Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཆོད་རྟེན་གྱི་བྱུང་རབས་གླེང་བ།

Posted on 2014-05-172014-05-17 By ཁ་བརྡ་ 17 Comments on མཆོད་རྟེན་གྱི་བྱུང་རབས་གླེང་བ།

ལོག་སྨྲ་ཚར་གཅོད།

མཆོད་རྟེན་ནི་གྲོངས་ཟིན་པའི་སྐྱེས་བུ་ག་གེ་མོའི་དྲན་རྟེན་གྱི་བང་སོ་ཞིག་ཡིན། དེ་ཇི་ལྟར་ཞེ་ན། སྤྱིར་ནང་པའི་ཡུལ་གྲུ་ཚང་མར་མཆོད་རྟེན་མང་ལ་ལྷག་པར་ང་སྡོད་སའི་ལུང་པ་འདིའི་ནང་མཆོད་རྟེན་ཧ་ཅང་མང་བས་ལེ་ཝར་གཅིག་གི་ས་ཙམ་བསྐྱོད་ན་ཧ་ལམ་མཆོད་རྟེན་བཅུ་ཕྲག་ཙམ་མཇལ་ཐུབ། ཉིན་ཞིག་རི་མགོར་གསེར་གྱི་མཆོད་རྟེན་ཧ་ཅང་རྩ་ཆེན་ཞིག་ཡོད་པ་དེར་མཇལ་སྐོར་དུ་སོང་བའི་ལམ་བར་དུ་སྤང་དང་ཤིང་ནགས་ཀྱི་མཚམས་ཤིག་ལ་སྤྲེའུ་ཁྱུ་ཚོགས་ཤིག་གིས་མྱ་ངན་གྱི་རྣམ་པར་སྒོར་སྒོར་བྱས་ནས་ཚང་མས་དབུས་སུ་མིག་གཡོ་འགུལ་མེད་པར་བལྟས་ཏེ་ཡོད་པ་ཞིག་མཐོང་བྱུང་། གུས་པ་ལ་མོར་དེར་ཕྱིན་ནས་བལྟས་པས་གནད་དོན་ངོ་མ་ནི་དེར་སྤྲེའུ་རྒན་པ་ཞིག་ཤི་ནས་ཕུང་པོར་སྤྲེའུ་གཞན་པ་ཚོས་མྱ་ངན་བྱེད་བཞིན་པའི་རྣམ་པ་ཞིག་རེད་འདུག

བདུན་གཅིག་གི་རྗེས་སུ་ང་ཡང་སྐྱར་ས་ཆ་དེར་ཕྱིན་པས་སྤྲེའུ་དེ་ཚོས་ཉིན་མོ་དེར་ཡང་སྐྱར་དྲན་གསོ་མྱ་ངན་ཞུ་ཆེད་འཛོམས་འདུག སྐབས་དེར་གུས་པས་གནས་ཚུལ་དེ་དང་མཆོད་རྟེན་གཉིས་ལ་འབྲེལ་བ་དམ་ཟབ་ཅིག་ཡོད་པ་ཞིག་མཐོང་ནས་དཔྱོད་པ་ཞིབ་འཇུག་གཏིང་ཟབ་ཅིག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ནི་རང་བྱུང་ཁོར་ཡུག་ནང་འཚོ་གནས་བྱེད་པའི་གླང་ཆེན་སོགས་དུད་འགྲོའི་སྲོག་ཆགས་མང་པོས་རང་གི་སྙིང་ཉེ་བའི་རིཌ་མཐུན་སྤུན་ཟླ་ཞིག་ཤི་སོང་ན་དེར་མྱ་ངན་དང་། ཕྱིས་སུའང་ལོ་འཁོར་ཉི་ཟླའི་དུས་ཚོད་དེར་རྗེས་དྲན་བྱེད་ཤེས་ཀྱི་ཡོད་ལ་དྲན་གསོ་བྱེད་སའི་ས་རྟགས་ཀྱང་ནོར་གྱི་མེད་པ་དང་། རང་བཞིན་ལྷན་སྐྱེས་ཀྱི་འདུ་ཤེས་དེ་ལྟ་བུ་གདོད་མའི་འགྲོ་བ་མི་རྣམས་ལའང་ཆེས་ཆེར་ཡོད་པས་གདོད་མའི་མི་ཚོས་དོན་རྐྱེན་དེའི་རིགས་བྱུང་སྐབས་སུ་དེ་འདྲའི་དྲན་གསོའི་ས་གནས་དེར་འདས་པོ་དེའི་ཕུང་པོ་བཞག་འཇོག་དང་ས་རྡོ་སོགས་རིགས་འདྲ་མིན་གྱི་རྟགས་ཤིག་ཀྱང་འཛུཌ་ཏེ་དུས་ཚོད་འཁོར་རེས་བཞིན་དྲན་གསོ་བྱེད་པའི་གོམས་སྲོལ་བྱུང་འདུག

photo

དེ་འདྲའི་ས་རྡོའི་རྟགས་ཐོ་དེར་རོ་སྒམ་དང་བང་སོ། ཡང་ན་དྲན་རྟེན་སོགས་ཐ་སྙད་འདྲ་མིན་ཞིག་བཏགས་ཡོད་པ་རེད། གནའ་བོའི་རྒྱ་གར་བ་ཚོས་ཕྲུ་གུ་སྐྱེ་སྐབས་སུ་ཕྲུ་གུ་དེར་ཁྲུས་དང་མེ་ཏོག་གཏོར་ནས་བསྐོར་བ་བྱེད་པ་དང་། གཉེན་སྒྲིག་གི་སྐབས་སུ་ཁྱོ་ཤུག་ཟུང་གིས་འབྲེལ་ཐག་བཅིངས་ནས་མེ་རར་བསྐོར་བ་བྱེད་སྐབས་གཞན་རྣམས་ཀྱིས་མེ་ཏོག་གཏོར་གྱི་ཡོད་པ་དང་། དེ་བཞིན་དུ་མི་ཤི་བའི་རྗེས་སུའང་ཆུས་རྐང་པ་བཀྲུ་བ་དང་མེ་ཏོག་འཐོར་བཞིན་བསྐོར་བ་བྱེད་པ་བཅས་སོགས་བྱས་དང་བྱེད་བཞིན་ཡོད་ལ། འགྲོ་བ་མིའི་རིགས་ཚང་མའི་མ་བཅོས་སེམས་ཁམས་སུ་དེ་མཚུངས་ཤིག་རང་ཆོས་སུ་སླེབས་ཡོད་པ་ཞིག་རེད། དེ་ནས་རིམ་བཞིན་ཆོས་ལུགས་འདྲ་མིན་ཞིག་དར་ཏེ་ཁོང་ཚོས་རང་རང་གི་འདོད་ཚུལ་དང་བསྟུན་ནས་དུར་སའི་རོ་སྒམ་བང་སོ་དེར་བཟོ་བཀོད་འདྲ་མིན་དང་མིང་འདོགས་སྣ་ཚོགས་ཤིག་བྱས། དེའི་ཁོངས་ནས་ནང་པ་བ་ཚོས་གང་ཟག་ཁྱད་པར་བའི་རོ་སྒམ་བང་སོ་ལ་མཆོད་རྟེན་ཞེས་བཏགས།

གང་ལྟར་གནའ་མི་རྣམས་ཀྱི་བྱ་སྤྱོད་དང་བསྟུན་ནས་དྲན་རྟེན་དང་མཆོད་རྟེན། སྐོར་རྟེན་སོགས་མིང་འདོཌ་མི་འདྲ་བ་གང་བྱས་ཀྱང་དོན་དངོས་ནི་རོ་སྒམ་གྱི་བང་སོ་དེ་རང་ཡིན་ལ། རོ་སྒམ་བང་སོ་དེ་ལ་དོ་བདག་གི་འབྱོར་པ་ཆེ་ཆུང་དང་རྗེས་འཇུག་པ་ཚོས་མོས་གུས་ཆེ་ཆུང་ལ་གཞིགས་ཏེ་བང་སོའི་རོ་སྒམ་ཆེ་ཆུང་དང་རྒྱུ་ཆ་ལེཌ་སྡུག་འདྲ་མིན་ཞིག་ལས་གྲུབ་པ་བཅས་བཟོས་པ་རེད། འཛམ་གླིང་འདིའི་ཐོག་རོ་སྒམ་གྱི་བང་སོ་ལ་འགྲོ་སོང་ཆེ་ཤོས་གཏོང་མཁན་ནི་བོད་ཀྱི་ནང་པ་ཚོ་ཡིན་ཞེས་ཐག་བཅད་ནས་ཟེར་ཆོག་སྟེ། ཕམ་སེམས་མེད་པ་གཞི་དངོས་པོའི་རང་བཞིན་གསེར་ལས་བཟོས་པར་ཆེས་རིན་ཐང་ཆེ་བའི་རིན་པོ་ཆེའི་རིགས་དུ་མས་བརྒྱན་པའི་སྲོལ་བྱུང་ཏེ་མདོར་ན་ལུང་པ་ཞིག་ནང་རིན་ཐང་ཆེ་བའི་དངོས་པོ་ཚང་མ་སྐུ་འདྲ་དང་བང་སོའི་མཆོད་རྟེན་ལ་བརྒྱན་ཏེ་མཆོད་པ་འབུལ་བ་དང་ཕྱག་འཚལ་བ། བསྐོར་བ་བྱེད་པ་སོགས་ཀྱི་དར་སྲོལ་བྱུང་ནས་དུས་ད་ལྟའང་མི་རིགས་ཀྱི་གོམས་སྲོལ་ལྟ་བུ་ཞིག་མཐོང་རྒྱུ་རིག་རྒྱུ་ཡོད་པ་འདི་རེད།

རྩོམ་རིག

Post navigation

Previous Post: དུས་རབས་འདིར བདག་གིས་རེ་ཞིང་སྒུག
Next Post: <<མི་ཚེ་དང་འཇིག་རྟེན། ད་དུང་མི།>>

Comments (17) on “མཆོད་རྟེན་གྱི་བྱུང་རབས་གླེང་བ།”

  1. བན་དེ་བ། says:
    2014-05-17 at 11:06 am

    མཆོད་རྟེན་ནི་མི་ཤི་རྗེས་དྲན་གསོའི་ཚུལ་དུ་བང་སོ་ཞིག་ཏུ་ངོས་འཛིན་བྱེད་པ་ནི་ཅུང་ཡིད་ལ་འཐད་པ་ཞིག་མ་རེད། སྤྱིར་སྟངས་བོན་ལུགས་སུ་མཆོད་རྟེན་ནི་བདེ་བར་གཤེགས་པའི་རྟེན་གསུམ་གྱི་ནང་ཚན་ཞིག་ཡིན་ཅིང། དེ་ཡང་མཆོད་རྟེན་ནི་བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན་ཡིན་པར་བཤད་ཡོད། མ་ཟད་མཆོད་རྟེན་ཞེས་པ་ནི་གང་ཞིག་དད་པ་དང་ལྡན་པ་རྣམས་ཀྱིས་སྒོ་གསུམ་གུས་པས་མཆོད་ཅིང་སྐྱོབས་པའི་རྟེན་ཡིན་པས་ན་དེ་ལྟར་བཤད། མ་ཟད་མཆོད་རྟེན་ལ་རིགས་འདྲ་མིན་ཡོད་པ་སྟེ། སྤྲུལ་པའི་གདུང་ལས་གྲུབ་པའི་མཆོད་རྟེན་དང། གང་ཟག་རིང་སྲེལ་ལས་གྲུབ་པའི་མཆོད་རྟེན། འདུས་བྱས་དགེ་རྩར་བཞེངས་པའི་མཆོད་རྟེན་བཅས་གསུམ་དང། གཞན་ཡང་མཆོད་རྟེན་ཆ་བརྒྱད་དང། མཆོད་རྟེན་སུམ་བརྒྱ་དྲུག་ཅུ་སོགས་ཀྱི་དབྱེ་བ་ཡོད། མཆོད་རྟེན་སུམ་བརྒྱ་དྲུག་ཅུ་དེ་ཡང། བོན་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུ་དང། རྫོགས་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུ། སྤྲུལ་སྐུའི་མཆོད་བརྒྱ་དང་ཉི་ཤུ་བཅས་སུམ་བརྒྱ་དང་དྲུག་ཅུ་རུ་ཡོད་ཅིང། དེས་ན་དེ་དག་གི་ནང་དུ་འབྱུང་བ་རླུང་གིས་གནོད་འཚེ་བཟློག་ཕྱིར་དང་དེ་བཞིན་ས་གཡོ་དང་མེ་འབར་ཆུ་འབྲུག་ལས་སོགས་འབྱུང་བའི་གནོད་པ་བཟློག་ཕྱིར་དུ་བཞེངས་པའི་མཆོད་རྟེན་མང་དུ་ཡོད། དེས་ན་དེ་དག་མཆོད་རྟེན་ཡིན་ཀྱང་ག་གེ་མོ་ཤི་བའི་བང་སོ་ཞིག་མིན། འོན་ཀྱང་བོད་རྒྱུད་ནང་བསྟན་པའི་ལུགས་ལ་དེ་ལྟར་ཡིན་ན་གནས་ཚུལ་སོ་སོ་རེད།

  2. བན་དེ་བ། says:
    2014-05-17 at 8:38 pm

    རེད་རེད་ང་བན་ལོག་ཡིན་་་་རྙིང་ཆོས་ལུགས་ཀྱི་ཐེག་པ་གོང་འཕར་བྱས་པ་ཡིན། གྷུ་རུའི་ལུགས་ཀྱི་ཐེག་པ་གོང་འཕར་བྱས་པ་ཡིན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལྟར་གནང་ཐུབ་མེད། དང་པོ་རྒྱལ་པོ་བྱས་དེ་ནས་རབ་ཏུ་བྱུང་མཐར་རབ་བྱུང་གི་རྟེན་ལ་རང་བཞུགས་པ་རེད་་་མནའ་མ་བླངས་རབས་མི་འདུག xxxx

  3. བསམ་ཤེས། says:
    2014-05-17 at 9:52 pm

    བན་དེ་མཆོག་ལ་ཞུ་རྒྱུར། དཀོན་མཆོག་གསུམ་བོན་པོ་དང་ནང་པའི་དབར་ལ་ཁྱད་པར་སྤུ་གཅིག་ཙམ་ཡང་ཐར་ས་མིན་འདུག ནང་པས་ཡང་མཆོད་རྟེན་ནི་རྒྱལ་བའི་ཐུགས་ཀྱི་རྟེན་ཡིན་ཞེས་གསུང་འབུམ་མང་པོར་མཇལ།

    འདི་འདྲ་བཤད་ཡོང་དུས། བོན་དང་བན་གཉིས་དབར་ལ་ད་ཁྱད་པར་འཇོག་དགོས་ན་གང་འཇོག་དགོས་སམ། ནང་པར་དཀོན་མཆོག་གསུམ་ལ་བོན་པོར་དཀོན་མཆོག་གསུམ་འདོད་དམ། བོན་གྱིས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཇི་འདྲ་རེད།

    དེ་བཞིན་ལྟ་བའི་སྐོར་ལ། བདག་མེད་འདོད་དམ། བདག་ཡོད་པ་འདོད་དམ།

    ལན་གསལ་པོ་ཞིག་མ་བརྒྱབ་ན། དཀོན་མཆོག་གསུམ་དོལ་རྒྱལ་རྐུབ་ལ་གཏང་གི་ཡིན། ཧ་ཧ་

  4. བན་དེ་བ། says:
    2014-05-18 at 1:25 am

    བོང་བུའི་རྣ་བར་གསེར་བླུག་ཀྱང་ཁྲོག་ཁྲོག ཐལ་བ་བླུག་ཀྱང་ཁྲོག་ཁྲོག་་་བྱུང་ན་གཡུང་དྲུང་བོན་གྱི་བགྲོ་གླེང་ལ་ཕེབས་ཐུབ་ཐབས་གྱིས་དང་དེ་དུས་དྲི་བ་གང་ཡོད་འདྲི་ས་ཡོད་རྒྱུ་རེད་བསམ།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-05-18 at 3:27 am

    ་་་་་་་ སྤྱིར་སྟངས་བོན་ལུགས་སུ་མཆོད་རྟེན་ནི་བདེ་བར་གཤེགས་པའི་རྟེན་གསུམ་གྱི་ནང་ཚན་ཞིག་ཡིན་ཅིང། དེ་ཡང་མཆོད་རྟེན་ནི་བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན་ཡིན་པར་བཤད་ཡོད། ་་་་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2014-05-18 at 3:28 am

    མཆོད་རྟེན་ཡིན་ལ། བང་སོ་ཡང་ཡིན་པ་ཡོད་ཀྱང་། མཆོད་རྟེན་ཡིནན། བང་སོ་ཡིན་པས་ག་ལ་ཁྱབ།

  7. ཀརྨ་བློ་གསལ་ says:
    2014-05-18 at 7:23 am

    གུས་པས་གོ་ཐོས་ལྟར་ན། མཆོད་རྟེན་སོགས་ཆོས་ལུགས་ཀྱི་ཡོ་བྱད་མང་ཆེ་བ་ཕོ་མཚན་དང་མོ་མཚན་ལ་དཔེར་བླངས་ནས་གྲུབ་པ་ཞིག་རེད་ཟེར། ཡིན་མིན་མི་ཤེས།

  8. གསེར་ས་ལེ་སྦྲམ། says:
    2014-05-18 at 12:56 pm

    སྤྱིར་འཛམ་བུ་གླིང་གདོན་མའི་མི་རིགས་ཀྱི་དུས་སྐབས་དང་། ཡང་སྒོས་བོད་ཀྱི་གདོན་མའི་མི་རིགས་ཀྱི་དུས་སྐབས་སོགས་གང་ཡིན་ཡང་མི་རིགས་རང་གི་ལྷན་སྐྱེས་འདུ་ཤེས་ཀྱིས་བསླངས་པའི་ཆོ་ག་ཆ་ལུགས་དང་ཡུལ་སྲོལ་གོམས་གཤིས་མི་འདྲ་བ་མང་དག་ཅིག་བྱུང་ཡོད་ལ། གནམ་ས་དང་ཉི་ཟླ་ལ་གུས་བཀུར་མཆོད་འབུལ་བྱེད་པ་དང་། ཡབ་མེས་གོང་མ་དག་གི་བང་སོ་ལ་དུས་དྲན་མཆོད་འབུལ་བྱེད་པ་སོགས་ཀྱི་སྲོལ་ཡང་གདོན་མའི་མི་རིགས་མང་བོའི་ནང་དར་ཁྱབ་ཏུ་བྱུང་ཡོད། ང་ཚོ་བོད་ཀྱི་གདོན་མའི་དུས་སྐབས་སུའང་ཡབ་མེས་གོང་མ་རྣམས་ཀྱི་བང་སོ་ལ་དུས་དྲན་མཆོད་འབུལ་བྱེད་པ། དེ་དག་གིས་ཕྱི་རབས་བུ་རྒྱུད་རྣམས་ལ་མགོན་སྐྱབས་དཔུང་གཉེན་བྱེད་པར་རེ་སྨོན་དང་ཡིད་ཆེས་བྱེད་པ། རིམ་གྱིས་དེ་དག་ཡུལ་ལྷ་གཞི་བདག་ཏུ་བཀུར་ནས་ཕུད་མཆོད་དང་བསང་གསོལ་གཏོང་བ་སོགས་ཀྱི་སྲོལ་བྱུང་། དེར་མ་ཟད་རི་མཐོ་པོའི་རྩེ་རུ་དཔལ་མཁར་དང་། རི་སྐེད་ལབ་རྩེ། རི་ཞོལ་དུ་མཆོད་རྟེན་དང་རྡེའུ་འབུམ་སོགས་བརྩིགས་ཏེ་དེ་དག་གི་བཞུགས་གནས་ལྟ་བུར་སེམས་པའི་གདོན་མའི་མི་རིགས་ཀྱི་འཇིག་རྟེན་ཆོས་ལུགས་ས་དར་རྡོ་དར་དུ་གྱུར། བོད་ཀྱི་གདོན་མའི་བོན་ཆོས་ཟེར་བའང་ད་ལྟའི་གཡང་དྲུང་བོན་གྱི་ཆོས་ལུགས་འདི་མ་ཡིན་པར་གདོན་མའི་ཡུལ་ཆོས་དེ་ལ་ཟེར་སྐད། དེ་ལྟ་བུའི་ཡུལ་ཆོས་ཀྱི་ཆོ་ག་རྣམས་རྨང་གཞི་བྱས་ཏེ་ད་ལྟའི་ཆོས་ལུགས་གྲུབ་མཐའ་ཁག་རྩ་བ་འབུས་ཤིང་རྩེ་མོ་རྒྱས་པར་ངོས་འཛིན་བྱེད་བཞིན་ཡོད། ད་ལྟའི་ཆོས་ལུགས་ཀྱི་ཆོ་ག་གང་ཞིག་ཡིན་ནའང་གདོན་མའི་ཡུལ་ཆོས་ཀྱི་ཆོ་ག་དང་མ་འདྲེས་པ་ཞིག་ཕལ་ཆེར་མེད་ཚོད་ཡིན། འཕེལ་འགྱུར་རིག་པའི་ངོས་ཐད་ནས་བཤད་ནའང་འདི་ནི་བྱ་དངོས་ཤིག་གི་འཕེལ་འགྱུར་རིམ་པའི་ཆོས་ཉིད་དང་ཡོངས་སུ་མཐུན་པས་དོན་ལ་གནས་པར་སེམས་ཆོག དེས་ན། ངས་ནི་མཆོད་རྟེན་དང་བང་སོ་གཉིས་ཀྱི་བྱུང་རིམ་ཙམ་མིན་པར་ད་ལྟའི་ཆོས་ལུགས་གྲུབ་མཐའ་ཁག་གི་ཆོ་ག་ཡོངས་རྫོགས་གདོན་མའི་མི་རིགས་ཀྱི་ཡུལ་ཆོས་ཆོས་ལུགས་རྨང་གཞི་བྱས་ནས་གྲུབ་ཡོད་པ་ཞིག་ལ་ངེས་འཛིན་བྱེད་བཞིན་ཡོད།

  9. གསེར་ས་ལེ་སྦྲམ། says:
    2014-05-18 at 1:37 pm

    སྤྱིར་འཛམ་(བུ)གླིང་གདོན་མའི། ༼(བུ་༽འདི་་་ ལྷག་མ་རེད། བཅོས

  10. བན་དེ་བ། says:
    2014-05-18 at 1:45 pm

    དེང་སང་ཞིབ་འཇུག་པ་ཡིན་ཟེར་མཁན་ཚོས་བཤད་སྟངས་ཞིག་ལ་རྣམ་པ་འགྱུར་ཚུལ་དང་གདོད་མ་དང་གདོད་མ་ཟེར་བ་མང་པོ་ཡོང་གི་འདུག འོན་ཀྱང་གདོད་མ་དང་གདོད་མ་ཟེར་ཙམ་མ་གཏོགས་གདོད་མའི་བྱ་སྤྱོད་ཐམས་ཅད་ལ་སྣང་བ་དགྲ་རུ་བལྟ་བཞིན་ཡོད། རྨོངས་དད་པ་དང། དམར་མཆོད་པ་དང། འཚེ་བ་པ་དང། རྗེས་ལུས་པ་དང། སྒྲུང་གཏམ་ཙམ་ལས་སོགས་ཀྱིས་དམའ་འབེབ་བྱེད་བཞིན་ཡོད། དེ་ནི་དམར་པོའི་རིང་ལུགས་པ་རྒྱ་ནག་པས་དེ་ག་རང་བཤད་བཞིན་ཡོད། དེ་ནི་ཕ་ཙན་དན་སྡོང་པོ་ལ་བུ་ཆུ་ཤིང་རུལ་པ་ཟེར་བ་དེ་འཚར་བ་རེད་བསམ། གདོད་མིའི་རྣམ་དཔྱོད་དང་ད་ལྟའི་མི་ཡི་རྣམ་དཔྱོད་གཉིས་བསྡུར་བ་ཡིན་ན་གདོད་མའི་མི་རྣམས་རྣམ་དཔྱོད་ལེགས་པ་བྱུང་ཡོད། ད་ལྟ་ང་ཚོ་འཛམ་གླིང་མི་རྣམས་ཀྱི་བྱ་སྤྱོད་བློ་རིག་ཐམས་ཅད་གཞི་མེད་ཞིག་ལས་བྱུང་བ་མ་ཡིན་པར་གདོད་མའི་མི་ཡིས་བརྩམས་པ་དེར་ལྷན་པ་རྒྱབ་ཀྱིན་རྒྱབ་ཀྱིན་འགྲོ་བཞིན་ཡོད། ལྷན་པ་དེ་ནི་ཕྱི་བཀྲ་བཀྲ་ཙམ་ལས་ནང་སྙིང་སྟོང་པ་ཞིག་ཡིན། དཔེར་ན་རྒྱ་ནག་གི་ཅ་དངོས་བཞིན་རེད། དཔེར་ན། ཆོས་ལུགས་པའི་དབང་དུ་བྱས་ན་ཆོས་འབྱུང་ཀུན་ནས་སྔར་གྱི་གྲུབ་ཐོབ་ཉམས་ལེན་པ་རྣམས་གནམ་ལ་འཕུར་བ་དང། གངས་དཀར་རྩེ་ལ་འཛེགས་པ་དང། རྡོ་ལ་ཞབས་རྗེས་འཇོག་པ་ལྕགས་གྲི་ལ་མདུད་པ་རྒྱབ་པ། ཟླ་ལམ་ཞག་གིས་གཅོད་པ། ཞག་ལམ་སྐད་ཅིག་གིས་གཅོད་པ་དང། གདོས་ལུས་འཇའ་འོད་དུ་ཡལ་བ་དང། ཟླ་བ་མང་པོར་ཁམས་ཟས་མེད་པར་བསྡོད་པ་ལས་སོགས་འབྱུང་བ་ལྔ་ལ་རང་དབང་ཐོབ་པའི་སྐྱེ་བོ་མང་དུ་བྱུང་འདུག དེ་བཞིན་ལག་རྩལ་གྱི་སྟེང་ནས་བྱས་ཀྱང་གཟི་དང་རང་བྱུང་ཁམས་ལས་བྱུང་བའི་དངོས་པོ་མང་པོ་ཞིག་ད་ལྟའང་མིས་བཟོ་མི་ཐུབ་པ་དེ་འདྲ་ཡོད། ཆབ་སྲིད་ཀྱི་དབང་དུ་བྱས་ཀྱང་གླིང་བཞིར་དབང་བསྒྱུར་བའི་འཁོར་ལོ་བསྒྱུར་རྒྱལ་དང། ཡུལ་ཁམས་མང་པོ་དབང་བསྒྱུར་བྱེད་པ་ལས་སོགས་མང་དུ་ཡོད། བྱས་ཙང་དྲེགས་པར་སྐྱབས་བཅོལ་བ་དང་ས་རྡོར་ཕྱག་མཆོད་བྱེད་པ་དག་ནི་ད་ལྟའི་ལྷ་ལ་སྐྱབས་བཅོལ་བ་ལས་འཇོན་སྟངས་ནུས་རྩལ་ཆེ་བ་བྱུང་འདུག དེང་སང་ནི་དེ་དག་ཐམས་ཅད་སྒྲུང་གཏམ་ཙམ་ལས་དེ་འདྲ་ཐུབ་མཁན་གྱི་མཚན་གཞི་ཙམ་ཀྱང་འཇོག་ཏུ་མེད།

  11. རྟ་བདུན་དབང་བོ says:
    2014-05-18 at 3:17 pm

    གསེར་ས་ལེ་སྦྲམ་ལགས་ཀྱིས་གསུངས་པ་ལ་འཐད་པ་བྱུང་སོང་། དངོས་ནས་ལྟ་རྒྱ་ཆེ་བའི་གསུངས་སྒྲོས་འདུག །

  12. གསེར་ས་ལེ་སྦྲམ། says:
    2014-05-18 at 3:35 pm

    གོང་དུ་མཆན་༡༠༼ གདོན་མ༽ ཞེས་པ་༼ གདོད་མ་༽ ལ་བཅོ་རོགས། ཚང་མར་དགོངས་དག་ཞུ

  13. ཀརྡོ་གཉེར་ཕྱག་པ་ says:
    2014-05-18 at 4:00 pm

    མཆོད་རྟེན་སྐོར་ལ་གཟིགས་འདོད་ན།
    https://www.youtube.com/results?search_query=stupa

  14. དཔལ་ལྡན། says:
    2017-12-29 at 9:24 pm

    ཁྱོད་ཚོས་ཐག་གཅོད་རྒྱུ་སྔ་མི་དྲག་གམ། མཆོད་རྟེན་བང་སོ་ཡིན་ནམ། དེ་ན་བདེ་བར་གཤེགས་པའི་མཛད་ཆེན་བརྒྱད་ཀྱི་རྗེས་དྲན་མཆོད་རྟེན་བརྒྱད་བང་སོ་ཡིན་ནམ། མྱང་འདས་ལས་གཞན་པ་དེ་ཚོ་ཅི་རེད།

  15. དཔལ་ལྡན། says:
    2018-03-26 at 12:25 pm

    མཆོད་རྟེན་ལ་བང་སོ་དང་ས་རྟགས་ཆུ་རྟགས་རོ་རིང་གི་སྲོལ་ལ་སོགས་པ་ཅི་རིགས་ཡོད་པར་བསམ། བང་སོ་ཡིན་ལ་མཆོད་པའི་རྟེན་མ་ཡིན་པ་སོགས་དོག་གྲགས་པའི་ལྟ་བ་དེ་འཛིན་དགོས་ཡོད་དམ། དཔེར་ན་ནང་བའི་སངས་རྒྱས་ཀྱི་མཛད་པ་དག་དང་སྦྱར་ནས་ས་རྟགས་ཆུ་རྟགས་ཀྱི་ཚུལ་དུ་མཆོད་རྟེན་བཞེངས་པ་རེད། ཡང་རིང་བསྲེལ་བཞུགས་གནས་ཁོ་ནས་ཆེད་མཆོད་རྟེན་བཞེངས་པ་རེད།

  16. དཔལ་ལྡན། says:
    2018-03-26 at 12:25 pm

    རྡོ་རིང

  17. ཀརྡོ་རབ་འབྱམས་པ་ says:
    2018-03-27 at 2:49 am

    སངས་རྒྱས་ཀྱི་སྐུའི་རྟེན་ལ། སྐུ་འདྲ། ཐུགས་ཀྱི་རྟེན་ལ། མཆོད་རྟེན། གསུང་གི་རྟེན་ལ་གསུང་རབ་དང་གསུམ་ཡོད་རེད། བང་སོ་འདྲ་བའི་མཆོད་རྟེན་ཡོད་ཀྱང་། མཆོད་རྟེན་ཡིན་ན། བང་སོ་ཡིན་པས་ཁྱབ་པར་འདོད་པ་ནི། ཆོས་མེད་ཀླ་ཀློས། ཆོས་ལ་དཔྱད་པ་བྱེད་སྟངས་ཞིག་ལས་མ་འདས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme