས་ནས་དཔེ་ཡག་པོ་བྲིས་འདུག་་་ལེགས་སོ་ཞུ།
    ངས་ཀྱང་ཚིག་རེ་གཉིས་ཞུ་རྒྱུ།

    ༅༅།ཤར་གངས་རི་དཀར་པོའི་རྕེ་མོ་ནས།། གསལ་ལྷང་ལྷང་ཉི་མ་ཤར་བའི་ཚེ།།
    ངའི་དྲིནཆེན་བླ་མ་སྙིང་ནས་དྲན།། སྐུ་མི་འགྱུར་ཁྲི་ལོ་བརྟན་པར་ཤོག།
    མཐོ་རི་རྒྱལ་ལྷུན་པོའི་རྕེ་མོ་ནས།། འོད་དུང་མདོག་ཟླ་བ་ཤར་བའི་ཚེ།།
    ངའི་དྲིན་ཆེན་བླ་མ་སྙིང་ནས་དྲན།། ཚེ་འདི་དང་བར་དོ་ཕྱི་མ་གསུམ།།
    མགོན་ཁྱེད་ཀྱི་རྗེས་སུ་འཛིན་པ་ཞུ།།

  5. དགེ་འདུན་རྒྱ་མཚོ། says:
    2016-07-06 at 6:30 am

    དངོས་གནས་བདེན་པ་ཡག་པོ་ཞིག་བྲིས་འདུག
    ཡིན་ཡང་དེང་གི་དུས་འདིར་སྐད་ཆ་འདི་འདྲ་བཤད་ས་ཡོད་མ་རེད། 
    ཁྱོད་བཀའ་དྲིན་ཆེ།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-06 at 7:29 am

    གོང་ས་མཆོག་གི་དགུང་ལོ་མཐོ་བའི་ཆ་ནས་ཁྱེད་
    ཀྱི་གསུང་པ་ལ་མངོན་པར་བསྟོད་དོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme