Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཆོད་མཇལ་བའི་དད་མོས་དང་འགྲོ་འདུག་ལ་བཀག་སྡོམ་བྱས།

Posted on 2017-02-112017-02-11 By ཁ་བརྡ་ 3 Comments on མཆོད་མཇལ་བའི་དད་མོས་དང་འགྲོ་འདུག་ལ་བཀག་སྡོམ་བྱས།

བདེན་འཚོལ།

 
༄༅།། དེང་སང་གངས་ལྗོངས་མདོ་སྨད་ཡུལ་གྱི་དགེ་ལུགས་པའི་ཆོས་སྡེ་ཆེ་ཆུང་ཡོངས་རྫོགས་སུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་བཞིན་ཡོད་སྟབས། ཉེ་འཁོར་གྱི་དད་ལྡན་མང་ཚོགས་རྣམས་དགོན་སྡེ་ཁག་ཏུ་མཆོད་མཇལ་སོགས་ལ་བསྐྱོད་བཞིན་པ་ནི་རྒྱུན་སྲོལ་གྱི་བྱེད་སྒོ་གལ་ཆེན་ཞིག་ལ་བོད་མི་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། མདོ་སྨད་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱིས་མཚོན་ཀིརྟིའི་དགོན་ཁག་རྣམས་སུ་ཡང་རྒྱུན་སྲོལ་ལྟར་ཟླ་འདིའི་བོད་ཚེས་བཞིའི་ཉིན་ནས་བཅུ་དྲུག་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་བཞིན་ཡོད། སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བྱེད་སྒོའི་ཆ་ཤས་བོད་ཚེས་བཅུ་གསུམ་ཉིན་གྱི་གོས་སྐུ་ཆེན་མོ་དང་། བོད་ཚེས་བཅུ་བཞིའི་ཉིན་གྱི་འབག་འཆམ། བོད་ཚེས་བཅོ་ལྔའི་ཉིན་གྱི་མེ་ཏོག་མཆོད་པ་ཆེན་མོ། བོད་ཚེས་བཅུ་དྲུག་ཉིན་གྱི་བྱམས་པ་གླིང་སྐོར་བཅས་ནི་མང་ཚོགས་ཤིན་ཏུ་འདུ་ཆེ་བའི་སྐབས་ཡིན།

ད་ལོ་ཡང་སྔ་རྒྱུན་ལྟར་ཐག་ཉེ་རིང་མང་པོ་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་མཇལ་བ་ཤིན་ཏུ་མང་པོ་འབྱོར་བཞིན་པར་བརྟེན། ཁ་སང་སྟེ་འདི་ཟླའི་ཕྱི་ཚེས་ ༡༠ ཉིན་དང་བོད་ཚེས་བཅུ་བཞིའི་ཉིན་ཀླུ་ཆུ་རྫོང་གི་ཉེན་རྟོག་པ་སྐོར་ཞིག་འབྱོར་ནས་ཀན་སུའུ་དང་སི་ཁྲོན་གྱི་ས་མཚམས་ཟེར་བར་མང་ཚོགས་རྣམས་ཀིརྟི་དགོན་པར་འགྲོ་བའི་ལམ་བཀག་སྟེ་ཀིརྟི་དགོན་པར་མཆོད་མཇལ་འགྲོ་བར་འགོག་རྐྱེན་བྱས་ཡོད། ཀླུ་ཆུ་རྫོང་གི་ཉེན་རྟོག་པས་ལམ་འགོག་དགོས་པའི་རྒྱུ་མཚན་གསལ་བཤད་གང་ཡང་བྱས་མེད་ཀྱང་། ཀིརྟི་དགོན་པར་ཕྱོགས་མཐའི་མཇལ་བ་སྟོང་ཕྲག་མང་པོས་ཁེངས་ཏེ་འཚང་ཁ་ཆེ་བ་ཞིག་ཡོད་ཀྱང་། ཤུགས་ལྡན་བསྟེན་རྒྱུ་མཚམས་འཇོག་མ་བྱས་པའི་ལྷ་མོ་ཉིན་གྱི་གསེར་ཁྲི་དགོན་པར་མཇལ་བ་ཤིན་ཏུ་ཉུང་བས་རྒྱ་གཞུང་གིས་དེའི་སེམས་ནད་མ་ཐེག་ནས་ཀིརྟི་དགོན་པར་གནོན་ཤུགས་སྤྲད་པ་རེད་ཅེས་མང་ཚོགས་ཀྱིས་ངོས་འཛིན་བྱེད་ཀྱི་འདུག་ལ། ཡང་ཚོགས་རིགས་ཤིག་གིས་བར་ལམ་ལོ་ཤས་གོང་ནས་༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་བཀའ་འབྲེལ་ལྟར་སྟག་ཚང་ལྷ་མོའི་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་སྨོན་ལམ་སྐབས་མང་ཚོགས་ཤིན་ཏུ་འདུ་ཆེ་བའི་སྐབས་དང་བསྟུན་ནས། གདན་ས་རང་གི་དགེ་བཤེས་ཚོས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་འགྲོ་བཞིན་ཡོད་ཅིང་། ལས་རིམ་འདི་ལ་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན་དེ་ལ་རྒྱ་གཞུང་མ་དགའ་བ་ཡིན་ནམ་ཞེས་བསམ་ཚུལ་ཤོད་མཁན་ཡང་འདུག

གང་ལྟར་ཡང་ཁྲིམས་དང་གནས་ལུགས་ཀྱི་རྒྱུ་མཚན་གང་ཡང་མེད་པར་མང་ཚོགས་ཀྱི་དད་མོས་དང་འགྲོ་འདུག་ལ་བཙན་ཤེད་ཀྱིས་བཀག་སྡོམ་བྱེད་པ་ནི། རྒྱ་ནག་གཞུང་གིས་ས་གནས་ཀྱི་བོད་རིགས་མང་ཚོགས་ལ་མཐོང་ཆུང་དང་ཐུབ་ཚོད་བཏང་བ་རེད་ཅེས་མང་ཚོགས་ཀྱིས་བློ་ཕམ་དང་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་འདུག

གོང་གསལ་གྱི་གནས་ཚུལ་འདི་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགྲོ་བཞིན་པའི་གནས་ཚུལ་གསར་པ་ཞིག་ཡིན་པས་འདིར་བརྒྱུད་འགོད་བྱས་ཡོད། རྒྱུ་མཚན་དང་པོ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཁྲིམས་འགལ་གྱིས་བཙན་ཤེད་སྣ་ཚོགས་ལག་བསྟར་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་འདི་གང་མང་མང་གིས་མཁྱེན་རྟོགས་ཡོང་བའི་དོན་དུ་ཡིན། རྒྱུ་མཚན་གཉིས་པ་ནི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་སྒྲོག་བཞིན་པའི་གསར་འགྱུར་གྱི་སྤུས་ཚད་དང་འབྲེལ་བའི་ཚིག་གཅིག་གཉིས་ཤིག་བཤད་འདོད་པས་ཡིན། སྤྱིར་སྡེ་ཚན་འདི་ལ་དགེ་ཚན་དང་གྲུབ་འབྲས་མང་པོ་ཡོད་པ་སྨོས་མ་དགོས།

འོན་ཀྱང་ཤིན་ཏུ་གཟབ་དགོས་པ་ནི་གསར་འགྱུར་ཆེ་ཆུང་གང་འདྲ་ཡིན་ཡང་སྒྲོག་རྒྱུ་ཙམ་གཙོ་བོ་མི་བྱེད་པར་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་ཞིབ་འཇུག་གཏིང་ལོན་པ་བྱ་དགོས་པ་ཤིན་ཏུ་གལ་ཆེ་སྙམ། གནས་ཚུལ་མང་པོ་ཞིག་གསར་འགོད་པས་ཞིབ་འཇུག་གང་ཡང་མི་བྱེད་པར་ཡིན་ཚོད་ཀྱིས་མ་དག་པ་དང་རྫུན་མ་སྣ་ཚོགས་སྒྲོག་བཞིན་ཡོད། དཔེར་ན། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཨ་མདོའི་སྐད་ཀྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ཟེར་བས་གནས་ཚུལ་མང་པོ་ཞིག་ཡིན་ཚོད་ཀྱིས་བཤད་ཀྱི་འདུག་པ་ལྟ་བུ་ཡིན། ཁོས་གོང་གི་གནས་ཚུལ་འབྱུང་ས་དེ་རྔ་པ་ཀིརྟི་དགོན་པ་ཡིན་ཤག་གིས་བཤད་པར་མ་ཟད། ས་གནས་ཀྱི་མི་ལ་འབྲེལ་བ་བྱས་ནས་རྒྱུས་ལོན་བྱས་ཡོད་པ་ལྟ་བུའི་སྐད་ཆ་རྫུན་མ་འགའ་ཤས་ཀྱང་སྒྲིག་འདུག

འདིར་བཀོད་པའི་གནས་ཚུལ་ནི་ཁ་སང་གསར་དུ་བྱུང་མ་ཐག་པའི་གནས་ཚུལ་ཞིག་ཡིན་པས་དཔེ་མཚོན་དུ་བཀོད་པ་ལས། འདི་འདྲའི་གནས་ཚུལ་ཤིན་ཏུ་མང་པོ་ཡོང་གི་འདུག བོད་ནང་གི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ཉན་མཁན་མང་པོ་ཞིག་ཧང་སང་ནས་རླུང་འཕྲིན་ཁང་འདིས་འདི་ལྟ་བུའི་གསར་འགྱུར་མ་དག་པ་དང་རྫུན་མ་ཤོར་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། རྔ་པ་རྫོང་དང་ཀན་སུའུ་བར་གྱི་ས་མཚམས་ཤིག་གང་དུ་ཡོད་པ་རེད།

འདིའི་གསར་འགོད་པ་ཚོ་བོད་ཀྱི་ས་ཁམས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏན་ནས་མེད་པ་འདི་འདྲ་གང་འདྲ་རེད་ཅེས་སྐད་འཕྲིན་དང་ཁ་པར་གྱི་བརྒྱུད་ལམ་ནས་འདྲི་མཁན་ཤིན་ཏུ་མང་པོ་ཡོང་གི་འདུག་ཀྱང་། གསར་འགོད་པ་འདི་ཚོས་གནས་ཚུལ་གྱི་རྒྱབ་ལྗོངས་ལ་ཞིབ་འཇུག་དང་རྩད་གཅོད་མི་བྱེད་པར་གང་མགྱོགས་ཀྱིས་ཕྱི་ལ་སྒྲོག་བྱེད་བཞིན་པ་འདི་དངུལ་གྱི་ཆེད་དུ་རེད་ཅེས་བོད་ནང་གི་དྲི་བ་འདྲི་མཁན་ཚོར་བཤད་རྒྱུའི་སྤོབས་པ་ང་ལ་བྱུང་མ་སོང་ཡང་། གསར་འགོད་པ་ཁྱེད་ཚོས་རང་གི་སྒོར་རྡོག་འགའ་ཤས་ཀྱི་དོན་དུ་མཚན་སྙན་ཆེ་བའི་རླུང་འཕྲིན་ཁང་འདི་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་མེད་པ་ཞིག་ཏུ་མ་གཏོང་རོགས་ཞེས་ལྷག་བསམ་རྣམ་དག་གིས་རེ་འབོད་བྱེད་ཀྱི་ཡོད།

རྩོམ་རིག

Post navigation

Previous Post: ༄༅། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས་པའི་ སྨོན་ཚིག་བསམ་པ་ལྷུན་གྱིས་འགྲུབ་པ་ཞེས་བྱ་བ་།
Next Post: སིད་སུའི་བོད་མི་ཚོ་རྒྱ་ནག་གི་མི་སེར་ཡིན་པའི་ངོས་འཛིན་བྱས་འདུག

Comments (3) on “མཆོད་མཇལ་བའི་དད་མོས་དང་འགྲོ་འདུག་ལ་བཀག་སྡོམ་བྱས།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-11 at 6:03 pm

    ཆོས་མེད་ཀླ་ཀློའི་ཆོས་ཕྱོགས་བཀག་པ་དང་།
    གསར་འགྱུར་འགོད་པོའི་གང་བསམ་བཀོད་པ་སོགས་།
    ས་ཕྱོགས་ཀུན་ལ་ཁྲིམས་འགལ་དར་ཆེ་ནས་།
    ཁྲིམས་སྲུང་མི་མང་ཉམས་ཆུང་ཡིད་རེ་མུག་།

  2. ཨ་འབར་འཇིགས་དབང་། says:
    2017-02-12 at 12:01 am

    ༅༅། ལུས་ངག་ཡིད་གསུམ་ངང་ནས་སྒུག་བྱས་ཏེ།
    སེམས་རེ་སྡུག་ནས་མི་ལོ་ལྔ་བཅུ་སོང། ཡིད་རེ་མུག་ནས་མི་ལོ་དྲུག་བཅུར་ཉེ།
    ལྔ་བཅུ་དྲུག་བཅུའི་རེ་བ་མ་སྒྲུབ་ན་། ད་ནི་རང་སྲོག་བཅད་ལ་ཉེ་སོང་ངོ།
    ལྷ་ཀླུ་ཡུལ་ལྷ་གཞི་བདག་རྣམ་པ་གང་ན་བཞུགས།
    མི་རབས་མི་རབས་བར་ནས་གསོལ་འདེབས་པའི།
    ལྷ་དང་སྲུང་མ་རྣམ་པ་གང་ན་བཞུགས།
    སྐྱོབས་པའི་ནུས་པ་ཕྲན་ཙམ་མེད་པ་སྐྱོ།

  3. ཕུན་ཚོགས། says:
    2017-02-12 at 12:44 am

    གནས་ཚུལ་ངོ་མ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ། དངོས་གནས་བོད་ཀྱི་གསར་འགོད་པ་ཚོས་གཟབ་གཟབ་བྱ་དགོས་པ་ཞིག་འདུག རང་འཚམས་ཀྱིས་གསར་འགྱུར་གཏོང་བའི་གནས་ཚུལ་མང་པོ་ཡོང་གི་འདུག ས་གནས་ཀྱི་གནས་ཚུལ་རྒྱུས་ལོན་མ་བྱས་པར་ར་མགོ་ལུག་སྦྱར་གྱི་གནས་ཚུལ་སྤེལ་བ་ཡག་པོ་གཏན་ནས་མ་རེད། ཀུན་བཟང་བསྟན་འཛིན་ཟེར་བས་གནས་ཚུལ་མང་པོ་གཏོང་གི་འདུག་ཀྱང་འདི་ལྟར་བྱས་ན་བདེན་པ་ཉུང་ཉུང་ཡིན་ཚོད་འདུག འདི་རིགས་ལ་འགན་འཛིན་རྣམ་པའི་ཐོག་ནས་རྒྱ་གཡན་དུ་མ་སོང་བ་བྱ་དགོས་པ་གལ་ཆེ། རྫུན་གྱི་རྐུབ་རྡོལ་མཁན་མང་པོ་ཡོང་གི་མེད་སྟབས་གསར་འགོད་པ་འདི་རིགས་ཅུང་སྐྱག་ལང་དུ་ཤོར་ཡོད་ཚོད་འདུག ང་ལ་དེ་སྔ་གསར་འགོད་པ་ཞིག་གིས་དག་རྫུན་མང་པོ་བསྲེས་ནས་གསར་འགྱུར་གང་མང་གཏོང་རྒྱུར་དཀའ་ངལ་མི་འདུག་ཀྱང་། ར་མ་འཕྲོད་པ་དང་རང་ཉིད་ལ་གསལ་ཁ་མ་བྱུང་བའི་གནས་ཚུལ་ཞིག་བཏང་བ་ཡིན་ན་ཡག་པོ་མི་འདུག་བསམས་ནས་གཏོང་གི་མེད་ཅེས་བཤད་མྱོང་བ་འདི་ཤིན་ཏུ་བདེན་པ་དང་འགན་ལེན་ཡོད་པའི་སྐད་ཆ་རིན་ཐང་ལྡན་པ་ཞིག་ཏུ་མཐོང་། མདོར་ན། གསར་འགོད་པ་ཚོས་རྫུན་མ་བཤད་རོགས་ཞེས་རེ་འབོད་བྱེད་ཀྱི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme